མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཆོས་ལུགས་གུང་ཁྲན་ཏང་གི་གོང་དུ་འཇོག་མཁན་ཚོ་ཚར་གཅོད་བྱེད་ཐབས།

བོད་ཀྱི་དུས་བབ།
༢༠༡༥/༡༢/༠༧
Share on FacebookShare on TwitterShare on EmailShare on Whatsapp

དེང་སྐབས་རྒྱ་ནག་གཞུང་གིས་འཇིགས་སྐུལ་རིང་ལུགས་དང་ཁ་བྲལ་རིང་ལུགས། ཉེན་ཚབས་ཆེ་བའི་ཆོས་ལུགས་བྱེད་སྒོ་སོགས་ལ་ཁ་གཡར་ཏེ་བོད་རིགས་དང་སོག་རིགས་ས་ཁུལ་གྱི་དཔོན་རིགས་ཚོ་ཚར་གཅོད་བྱེད་བཞིན་ཡོད་འདུག

Ughurརྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པར། རྒྱ་གཞུང་གིས་ནུབ་རྒྱུད་ཀྱི་སོག་རིགས་དང་བོད་རིགས་ས་ཁུལ་ཁག་གི་ས་གནས་དཔོན་རིགས་ཚོ་རྒྱ་ནག་དམར་ཤོག་ཚོགས་པར་ཡིད་རྟོན་མེད་པ་དང་། ཁོ་ཚོ་གསང་བའི་སྒོ་ནས་ཆོས་ལུགས་བྱེད་སྒོར་ཞུགས་བཞིན་ཡོད་པ། ཏཱ་ལའི་བླ་མར་གདུང་སེམས་མཉམ་སྐྱེ་བྱེད་ཀྱི་ཡོད་པ་མ་ཟད། ཐ་ན་རྒྱལ་ནང་གི་ཁ་ཆེ་འཇིགས་སྐུལ་བར་རམ་འདེགས་ཀྱང་བྱེད་ཀྱི་ཡོད་སོགས་ཀྱི་ཉེས་མིང་འོག དཔོན་ངན་རིང་ལུགས་ཚར་གཅོད་དང་གཙང་བཤེར་བྱེད་པའི་ལས་འགུལ་ཞིག་ལག་བསྟར་བྱེད་ཀྱིན་ཡོད་ཅིང་། སྲིད་དོན་དབྱེ་ཞིབ་པ་ཚོས་དེ་ནི། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གྱིས་གཏན་འབེབས་བྱས་པའི་རྒྱ་ནག་དམར་ཤོག་ཚོགས་པའི་ནང་གི་ཁ་ཆེ་ཆོས་ལུགས་པ་དང་ནང་བསྟན་ཆོས་ལུགས་པ་ཚོས་རྒྱ་ནག་དམར་ཤོག་ཚོགས་པའི་སྲིད་ཇུས་ཀྱི་ཁ་ཕྱོགས་ལ་རྒྱབ་འགལ་བྱེད་མཁན་དག་གཙང་བཤེར་དང་ཚར་གཅོད་བྱེད་པའི་ལས་འགུལ་ཞིག་ཡིན་སྐོར་བརྗོད་འདུག

ནག་མེད་ཉེས་འཛུགས་ཐེབས་པའི་ས་གནས་དཔོན་རིགས་ཁ་ཅིག་གིས། ལས་འགུལ་འདི་ནི་རྒྱ་ནག་གིས “གནོད་འཚེ་ཅན་གསུམ” དུ་འབོད་པའི “འཇིགས་སྐུལ་རིང་ལུགས”དང་། “ཁ་བྲལ་རིང་ལུགས” ། “ཉེན་ཚབས་ཆེ་བའི་ཆོས་ལུགས་བྱེད་སྒོ” གསུམ་ཙམ་མ་ཟད། རྒྱ་ནག་དམར་ཤོག་ཚོགས་པ་ནང་ཁུལ་ལ་བསླངས་པའི་ཕུང་དཀྲུག་ཅིག་ཀྱང་ཡིན་ཚུལ་གླེང་འདུག

ཤར་ཨེ་ཤ་ཡའི་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པའི་འགན་འཛིན་ནེ་ཆོ་ལ་སི་བྷི་ཁུ་ལེན་ (Nicholas Bequelin) ལགས་ཀྱིས། ས་གནས་དཔོན་རིགས་ཚོས་བརྗོད་དོན་ལྟར་ན། འདི་ནི་ས་གནས་དཔོན་རིགས་ཚོ་རྒྱ་ནག་ནང་འབྱུང་བཞིན་པའི་རྩོད་རྙོག་ལ་འབྲེལ་བ་ཡོད་པ་ཞིག་མིན་པར། རྒྱ་ནག་དབུས་གཞུང་གི་དབང་འཛིན་པ་ཚོས་བོད་རིགས་དང་སོག་རིགས་ས་ཁུལ་དུ་དཔོན་ངན་ཁག་ཅིག་ཆེད་གཏོང་གིས་ཉེས་མེད་མི་མང་ལ་སྐྱོན་འཛུགས་བྱས་ཏེ་ནང་ཁུལ་དཀྲུག་ཤིང་བཟོ་བཞིན་ཡོད་པ་དང་། དམར་ཤོག་ཚོགས་པའི་དཔོན་རིགས་ཚང་མ་ཞི་ཅིན་ཕིན་གྱིས་བོད་རིགས་དང་སོག་རིགས་ས་ཁུལ་དུ་འཛིན་པའི་སྲིད་ཇུས་ཀྱི་ཁ་ཕྱོགས་སུ་བསྐྱོད་དགོས་ཀྱི་ཡོད་པ་ཞིག་ཡིན་སྐོར་བརྗོད་འདུག

ཨ་རིའི་ཡལ་གཙུག་ལག་སློབ་ཆེན་ (Yale University) གྱི་རྒྱལ་སྤྱིའི་བདེ་འཇགས་ཞིབ་འཇུག་ཚན་པའི་ཉམས་ཞིབ་པ་ལྕམ་རྗོ་ལེ་ཡ་ཧྥ་མུ་ལ་རའོ་ (Julia Famularo)ལགས་ཀྱིས། རྒྱ་ནག་དམར་ཤོག་ཚོགས་པས་བོད་རིགས་དང་སོག་རིགས་ས་ཁུལ་དུ་ཆོས་ལུགས་དད་མོས་ཀྱི་གནད་དོན་ནི། རྒྱ་ནག་ནང་འབྱུང་བཞིན་པའི་རྩོད་རྙོག་གི་རྒྱུ་རྐྱེན་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་པ་དང་། རྩོད་རྙོག་གི་དཔང་རྟགས་འདི་ལ་བརྟེན་ཏེ་གྲངས་ཉུང་མི་རིགས་ས་ཁུལ་གྱི་ས་གནས་དཔོན་རིགས་ཚོ་རྒྱ་ནག་དམར་ཤོག་ཚོགས་པའི་དབང་འོག་ཏུ་བསྡུ་ཐབས་བྱེད་བཞིན་ཡོད་ཀྱང་། དམར་ཤོག་ཚོགས་པས་ས་གནས་དཔོན་རིགས་འདི་དག་གོ་སྐོན་བློ་འགུག་ཐུབ་མིན་ལ་ཞེད་སྣང་སྐྱེ་བཞིན་ཡོད་པ་མ་ཟད། པེ་ཅིན་གཞུང་གིས་དམར་ཤོག་ཚོགས་པའི་དཔོན་རིགས་མི་ཉུང་བ་ཞིག་ཁ་ཆེ་ལྷ་ཁང་དང་ནང་པའི་དགོན་སྡེ་ཁག་ནང་མཇལ་ཕྱག་ཏུ་འགྲོ་ཡི་ཡོད་པ་དང་། ཁོ་ཚོ་རྒྱ་ནག་དམར་ཤོག་ཚོགས་པ་ལས་རང་གི་གྲངས་ཉུང་མི་རིགས་ས་ཁུལ་གྱི་མི་མང་ལ་འབྲེལ་འདྲིས་དམ་ཟབ་ཡོད་པ་གསལ་བོར་རྟོགས་ཡོད་པ་རེད། ཅེས་བརྗོད་འདུག

ཟླ་འདིའི་ཕྱི་ཚེས་ ༥ ཉིན་མིང་ལ་ཀྲོ་ཀྲོ་ (Zhao Zhao) ཟེར་བའི་རྒྱ་རིགས་ཤིག་གིས་རྒྱ་ནག་མར་ཤོག་ཚོགས་པའི་དྲ་ཚིགས་ (China Tibet Online)ཞེས་པའི་སྟེང་སྤེལ་བའི་དཔྱད་རྩོམ་ཞིག་གི་ནང་། རྒྱ་ནག་གཞུང་གིས་སོག་རིགས་ས་ཁུལ་ཁག་ཏུ་ཆབ་སྲིད་སྒྲིག་འཛུགས་ལ་གཏོར་བརླག་བྱས་པའི་ཉེས་མིང་འོག ན་ནིང་གཅིག་པུར་ས་གནས་དཔོན་རིགས་ ༣༥༥ ལ་ཉེས་ཆད་བཅད་ཡོད་པ་དང་། དེའི་གྲས་ཀྱི་ས་གནས་དཔོན་རིགས་ཤིག “ཁ་ཆེ་ཡུ་གུར”ཞེས་པའི་སྐད་འཕྲིན་ཚོགས་པ་ཞིག་གི་ནང་ཞུགས་པར། ཁོས་གྲངས་ཉུང་མི་རིགས་ཟླ་སྒྲིལ་བཏང་བའི་ཉེས་འཛུགས་བྱས་པ་དང་། ཡུ་གུར་བའི་སློབ་དཔོན་ཆེན་མོ་ཨལ་ཧམ་ཐོ་ཊེ་(Ilham Tohti) ཡིས་ཕྱི་ཕྱོགས་ཀྱི་ཁ་བྲལ་རིང་ལུགས་པར་ངན་འབྲེལ་བྱས་པའི་ཉེས་མིང་འོག་ཚེ་བཙོན་གྱི་ཁྲིམས་ཐག་བཅད་པ་མ་ཟད། སོག་རིགས་ས་ཁུལ་གྱི་དཔོན་རིགས་ཁ་ཅིག་སྤྱི་ཚོགས་སྟེང་ཟིང་ཆ་བསླངས་པ་དང་གྲངས་ཉུང་མི་རིགས་དབྱེ་འབྱེད་བྱས་པ། མར་ཁེ་སི་ལེ་ཉིན་རིང་ལུགས་ལ་ཡིད་ཆེས་མེད་པ། དེ་བཞིན། དཔོན་རིགས་འགའ་ཤས་ཆོས་ལུགས་བྱེད་སྒོར་ཞུགས་པ་སོགས་ཀྱི་ཉེས་མིང་སྣ་ཚོགས་འོག་འཛིན་བཟུང་བཙོན་འཇུག་བྱས་པ་ཡིན་སྐོར་བཀོད་འདུག

གནས་ཚུལ་ལྟར་ན། རྒྱ་ནག་དམར་ཤོག་ཚོགས་པའི་སྲིད་དོན་སྒྲིག་འཛུགས་ལ་གཏོར་བརླག་དང་བོད་རང་བཙན་འཐབ་རྩོད་ལ་རྒྱབ་སྐྱོར་བྱས་པའི་ཉེས་མིང་འོག ན་ནིང་བོད་ཁུལ་གྱི་ས་གནས་དཔོན་རིགས་ ༡༥ དང་། ད་ལོར་ས་གནས་དཔོན་རིགས་ ༢༠ འཛིན་བཟུང་བྱས་ཡོད་པ་དང་། ཟླ་སྔོན་མར་བོད་རང་ལྗོངས་དམར་ཤོག་ཚོགས་པའི་མགོ་ཁྲིད་ཁྲིན་ཆོན་ཀོ་ (Chen Quango) ཡིས་ས་གནས་དཔོན་རིགས་སུ་ཞིག་གིས་གྲངས་ཉུང་མི་རིགས་ས་ཁུལ་གྱི་རྩོད་རྙོག་ཐད་ལྟ་ཚུལ་མི་མཐུན་པ་འཛིན་པའམ། གསང་བའི་སྒོ་ནས་ཆོས་ལུགས་ལ་དད་པ་བྱེད་པ། ཡང་ན་ཏཱ་ལའི་བླ་མའི་བཀའ་ཆོས་ལ་ཉན་མཁན་སོགས་རྒྱ་ཡན་དུ་གཏོང་རྒྱུ་མིན་སྐོར་བརྗོད་ཡོད།

གསར་འགོད་པ། པདྨ་རྒྱལ།

འབྲེལ་ཡོད་གསར་འགྱུར།

The Chinese People’s Liberation Army (PLA) Photo:ORF
Mobile App

རྒྱ་ནག་གཞུང་གིས་མི་འགྱངས་བར་བསྐྱར་བཅོས་བྱས་པའི་རྒྱལ་སྲུང་གི་ཁྲིམས་ཡིག་ཅིག་ལག་བསྟར་བྱ་རྒྱུ་ཡིན་འདུག

ཆུ་ཚོད་ ༦ སྔོན་ལ།
Joshua Wong gets arrested by the police after protesting along with other activists at the Golden Bauhinia for the release of Liu Xiaobo at the Hong Kong Convention and Exhibition Centre in Wan Chai. 28JUN17 SCMP / David Wong
Mobile App

ཧོང་ཀོང་གི་དམངས་གཙོའི་ལས་འགུལ་བ་ཇོ་ཧྲ་ཝང་ལ་ཚེ་བཙོན་ཁྲིམས་ཆད་འཕོག་སྲིད་སྐོར་བརྗོད་འདུག

ཆུ་ཚོད་ ༧ སྔོན་ལ།
པར་བློ་བཟང་ལུང་རྟོགས་ལགས་ཀྱིས་མཁོ་འདོན་བྱས།
Mobile App

ཨོ་གླིང་གནས་མཁར་གསར་བོད་རིགས་མཐུན་ཚོགས་ཀྱིས་དམངས་གཙོའི་དུས་དྲན་སྲུང་གཙི་བྱས། 

ཆུ་ཚོད་ ༩ སྔོན་ལ།
དམངས་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ། དུས་བབ་ཀྱི་པར།
Mobile App

དམངས་གཙོའི་དུས་དྲན་ཐེངས་ ༦༦ པ་སྲུང་གཙི་གནང་། 

༢༠༢༦/༠༩/༠༢
Mobile App

བལ་བོད་ས་མཚམས་ཀྱི་ཆུ་ལོག་ལས་བོད་ནང་གི་དངོས་ཡོད་གནས་ཚུལ་ཁ་གསལ་བཟོ་དགོས་པའི་འབོད་སྐུལ་ཞུས་སོང་།

༢༠༢༦/༠༩/༠༡
པར་མིས་བཟོས་རིག་ནུས་ཀྱིས་བསྒྲིགས།
Editorials

ཟ་བཅུག་ནས་ཁ་ལ་བལྟ། འགྲོ་བཅུག་ནས་རྗེས་ལ་བལྟ།

༢༠༢༦/༠༩/༠༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese