མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨ་རི་དང་སིང་གྷ་པུར་བར་དམག་དོན་གྲོས་མཐུན་བཞག

བོད་ཀྱི་དུས་བབ།
༢༠༡༥/༡༢/༠༨
Share on FacebookShare on TwitterShare on EmailShare on Whatsapp

ཨ་རི་དང་སིང་གྷ་པུར་གྱི་མགོ་ཁྲིད་ཐུག་འཕྲད་བྱས་ཏེ་རྒྱ་ནག་གི་རྒྱ་སྐྱེད་རིང་ལུགས་ལ་ཁ་གཏད་གཅོག་རྒྱུའི་དམག་དོན་གྲོས་མཐུན་ཞིག་བཞག་འདུག

ng-eng-henཁ་སང་ཝ་ཤིན་ཌོན་དུ་ཨ་རིའི་བདེ་སྲུང་དྲུང་ཆེ་ཨཱ་ཤཱི་ཀཱར་ཌར་ (Ash Carter)  དང་སིང་གྷ་པུར་གྱི་བདེ་སྲུང་བློན་ཆེན་ཨིན་ཧན་ (Ng Eng Hen) ཐུག་སྟེ། ཨ་རིས་ཟླ་འདིའི་ནང་སིང་གྷ་པུར་དུ་ཨ་རིའི་སོ་མྱུལ་གནམ་གྲུ་ ཧྥི་བརྒྱད་རྟགས་ཅན་(P8 Poseidon spy plan)གྱི་དཔུང་དམག་འགྲེམས་འཇོག་བྱ་རྒྱུའི་གྲོས་མཐུན་བཞག་ཡོད་ཅིང་། དེ་ནི་ཉེ་ལམ་རྒྱ་ནག་གཞུང་གིས་ལྷོ་རྒྱ་ནག་རྒྱ་མཚོའི་བདག་དབང་རྩོད་ལེན་བྱེད་བཞིན་ཡོད་པར་ངན་ཕྱོགས་ཀྱི་བརྡ་ལན་དང་ཁ་གཏད་བཅགས་པ་ཞིག་ཡིན་འདུག

རོའུ་ཌར་གསར་ལམ་སྟེང་མགོ་ཁྲིད་རྣམ་གཉིས་ཀྱིས་ཐུན་མོང་བསྒྲགས་གཏམ་སྤེལ་བའི་ནང་། ཁ་སང་ནས་བཟུང་ཕྱི་ཚེས་ ༡༤ ཉིན་བར་རྒྱལ་ཁབ་གཉིས་པོས་སིང་གྷ་པུར་དུ་ཨ་རིའི་སོ་མྱུལ་དམག་རྒྱག་གནམ་གྲུ་འགྲེམས་འཇོག་བྱ་རྒྱུའི་མཛད་སྒོ་གཉེར་ཏེ། ཐུན་མོང་ཐོག་ཨེ་ཤ་ཡའི་བདེ་འཇགས་ལ་འགན་ཁུར་རྒྱུ་མ་ཟད། མ་འོངས་པར་དམག་རྒྱག་གནམ་གྲུ་རྒྱ་སྐྱེད་བཏང་ནས་མཉམ་ལས་དམག་སྦྱོང་བྱས་ཏེ། ལྷོ་རྒྱ་ནག་རྒྱ་མཚོ་སྲུང་ནས་ད་ལྟའི་ཨེ་ཤ་ཡའི་རྐྱེན་ངན་འགོག་ཐབས་བྱ་རྒྱུ་ཡིན། ཞེས་བརྗོད་འདུག

ཨ་རིས་རྒྱ་ནག་གཞུང་གིས་རྡོ་སྣུམ་གྱིས་ཕྱུག་པའི་ལྷོ་རྒྱ་ནག་རྒྱ་མཚོའི་བདག་དབང་རྩོད་ལེན་བྱས་ཏེ། མཚོ་ཐོག་གི་ལོ་རེའི་རྒྱལ་སྤྱིའི་ཚོང་འབྲེལ་ཨ་སྒོར་ཁྲག་ཁྲིག་ཆེན་མོ་ ༥ ལྷག་འགོག་ཐབས་བྱ་རྒྱུའི་བྱ་འགུལ་བསྟུད་མར་སྤེལ་ནས། ཁྱིམ་མཚེས་རྒྱལ་ཁབ་དང་ཨ་རིའི་མཐུན་གྲོགས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་བསུན་བཙེར་བཟོས་དང་བཟོ་མུས་ཡིན་པར་སྐྱོན་བརྗོད་བྱས་པ་མ་ཟད། ཉེ་ལམ་རྒྱ་ནག་གཞུང་གིས་ཧྥི་ལི་ཕིན་དང་རྩོད་གཞི་ཡོད་པའི་མཚོ་གླིང་སི་པར་ལི་ (Spratly archipelago) རུ་གནམ་ཆུ་གཉིས་ཐོག་ནས་སྐོར་གཡེང་བྱས་ཏེ། མཚོ་ཁུལ་བཙན་འཕྲོག་བྱེད་རྩིས་བྱས་པར་སྐྱོན་འཛུགས་བྱས་ཡོད། དེ་བཞིན། ཟླ་སྔོན་མའི་ནང་ཨོ་བྷ་མས་རྒྱ་ནག་གཞུང་གིས་ཞི་བདེ་རྒྱ་མཚོ་དང་ལྷོ་རྒྱ་ནག་རྒྱ་མཚོའི་ཐོག་མཚོ་གླིང་གསར་རྒྱག་བྱ་རྒྱུ་མཚམས་འཇོག་མ་བྱས་ཚེ། ཨ་རིས་མུ་མཐུད་རྒྱལ་སྤྱིའི་མཚོ་ཐོག་གི་རང་དབང་རྩོད་ལེན་བྱ་རྒྱུ་ཡིན་པའི་ཉེན་བརྡ་བཏང་ཡོད་ཀྱང་། དེར་རྒྱ་ནག་གཞུང་གིས་བཟང་ཕྱོགས་ཀྱི་བརྡ་ལན་གང་ཡང་སྤྲད་མེད་པ་མ་ཟད། ད་དུང་ཁོ་ཚོས་མཚོ་གླིང་ཐོག་མུ་མཐུད་དམག་སྒར་དང་གྲོང་སྡེ་འཛུགས་སྐྲུན་བྱ་རྒྱུ་ཡིན་ཚུལ་བརྗོད་ཡོད་པ་རེད།

དེ་རིང་ཨ་རིའི་སྙན་གྲགས་ཅན་གྱི་བདུན་རེའི་དུས་དེབ་ (Newsweek) དང་དབྱིན་ཡུལ་གྷར་ཌིན་གྱིས། རྒྱ་ནག་གཞུང་གིས་ཨ་རི་དང་ཁྱིམ་མཚེས་རྒྱལ་ཁབ་ཀྱིས་སྐྱོན་བརྗོད་བྱེད་མིན་ལ་མ་ལྟོས་པར། འདས་པའི་ལོ་ཤས་རིང་མཚོ་གླིང་གི་བདག་དབང་རྩོད་ལེན་ཤུགས་ཆེ་བྱས་ནས་རྒྱལ་ཁབ་མང་པོར་ཕོག་ཐུག་བཏང་ཡོད་སྟབས། ཨ་རིས་ད་ལྟ་རྒྱ་ནག་དང་མཚོ་གླིང་གནད་དོན་ཐོག་རྩོད་གཞི་བྱུང་བཞིན་ཡོད་པའི་ལྦེ་ཋེ་ནམ་དང་ཧྥི་ལི་ཕིན། མ་ལེ་ཞི་ཡ་དང་ཐའེ་ཝན། བྷུར་ཎེ་བཅས་དང་དམག་དོན་གྲོས་ཆོད་བཞག་སྟེ། ཉི་ཧོང་དང་ཧྥི་ལི་ཕིན། མ་ལེ་ཞི་ཡ་བཅས་སུ་སོ་ཉུལ་གནམ་གྲུ་ (P8s) རྟགས་ཅན་འགྲེམས་འཇོག་བྱས་ནས་རྒྱ་ནག་གི་རྒྱ་སྐྱེད་རིང་ལུགས་ཀྱི་འཐབ་ཇུས་ལ་ལྐོག་ལྟ་བྱེད་བཞིན་ཡོད་པ་ལྟར། ད་ལྟ་སིང་གྷ་པུར་ནང་(P8 Poseidon spy plan) རྟགས་ཅན་གྱི་དམག་རྒྱག་གནམ་གྲུ་འགྲེམས་འཇོག་གིས་རྒྱ་ནག་གི་བྱ་སྤྱོད་ལ་ཚོད་འཛིན་བྱ་རྒྱུའི་རྨང་གཞི་རྟིང་མགོ་བཙུགས་ཡོད་སྐོར་བཀོད་འདུག

ཆབ་སྲིད་དབྱེ་ཞིབ་པ་ཚོས། ཨ་རིས་འདི་ལོའི་ཕྱི་ཟླ་ ༡༠ ནང་དམག་གྲུ་བཏང་སྟེ། རྒྱ་ནག་གི་མཚོ་ཁུལ་འཁྲིས་སུ་སྐོར་གཡེང་བྱས་ཡོད་པ་མ་ཟད། ཉེ་ལམ་ལྷོ་རྒྱ་ནག་རྒྱ་མཚོའི་མཚོ་གླིང་དུ་དམག་རྒྱག་གནམ་གྲུ་བྷི་ ༥༢ རྟགས་ཅན་ (B-52) བཏང་སྟེ། རྒྱ་ནག་ལ་ཉེན་བརྡ་དང་སྡིགས་ར་སྐུལ་ཡོད་པར་བརྟེན། ད་ལྟ་རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་སྡུག་ཏུ་ཕྱིན་ནས་རྒྱལ་སྤྱིའི་བདེ་འཇགས་ལ་ཉེན་ཁ་འཕྲད་བཞིན་ཡོད་སྟབས། ཕྱོགས་གཉིས་པོས་གྲོས་མོལ་བརྒྱུད་དཀའ་རྙོག་འདི་སེལ་དགོས་པའི་དུས་ལ་སླེབ་ཡོད་པ་རེད། ཅེས་བརྗོད་འདུག

གསར་འགོད་པ། དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

The Chinese People’s Liberation Army (PLA) Photo:ORF
Mobile App

རྒྱ་ནག་གཞུང་གིས་མི་འགྱངས་བར་བསྐྱར་བཅོས་བྱས་པའི་རྒྱལ་སྲུང་གི་ཁྲིམས་ཡིག་ཅིག་ལག་བསྟར་བྱ་རྒྱུ་ཡིན་འདུག

ཆུ་ཚོད་ ༦ སྔོན་ལ།
Joshua Wong gets arrested by the police after protesting along with other activists at the Golden Bauhinia for the release of Liu Xiaobo at the Hong Kong Convention and Exhibition Centre in Wan Chai. 28JUN17 SCMP / David Wong
Mobile App

ཧོང་ཀོང་གི་དམངས་གཙོའི་ལས་འགུལ་བ་ཇོ་ཧྲ་ཝང་ལ་ཚེ་བཙོན་ཁྲིམས་ཆད་འཕོག་སྲིད་སྐོར་བརྗོད་འདུག

ཆུ་ཚོད་ ༧ སྔོན་ལ།
པར་བློ་བཟང་ལུང་རྟོགས་ལགས་ཀྱིས་མཁོ་འདོན་བྱས།
Mobile App

ཨོ་གླིང་གནས་མཁར་གསར་བོད་རིགས་མཐུན་ཚོགས་ཀྱིས་དམངས་གཙོའི་དུས་དྲན་སྲུང་གཙི་བྱས། 

ཆུ་ཚོད་ ༩ སྔོན་ལ།
དམངས་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ། དུས་བབ་ཀྱི་པར།
Mobile App

དམངས་གཙོའི་དུས་དྲན་ཐེངས་ ༦༦ པ་སྲུང་གཙི་གནང་། 

༢༠༢༦/༠༩/༠༢
Mobile App

བལ་བོད་ས་མཚམས་ཀྱི་ཆུ་ལོག་ལས་བོད་ནང་གི་དངོས་ཡོད་གནས་ཚུལ་ཁ་གསལ་བཟོ་དགོས་པའི་འབོད་སྐུལ་ཞུས་སོང་།

༢༠༢༦/༠༩/༠༡
པར་མིས་བཟོས་རིག་ནུས་ཀྱིས་བསྒྲིགས།
Editorials

ཟ་བཅུག་ནས་ཁ་ལ་བལྟ། འགྲོ་བཅུག་ནས་རྗེས་ལ་བལྟ།

༢༠༢༦/༠༩/༠༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese