མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དབྱངས་ཅན་སྒྲོལ་མ་དམག་ཁོངས་ནས་ཕྱིར་བུད་འདུག

བོད་ཀྱི་དུས་བབ།
༢༠༡༥/༡༢/༠༩
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གི་མཁའ་དམག་གཞས་མ་གྲགས་ཆེན་ཧཱན་ཧོན་གཟའ་ཟླ་བའི་ཉིན་རྒྱུ་མཚན་ཁ་གསལ་མེད་པའི་ཐོག་ནས་དམག་ཁོངས་ནས་ཕྱིར་འཐོན་དགོས་བྱུང་ཡོད་འདུག
3རྒྱ་ནག་གི་སྤྱི་ཚོགས་བརྒྱུད་ལམ་ཁག་ཅིག་ནང་གནས་ཚུལ་ཐོན་པར། རྒྱ་ནག་གི་མཁའ་དམག་ཁོངས་སུ་ཡོད་པའི་གཞས་མ་གྲགས་ཆེན་ཧན་ཧོན་ (Han Hong)། བོད་མིང་ལ་དབྱངས་ཅན་སྒྲོལ་མ་ཟེར་བ་ཁོང་ཟླ་འདིའི་ཚེས་ ༧ ཉིན་དམག་ཁོངས་ནས་ཕྱིར་འཐོན་དགོས་བྱུང་ཡོད་པའི་གནས་ཚུལ་འདུག ཐེངས་འདིར་ཁོ་མོ་རང་འགུལ་གྱིས་ཐོན་པ་ཡིན་ནམ། ཡང་ན་སྲིད་གཞུང་གིས་འཐོན་དགོས་པའི་ཐག་གཅོད་བྱས་པ་གང་ཡིན་ཁ་གསལ་མེད་ཀྱང་། ཁོ་མོས་ཐེངས་འདིར་ཁོ་མོ་ཕྱིར་འཐོན་འདོད་མེད་ཀྱང་། རྒྱུ་རྐྱེན་ཞིག་གི་དབང་གིས་འཐོན་དགོས་བྱུང་ཡོད་པའི་རྣམ་འགྱུར་བསྟན་ཡོད།

རེས་གཟའ་ཟླ་བའི་ཉིན་ཧན་ཧོན་མོ་རང་གི་ཝེ་པའོ་དྲ་བའི་སྟེང་། ཁོ་མོའི་དམག་ལྭའི་པར་ཞིག་དང་དེའི་འོག་ཏུ། “ཁྱེད་ལ་ཁ་འབྲེལ་དགོས་ཀྱང་ཚེ་གང་པོར་ཁྱེད་ལ་དགའ” ཞེས་དང་། དེའི་རྗེས་ལ་ “ཚེ་འདིར་ང་ཤི་རུང་གསོན་རུང་མཁའ་དམག་གི་མི་ཡིན” ཞེས་བཀོད་ཡོད་པ་མ་ཟད། མིག་ཆུ་འདོན་བཞིན་པའི་རི་མོ་སོགས་བཀོད་དེ་རང་ཉིད་དམག་ནང་ནས་ཕྱིར་ཐོན་པ་ཁྱབ་བསྒྲགས་བྱས་ཡོད་འདུག

རྒྱ་ནག་གི་ཀྲུང་ཞིན་དྲ་རྒྱ་ (Zhongxin Wang) ཞེས་པའི་གསར་འགོད་པས་ཧན་ཧོན་ལས་རོགས་ཤིག་ལ་གནས་ཚུལ་དྲིས་པར། ཧན་ཧོན་དམག་ཁུལ་ནས་ཕྱིར་ཐོན་པ་བདེན་པ་ཡིན་ཚུལ་བརྗོད་ཡོད་འདུག

དེ་རིང་ཞི་ཐང་རིན་ཞེས་པའི་དྲ་བས་གནས་ཚུལ་སྤེལ་བའི་ནང་། ཧན་ཧོན་གྱི་གོ་གནས་ནི་རྒྱ་ནག་གི་མཁའ་སྐྱོད་དམག་དཔུང་ཆབ་སྲིད་སྡེ་ཚན་གྱི་ཟློས་གར་ཚོགས་པའི་ཚོགས་གཙོ་གཞོན་པ་ཡིན་ཞིང་། ཁོང་མོར་དམག་དཔོན་གཞོན་པའི་ཐོབ་ཐང་ཡོད་སྐོར་བཀོད་ཡོད།

ཧོང་ཀོང་མིན་པའོ་བརྒྱུད་ལམ་གྱིས། ཧན་ཧོན་ལོ་ ༡༥ ནས་རྒྱ་ནག་གི་དམག་མིའི་ནང་འཛུལ་བཞུགས་བྱས་ཏེ་ད་བར་ལོ་ ༢༩ རིང་དམག་ནང་དུ་བསྡད་ཡོད་ཅིང་། སྲིད་གཞུང་གིས་གློ་བུར་དུ་ཁོ་མོ་དམག་ཁུལ་ནས་ཕྱིར་འཕུད་བྱས་པ་དེ་ནི། དམག་མི་ཉུང་འཕྲི་གཏོང་པའི་སྲིད་བྱུས་ལ་འབྲེལ་བ་ཡོད་ཚུལ་བཀོད་འདུག

རྒྱ་ནག་དུས་དོན་དཔྱད་ཞིབ་པ་ཀྲའོ་ཨེར་ཅོན་ (Zhao Er Jun) གྱིས། “ཧན་ཧོན་དམག་ཁོངས་ནས་ཕྱིར་ཐོན་པའི་གནས་ཚུལ་བསྒྲགས་པ་དེ་ཕལ་ཆེར་རྒྱ་ནག་གི་བརྡ་ལན་ཞིག་རེད་བསམ་གྱི་འདུག ཞི་ཅིན་ཕིན་གྱིས་འགན་འཁུར་བའི་དམག་མི་ཉུང་འཕྲི་གཏོང་དགོས་ན། ཐོག་མར་དམག་ཁུལ་གྱི་ཟློས་གར་ཚོགས་པ་ནས་ཉུང་འཕྲི་གཏང་སྲིད་པ་རེད།” ཅེས་བརྗོད་འདུག

20150215071358412གླུ་མ་ཧན་ཧོན་ནམ་དབྱངས་ཅན་སྒྲོལ་མ་ནི་ཕྱི་ལོ་ ༡༩༧༡ ལོའི་ཟླ་ ༩ ཚེས་ ༢༦ ཉིན་བོད་ལྗོངས་ཆབ་མདོར་སྐྱེས་ཡོད་པ་དང་། རྒྱ་ནག་མི་དམངས་བཅངས་གྲོལ་དམག་དཔུང་ཟེར་བའི་ཟློས་གར་སློབ་གླིང་ནས་མཐར་ཕྱིན་ཡོད་འདུག ཁོ་མོའི་ཨ་ཕའི་མིང་ཧན་ཏི་ཅཱང་ (Han De Jiang) ཟེར་ཞིང་ཁོ་བོ་ནི་ཁྲིན་ཏུའུ་དམག་ཁུལ་གྱི་ཟློས་གར་ཚན་པའི་བཞད་གར་འཁྲབ་སྟོན་པ་ཞིག་ཡིན་འདུག ཕྱི་ལོ་ ༡༩༧༦ ལོར་འདས་གྲོངས་སུ་ཕྱིན་ཡོད་འདུག ཁོ་མོའི་ཨ་མའི་མིང་ལ་ཚེ་བརྟན་སྒྲོལ་མ་ཟེར་ཞིང་། དྲ་ཚུགས་འགའ་རེའི་སྟེང་ཡོན་ཞི་ (Yong Xi) ཞེས་རྒྱ་མིང་ཞིག་ཀྱང་བཀོད་འདུག རྒྱ་ནག་དྲ་རྒྱ་ཆེ་ཤོས་པེ་ཏའུ་ནང་དུ་ཧན་ཧོན་གྱི་མི་ཚེ་ལོ་རྒྱུས་བཀོད་པའི་ནང་ཁོ་མོ་བོད་པ་ཡིན་སྐོར་བྲིས་འདུག

ཟླ་སྔོན་མའི་ཟླ་མཇུག་ལ་རྒྱ་གཞུང་གིས་དམག་དཔུང་བཅོས་བསྒྱུར་གྱི་སྒྲོམ་གཞི་ཞིག་ཁྱབ་བསྒྲགས་བྱས་ཡོད་པ་རེད།

གསར་འགོད་པ། འཇིགས་མེད་རྒྱ་མཚོ།

འབྲེལ་ཡོད་གསར་འགྱུར།

Editorials

ཤོད་མཁན་ཇེ་མང་། ཉན་མཁན་ཇེ་ཉུང་།

ཆུ་ཚོད་ ༡༨ སྔོན་ལ།
Taiwan's President Lai Ching-te (2nd-L) and Defence Minister Wellington Koo (3rd-L) (Photo by I-Hwa Cheng / AFP via Getty Images)
Mobile App

ཐའེ་ཝན་གྱིས་དམག་ཤུགས་བསྐྱེད་ནས་རྒྱ་ནག་གི་བཙན་འཛུལ་ལ་འགོག་རྒོལ་བྱ་རྒྱུ་ཡིན་འདུག 

ཆུ་ཚོད་ ༡༨ སྔོན་ལ།
TTT
Mobile App

འབྲས་སྤུངས་ཁྲི་ཟུར་རྗེ་བཙུན་དཀོན་མཆོག་དཔག་བསམ་དཔལ་བཟང་པོ་མཆོག་དགོངས་པ་རྫོགས།

ཆུ་ཚོད་ ༢༢ སྔོན་ལ།
State Map of Arunachal Pradesh | Source: Survey of India
གསར་འགྱུར།

རྒྱ་གར་གྱིས་ཨ་རུ་ན་ཅལ་མངའ་སྡེའི་ས་མིང་ ༢༧ གཏན་འབེབས་བྱས། 

༢༠༢༦/༠༨/༡༠
China is using AI to identify and track fish populations travelling through a fishway at Zangmu Hydropower Station on the Yarlung Tsangpo River in Tibet. Photo: China Out/AFP
Mobile App

རྒྱ་ནག་གཞུང་གིས་རིག་ནུས་ལ་བརྟེན་ནས་བོད་ཀྱི་ཉའི་རིགས་སྲུང་སྐྱོང་ཐུབ་ཀྱི་ཡོད་ཟེར།

༢༠༢༦/༠༨/༡༠
IPS ཡི་པར།
Mobile App

མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་ཀྱིས་དམར་ཤོག་ཚོགས་པའི་དབང་ཆ་སྲ་བརྟན་ལས་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་ཆེ་རུ་གཏོང་གི་མེད།

༢༠༢༦/༠༨/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese