མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གིས་དྲག་ཆས་དམག་དཔུང་རྒྱ་བསྐྱེད།

བོད་ཀྱི་དུས་བབ།
༢༠༡༥/༡༡/༢༧
Share on FacebookShare on TwitterShare on EmailShare on Whatsapp

 

རྒྱ་ནག་གཞུང་གིས་ཕྱིའི་དཔལ་འབྱོར་འཚོལ་སྒྲུབ་དང་མཚོ་ཁུལ་བདག་འཛིན་ཆེད་སྐམ་མཚོ་མཁའ་གསུམ་གྱི་དམག་དཔུང་རྒྱ་སྐྱེད་གཏོང་འཆར་ཡོད་འདུག

 

Screen Shot 2015-11-27 at 11.20.08 AMདེ་རིང་ནེའུ་ཡོག་དུས་བབ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཁ་སང་རྒྱ་ནག་གཞུང་གིས་དམག་དོན་སྒྲིག་འཛུགས་གསར་བ་ཞིག་གཏན་འབེབས་བྱ་འཆར་ཡོད་སྐོར་ཕྱི་བསྒྲགས་བྱས་ཡོད་པ་དང་། དེ་ནི་ཕྱི་ལོ་ ༢༠༢༠ ལོའི་བར་ད་སྔའི་དམག་དོན་སྒྲིག་འཛུགས་ལ་འཕོ་འགྱུར་བཏང་སྟེ་རྒྱ་ནག་མི་དམངས་བཅིངས་འགྲོལ་དམག་དཔུང་ཟེར་བའི་གནམ་ས་མཚོ་གསུམ་གྱི་དམག་འཐབ་སྟོབས་ཤུགས་རྒྱ་བསྐྱེད་གཏོང་འཆར་ཡོད་པ་ཞིག་ཡིན་འདུག

 

ཁ་སང་ཕྱི་ཚེས་ ༢༦ ཉིན་རྒྱ་ནག་དམག་ཁུལ་གྱི་ཆེས་མཐོའི་དམག་དཔོན་ ༢༠༠ བསྡུ་བསྐོང་གིས་ཚོགས་འདུ་ཞིག་ཚོགས་ཏེ། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གྱིས་ད་སྔའི་དམག་དོན་སྒྲིག་འཛུགས་ལ་འཕོ་འགྱུར་བཏང་སྟེ་རྒྱ་ནག་མི་དམངས་བཅིངས་འགྲོལ་དམག་དཔུང་གིས་ཕྱིའི་དགྲ་བོའི་སྟོབས་ཤུགས་ལ་གདོང་གཏད་དགོས་པའི་འོས་འགན་ཕྲག་ཏུ་བབ་ཡོད་སྐོར་དང་། རྒྱལ་སྲུང་དང་དམག་ཤུགས་རྒྱ་བསྐྱེད་དགོས་པ་དེ་ལོ་རྒྱུས་དང་དུས་རབས་གསར་བའི་དགོས་མཁོ་ཞིག་ཡིན་སྟབས། རྒྱ་ནག་མི་དམངས་བཅིངས་འགྲོལ་དམག་དཔུང་གིས་སྔར་ལས་ལྷག་པར་བློ་སྤོབས་ཆེར་བསྐྱེད་དང་སྟོབས་ཤུགས་གཅིག་སྒྲིལ་སྒོས་རྒྱ་ནག་གི་དམིགས་འབེན་མངོན་འགྱུར་དང་། མ་འོངས་འགྲན་རྩོད་རང་བཞིན་གྱི་དེང་རབས་དམག་ཤུགས་རྒྱ་བསྐྱེད་པར་དམིགས་འབེན་གཏོད་དགོས་སྐོར་སོགས་བརྗོད་འདུག

 

གནས་ཚུལ་ལྟར་ན། ཉིན་གསུམ་རིང་གི་དམག་དོན་ཚོགས་འདུ་དེའི་དམིགས་འབེན་གཙོ་བོ་རྒྱ་ནག་མི་དམངས་བཅིངས་འགྲོལ་དམག་དཔུང་གི་སྒྲིག་འཛུགས་ལ་འཕོ་འགྱུར་བཏང་སྟེ། རྒྱ་ནག་གཞུང་གིས་ཕྱིའི་དཔལ་འབྱོར་འཚོལ་སྒྲུབ་དང་རྒྱ་ནག་གི་ལྷོ་རྒྱུད་རྒྱ་མཚོའི་མངའ་ཁུལ། དེ་བཞིན། ཉི་ཧོང་གི་འདབས་འབྲེལ་མཚོ་ཁུལ་བཅས་བདག་འཛིན་བྱེད་ཐབས་སྐོར་ལ་གྲོས་མོལ་བྱས་པ་ཞིག་ཡིན་ཞིང་། འདི་ལོའི་ཕྱི་ཟླ་ ༩ ཚེས་ ༣ ཉིན་གྱི་རྒྱ་ནག་གི་དམག་དཔུང་རྔམ་སྟོན་དུས་ཆེན་ཐོག ཞི་ཅིན་ཕིན་གྱིས་གནམ་ས་མཚོ་གསུམ་གྱི་དམག་དཔུང་གིས་གྲུབ་པའི་རྒྱ་ནག་མི་དམངས་བཅིངས་འགྲོལ་དམག་མི་འབུམ་ ༣ ཇེ་ཉུང་དུ་གཏོང་རྒྱུ་ཡིན་ལུགས་བརྗོད་ཀྱང་། ཉེ་བའི་ཆར་རྒྱ་ནག་མི་དམངས་བཅིངས་འགྲོལ་དམག་ཁོངས་སུ་དམག་མི་ས་ཡ་ ༡ ལྷག་ཡོད་འདུག

 

ཨ་རིའི་ཝལ་སི་ཊི་རེ་ཊི་རྗོར་ནོལ་ (WSJ) གསར་ཁང་གིས་སྤེལ་བའི་གནས་ཚུལ་ནང་། རྒྱ་ནག་གཞུང་གིས་འཛམ་གླིང་ཤར་ནུབ་ཀྱི་རྒྱལ་ཁབ་ཁག་ནང་དཔལ་འབྱོར་འཚོལ་སྒྲུབ་དང་རྒྱལ་སྲུང་བདེ་འཇགས་ལ་དམིགས་ཏེ་ཤར་ཨ་ཧྥེ་རི་ཁའི་མཚོ་འགྲམ་རྒྱལ་ཁབ་ཌ་ཇེ་བྷུ་ཊེ་ (Djibouti) ནང་རྒྱ་ནག་གི་དྲག་ཆས་དམག་དཔུང་རྩ་འཛུགས་དང་རྒྱ་བསྐྱེད་གཏོང་གི་ཡོད་པ་མ་ཟད། ཁ་སང་རྒྱལ་ཁབ་དེའི་ནང་རྒྱ་ནག་གི་དམག་དཔུང་རྩ་འཛུགས་དང་རྒྱ་བསྐྱེད་ཆོག་པའི་གྲོས་ཆོད་ཅིག་ཀྱང་བཞག་ཡོད་སྟབས། རྒྱལ་སྤྱིའི་སྲིད་དོན་དབྱེ་ཞིབ་པ་ཚོས་འདས་པའི་ལོ་ངོ་འདི་དག་རིང་པེ་ཅིན་གཞུང་གིས་ནུབ་རྒྱ་མཚོ་ཆེན་མོ་དང་ཞིའི་རྒྱ་མཚོ་ཆེན་མོ། དེ་བཞིན། རྒྱ་གར་རྒྱ་མཚོ་སོགས་ཀྱི་མཚོ་ཁུལ་ཁག་བདག་གེར་འཛིན་ཆེད། ཕྱིའི་རྒྱལ་ཁབ་ཁག་གི་སྲུང་དམག་མེད་སའི་ཤར་ནུབ་ཀྱི་མཚོ་གླིང་རྒྱལ་ཁབ་ཁག་ནང་དྲག་ཆས་དམག་དཔུང་འབོར་ཆེན་རྩ་འཛུགས་བྱེད་བཞིན་པར་བློ་འཚབ་ཡོད་སྐོར་བརྗོད་འདུག

 

གསར་འགོད་པ། པདྨ་རྒྱལ།

 

འབྲེལ་ཡོད་གསར་འགྱུར།

བསམ་ཚུལ།

སྤེན་པ་ཚེ་རིང་ལ་འོས་ཐོབ་བརྒྱ་ཆ་ ༦༠ ཡན་ལོན་ཡོད་དམ་མེད།

ཆུ་ཚོད་ ༡༥ སྔོན་ལ།
Front Slider

ཇོ་ནང་གཞིས་བྱེས་གཉིས་ཀྱི་ངོས་ནས་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་དང་ཇོ་ནང་ཏཱ་ར་ནཱ་ཐ་གཟེངས་རྟཊ་ཕུལ།

ཆུ་ཚོད་ ༡༦ སྔོན་ལ།
ཇོ་ནང་གཞིས་བྱེས་གཉིས་ཀྱི་ངོས་ནས་༸གོང་ས་མཆོག་ལ་བཀའ་དྲིན་རྗེས་དྲན་དུ་ཇོ་ནང་ཏཱ་ར་ནཱ་ཐ་གཟེངས་རྟགས་འབུལ་ལམ་ཞུས། ༢༠༢༦།༥།༡ དགའ་ལྡན་ཕོ་བྲང་གི་སྐུ་པར།
༸གོང་ས་མཆོག གསར་འགྱུར།

ཇོ་ནང་གཞིས་བྱེས་གཉིས་ཀྱིས་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས།

ཆུ་ཚོད་ ༡༧ སྔོན་ལ།
༧གོང་ས་སྐྱབས་མགོན་ཆེན་པོ་མཆོག
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་ནས་གནས་བརྟན་སྡེ་བའི་ལུགས་ཀྱི་ས་ག་ཟླ་བར་འཚམས་འཕྲིན་མཛད།

ཆུ་ཚོད་ ༡༧ སྔོན་ལ།
Myanmar state TV
State TV broadcast a picture of the Nobel laureate in confinement
Mobile App

ལྕམ་ཨང་སན་སུའུ་སྐྱིད་ལགས་བཟང་བཙོན་དུ་བཞག་ཡོད་ལུགས་བསྒྲགས།  

ཆུ་ཚོད་ ༡༨ སྔོན་ལ།
Front Slider

གློ་སྒྲིག་གི་ལོ་རྒྱུས་ཀྱི་བྱུང་བ་བརྗོད་པ།

༢༠༢༦/༠༤/༣༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese