མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གྲོས་ཆོད་གསར་པ་ཞིག་འཇོག་མ་ཐུབ་ན་ཉེན་ཁ་ཆེ་རུ་འགྲོ་རྒྱུ་རེད།

བོད་ཀྱི་དུས་བབ།
༢༠༡༥/༡༡/༣༠
Share on FacebookShare on TwitterShare on EmailShare on Whatsapp

མཉམ་འབྲེལ་རྒྱལ་ཚོགས་ཀྱིས་འདས་པའི་ལོ་ངོ་ ༢༠ ནང་གནམ་གཤིས་འགྱུར་ལྡོག་གི་གནོད་སྐྱོན་ཁྲོད་མི་གྲངས་ཁྲི་ ༦༠ ལྷག་གི་ཚེ་སྲོག་ཤོར་ཡོད་སྐོར་བརྗོད་འདུག

 

climate-impacts-yun-nanམི་འགྱངས་བར་ཧྥ་རན་སིའི་རྒྱལ་ས་ཕ་རི་སིར་རྒྱལ་ཁབ་ ༡༢༠ ལྷག་གི་དབུ་ཁྲིད་རྣམས་ལྷན་དུ་འཛོམས་ཏེ། གནམ་གཤིས་འགྱུར་ལྡོག་གི་ཉེན་ཁའི་སྐོར་ལ་གྲོས་སྡུར་གནང་འཆར་ཡོད་པའི་སྐབས་དང་བསྟུན། དེ་རིང་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རང་བྱུང་ཉེན་འགོག་ལས་ཁུངས་ (United Nations Office for Disaster Risk Reduction )ཀྱིས། གནམ་གཤིས་འགྱུར་ལྡོག་གི་གནོད་སྐྱོན་སྐོར་གྱི་ཞིབ་འཇུག་སྙན་ཐོ་ཞིག་ཡོངས་བསྒྲགས་བྱས་འདུག

 

སྙན་ཐོ་དེའི་ནང་འདས་པའི་ལོ་ངོ་ ༢༠ ནང་གནམ་གཤིས་འགྱུར་ལྡོག་གི་གནོད་སྐྱོན་ཁྲོད་མི་གྲངས་ཁྲི་ ༦༠ ལྷག་གི་ཚེ་སྲོག་ཤོར་བ་དང་། མི་དུང་ཕྱུར་ ༤༡ ཙམ་ལ་རྨས་སྐྱོན་ཕོག་ཡོད་པ་དང་། ཉུང་མཐར་ཨ་སྒོར་ཐེར་འབུམ་ ༡༩ ལྷག་གི་དཔལ་འབྱོར་གྱོང་གུན་ཐེབས་ཡོད་ལ། མ་འོངས་པར་རང་བྱུང་གནོད་སྐྱོན་འདི་རིགས་ཇེ་མང་དུ་འགྲོ་རྒྱུ་ཡིན་པ་མ་ཟད། ཤུགས་རྐྱེན་སྔར་ལས་ཆེ་རུ་འགྲོ་རྒྱུ་ཡིན་སྟབས། ཚོགས་འཆར་ཡོད་པའི་རྒྱལ་ཁབ་ཁག་གི་དབུ་ཁྲིད་ལྷན་ཚོགས་ཐོག གནམ་གཤིས་འགྱུར་ལྡོག་དང་འབྲེལ་བའི་གྲོས་ཆོད་གསར་པ་ཞིག་འཇོག་དགོས་རྒྱུ་ཧ་ཅང་གལ་གནད་ཆེན་པོ་ཆགས་ཡོད་ལུགས་བརྗོད་འདུག

 

ཡང་སྙན་ཐོའི་ནང་། འདས་པའི་ལོ་ངོ་ ༢༠ ནང་གནམ་གཤིས་དང་འབྲེལ་བའི་གནོད་འཚེ་ཕལ་ཆེ་བ་ནི་ཆུ་ལོག་ལས་བྱུང་ཡོད་པ་དང་། ཆུ་ལོག་མང་ཆེ་བ་ཨེ་ཤ་ཡ་ཁུལ་དུ་བྱུང་སྟེ་ཁྱོན་མི་གྲངས་འབུམ་ ༢ ལྷག་(༢.༤༢༠༠༠) རྐྱེན་འདས་སུ་ཕྱིན་ཡོད་པ་དང་། ཕྱི་ལོ་ ༢༠༠༨ ལོའི་འབར་མའི་མཚོ་རླུང་གནོད་སྐྱོན་ཁོ་ནའི་ཁྲོད་མི་གྲངས་འབུམ་གཅིག་ལྷག་(༡.༣༨༠༠༠) གི་ཚེ་སྲོག་ཤོར་ཡོད་པ་དང་། དེ་བཞིན་ཨ་ཧྥེ་རི་ཁའི་ནང་ཐན་སྐྱོན་ཚབས་ཆེན་བྱུང་སྟེ་མི་གྲངས་དུང་ཕྱུར་ ༡༠ ཙམ་ལ་གནོད་པ་ཐེབས་ཏེ་བཀྲེས་སྐོམ་དང་ནད་རིགས་ཀྱིས་མནར་བ་མ་ཟད། སྤྱི་ཡོངས་ཀྱི་ཞིང་ལས་ཡོང་འབབ་ཆད་དེ་དུས་ཡུན་རིང་པོར་རྗེས་ལུས་ཀྱི་ཁྲོད་དུ་ལྷག་ཉེན་ཡོད་ལུགས་དང་། གཞན་ཡང་། འདས་པའི་ལོ་ངོ་ ༢༠ ནང་མེ་རི་འབར་གས་སོགས་ཚ་དྲོད་ཀྱི་གནོད་སྐྱོན་འོག་མི་གྲངས་འབུམ་གཅིག་ལྷག་(༡.༤༨༠༠༠)འདས་གྲོངས་སུ་གྱུར་ཡོད་པ་དང་། ཚ་དྲོད་ཀྱི་གནོད་འཚེ་མང་ཆེ་བ་ཡུ་རོབ་ཁུལ་དུ་བྱུང་ཡོད་སྐོར་བརྗོད་ཡོད་པ་མ་ཟད། ལོ་ ༢༠ ནང་ཆ་སྙོམ་བྱས་ན་ཨ་རིའི་ནང་ལོ་རེར་གནམ་གཤིས་དང་འབྲེལ་བའི་གནོད་སྐྱོན་ཐེངས་ ༣༣༥ བྱུང་ཡོད་པ་དང་། རྒྱ་ནག་དང་རྒྱ་གར་ནི་གནམ་གཤིས་ཀྱི་ཤུགས་རྐྱེན་ཆེས་ཆེ་བའི་རྒྱལ་ཁབ་གཉིས་ཆགས་ཡོད་འདུག

 

30CHINACLIMATE1-articleLargeཉེ་སྔོན་རྒྱ་ནག་གི་ཆེད་མཁས་པ་ ༥༥༠ ཡིས་གནམ་གཤིས་འགྱུར་ལྡོག་སྐོར་ལ་ཞིབ་འཇུག་སྙན་ཐོ་ཞིག་ཡོངས་བསྒྲགས་བྱས་ཡོད་པ་དང་། ཆེད་མཁས་ཞིབ་འཇུག་པ་ཀྲང་ཧེ་པིན་གྱིས་གནམ་གཤིས་འགྱུར་ལྡོག་གི་ཞིབ་འཇུག་སྙན་ཐོ་ཐོག་མ་དེ་ལོ་ ༩ ཡི་སྔོན་དུ་བཏོན་ཡོད་པ་དང་། སྙན་ཐོ་དང་པོ་དང་གཉིས་པ། གསུམ་པ་བཅས་རིམ་པར་བཏོན་པ་བརྒྱུད། གནམ་གཤིས་འགྱུར་ལྡོག་གིས་རྒྱ་ནག་ལ་གནོད་སྐྱོན་ཐེབས་བཞིན་ཡོད་པ་ཇེ་གསལ་ནས་ཇེ་གསལ་དུ་ཕྱིན་ཏེ། གནོད་སྐྱོན་རང་བཞིན་ལ་ངེས་ཤེས་གཏིང་ཟབ་བྱུང་ཡོད་ལུགས་དང་། འཛམ་གླིང་གི་གནམ་གཤིས་འགྱུར་ལྡོག་གིས་རྒྱ་ནག་གི་ཐོན་སྐྱེན་ཐད་ཁོར་ཡུག་གི་གནོད་སྐྱོན་དང་རྒྱལ་སྤྱིའི་བསམ་འཆར་བཅས་ཕྱོགས་གཉིས་ནས་གནོན་ཤུགས་ཐེབས་ཀྱི་ཡོད་སྐོར་བརྗོད་འདུག

 

ཡང་སྙན་ཐོ་དེའི་ནང་། རྒྱ་ནག་ནི་དཔལ་འབྱོར་འཕེལ་རྒྱས་ཤུགས་ཆེན་འགྲོ་བཞིན་པའི་རྒྱལ་ཁབ་ཅིག་ཡིན་པ་མ་ཟད། འབག་བཙོག་གི་འབྱུང་ཁུངས་ཆེ་ཤོས་ཤིག་ཀྱང་ཆགས་ཡོད་སྟབས། ཨ་རི་དང་ཡུ་རོབ་སོགས་འཛམ་གླིང་རྒྱལ་ཁབ་ཁག་གིས་རྒྱ་ནག་ཕྱོགས་ནས་མེ་ཤུགས་དང་གློག་ཤུགས་ལ་བརྟེན་པའི་ཐོན་སྐྱེན་ཚད་གཞི་དམའ་རུ་གཏོང་རྒྱུར་ཁ་ཡོད་ལག་ཡོད་ཀྱི་ཁས་ལེན་བྱེད་པར་རེ་བ་རྒྱག་བཞིན་ཡོད་པ་ལྟར། པེ་ཅིན་གཞུང་གིས་ངེས་པར་དུ་ཕན་ནུས་ལྡན་པའི་ཐག་གཅོད་ཅིག་བྱ་དགོས་པའི་འབོད་སྐུལ་གནང་འདུག

གསར་འགོད་པ། པདྨ་མཚོ།

 

འབྲེལ་ཡོད་གསར་འགྱུར།

Mobile App

གྲྭ་མཛེས་དགའ་རྒྱ་མཚོ་ལགས་ཀློད་འདུག་ཀྱང་ལྟ་རྟོག་ནན་པོ་བྱེད་ཀྱི་འདུག

སྐར་མ ༡༠ སྔོན་ལ།
སྐབས་བཅུ་བདུན་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པའི་ལས་ཉིན་དྲུག་པ། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བོད་ཀྱི་རྒྱལ་དར་དང་རྒྱལ་རྟགས་རྒྱལ་གླུ་བཅས་ཀྱི་ཚན་མཐུན་གཅིག་འགྱུར་གྱི་སྙན་ཐོར་བགྲོ་གླེང་གནང་སོང་།

༢༠༢༦/༠༣/༢༡
Tibet, China - Sep 7, 2012. Chinese soldiers walking at the Jokhang temple in Lhasa, Tibet. The Jokhang Temple has two Buddha statues sacred to Tibetan Buddhists. — Photo by phuongphoto
Mobile App

པེ་ཅིན་གཞུང་གིས་བོད་མི་དང་གྲངས་ཉུང་མི་རིགས་གཞན་དག་རྒྱ་སྒྱུར་བྱ་བ་ཁྲིམས་མཐུན་བཟོ་བཞིན་འདུག

༢༠༢༦/༠༣/༢༡
Loomer meets Dalai Lama, lauds him for standing firm against threats to freedom
༸གོང་ས་མཆོག གསར་འགྱུར།

ཨ་རིའི་ཆབ་སྲིད་ལས་འགུལ་བ་ལུ་མར་ལགས་ཀྱིས་༸གོང་ས་མཆོག་ལ་མཇལ་བཅར་ཞུས།

༢༠༢༦/༠༣/༢༡
Penny Wong, Richard Marles, Judith Collins KC, Winston Peters
Mobile App

བོད་ནང་གི་ཆོས་དང་རིག་གཞུང་སོགས་ཉམས་རྒུད་དུ་འགྲོ་བཞིན་པར་བློ་འཚབ་བསྟན།

༢༠༢༦/༠༣/༢༠
TTTTT
Mobile App

དྷི་ཚ་དགོན་པའི་གྲྭ་བ་བསམ་གཏན་ལགས་ཉེས་རྡུང་བཏང་ནས་བཀྲོངས་འདུག

༢༠༢༦/༠༣/༡༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese