མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

པེ་ཅིན་གྱིས་ཁྲིམས་རྩོད་པ་ཞིག་ཀློད་གྲོལ་བཏང་།

བོད་ཀྱི་དུས་བབ།
༢༠༡༥/༡༢/༢༤
Share on FacebookShare on TwitterShare on EmailShare on Whatsapp

ཨ་རིའི་ (Wall Street Journal) གསར་ཁང་གི་དཔྱད་གཏམ། པདྨ་རྒྱལ་གྱིས་བོད་སྒྱུར་བྱས།

 

_____ཕྱིའི་གནོན་ཤུགས་ཀྱིས་རྒྱ་ནང་གི་ཆབ་སྲིད་བཙོན་མ་ཚོར་རམ་འདེགས་ཐུབ་ངེས་རེད།

 

འདས་པའི་མི་ལོ་གཅིག་དང་ཟླ་བ་དྲུག་རིང་བཙོན་འཇུག་བྱས་པ་དང་བདུན་ཕྲག་སྔོན་མར་ཆུ་ཚོད་གསུམ་རིང་ཁྲིམས་བཤེར་བྱས་རྗེས། ཁ་སང་རེས་གཟའ་མིག་དམར་ཉིན་པེ་ཅིན་མི་དམངས་འབྲིང་རིམ་ཁྲིམས་ཁང་གིས་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་རྩོད་པ་གྲགས་ཅན་པུ་ཀྲི་ཆང་བཙོན་ཁང་ནས་གློད་དེ་ལོ་གསུམ་གྱི་བཟང་བཙོན་བྱ་རྒྱུ་བྱས་ཡོད་པར་གཞིག་ན། རྒྱལ་སྤྱིའི་སྤྱི་མང་གི་འབོད་སྐུལ་དང་གནོན་ཤུགས་དེས་པེ་ཅིན་གཞུང་ལ་ཤན་ཤུགས་ཕྲ་ལ་ཕྲན་བུ་ཐེབས་ཡོད་ངེས་རེད།

 

སྐུ་ཞབས་པུ་ཀྲི་ཆང་གིས་སྤྱི་ཚོགས་བརྒྱུད་ལམ་ཁག་ཏུ་རྒྱ་ནག་གཞུང་གི་དཔོན་རིགས་ཚོ་དང་ཡུ་གུར་གྲངས་ཉུང་མི་རིགས་ཐོག་འཛིན་པའི་རྒྱ་ནག་གི་སྲིད་ཇུས་ལ་ཐེར་འདོན་བྱས་པ་གཞིར་བཟུང་སྟེ་པེ་ཅིན་མི་དམངས་འབྲིང་རིམ་ཁྲིམས་ཁང་ནས་སྐུ་ཞབས་པུ་ཀྲི་ཆང་གིས་ “མི་རིགས་བར་ཞེ་འཁོན་བསླངས་པ་དང་ཁ་བྲལ་བཏང་བ” “སྤྱི་ཚོགས་སྟེང་ཟིང་ཆ་བཟོས་པ” སོགས་ཀྱི་ནག་ཉེས་འཛུགས་ཏེ་མ་འོངས་མི་ལོ་གསུམ་རིང་གི་བཟང་བཙོན་འོག ཁོ་རང་དབང་གི་སྒོ་ནས་རྒྱལ་ཁབ་ཕྱི་ནང་གང་ལའང་འགྲོ་སྡོད་མི་ཆོག་པ་མ་ཟད། གཅིག་བྱས་ན་ཁོ་བསྐྱར་དུ་ཁྲིམས་རྩོད་ཀྱི་ལས་ཀར་ཡང་ཞུགས་ཆོག་གི་ཡོད་པ་མ་རེད།

 

རྒྱ་ནག་གཞུང་གིས་པུ་ཀྲི་ཆང་ལ་ལོ་བརྒྱད་ཀྱི་ཁྲིམས་ཐག་གཅོད་འཆར་ཡོད་པ་དེ་ཅིའི་ཕྱིར་ལོ་གསུམ་གྱི་བཟང་བཙོན་དུ་བསྒྱུར་བ་ཡིན་ནམ། གནད་དོན་འདི་གསལ་བོ་ཞིག་རྟོགས་ཐབས་མི་འདུག་ནའང་། གཅིག་བྱས་ན་པུ་ཀྲི་ཆང་གི་གནས་ཚུལ་རྒྱལ་ཁབ་ཕྱི་ནང་གང་སར་ཁྱབ་གདལ་ཤུགས་ཆེར་ཕྱིན་པ་དེས་ཁོ་ལ་ཕན་ཐོག་བྱུང་ཡོད་ངེས་རེད།

 

གཟའ་འཁོར་སྔོན་མར་པེ་ཅིན་མི་དམངས་འབྲིང་རིམ་ཁྲིམས་ཁང་གིས་པུ་ཀྲི་ཆང་ལ་ཁྲིམས་གཤེར་བྱེད་སྐབས། ཁྲིམས་ཁང་གི་ཕྱི་ལོགས་སུ་ཉེན་རྟོག་པས་པུ་ཀྲི་ཆང་ལ་རྒྱབ་སྐྱོར་གྱི་སྐད་འབོད་གནང་མཁན་ཚོར་རྡུང་རྡེག་བཏང་བ་དང་། དེའི་ཁྲོད་དུ་ཕྱི་ཕྱོགས་ཀྱི་གསར་འགྱུར་བརྒྱུད་ལམ་ཁག་གི་གསར་འགོད་པའང་ཡོད་ལ། ཐ་ན་ཨ་རིའི་གཞུང་ཚབ་ཁང་གི་ལས་ཀྱི་སྣེ་མོ་བ་ཚོས་ཀྱང་པུ་ཀྲི་ཆང་ལ་རྒྱབ་སྐྱོར་གྱི་བསྒྲགས་གཏམ་སྤེལ་བཞིན་འདུག

 

དེ་དང་ཕྱོགས་མཚུངས་རྒྱལ་སྤྱིའི་སྤྱི་མང་གི་གདུང་སེམས་མཉམ་སྐྱེད་དང་འབོད་སྐུལ་རམ་འདེགས་འོག ཟླ་སྔོན་མར་པེ་ཅིན་གཞུང་གིས་ལོ་ ༧༡ ལ་སོན་པའི་བཙན་འོག་གི་རྒྱ་རིགས་གསར་འགོད་པ་གོ་ཡེ་ (Gao Yu) ལགས་ཀྱི་འཕྲོད་བསྟེན་གནས་སྟངས་ལ་བརྟག་དཔྱད་སྨན་བཅོས་བྱ་རྒྱུ་ཁག་ཐག་བྱས་ཡོད་པ་རེད།

 

གནས་ཚུལ་འདི་དག་ལ་བལྟས་ཡོང་ན། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་ (བདུན་ཕྲག་སྔོན་མར་ཁོས“འཛམ་གླིང་དྲ་རྒྱའི་གྲོས་གླེང་ཚོགས་འདུ” (World Internet Conference) ལ་གཙོ་སྐྱོང་བྱེད་བཞིན་པའི་སྐབས་དེར། ཁོ་རང་གི་སྲིད་གཞུང་ནས་ཁྲིམས་རྩོད་པ་པུ་ཀྲི་ཆང་གིས་སྤྱི་ཚོགས་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་བར་ཁྲིམས་གཤེར་བྱེད་ཀྱི་ཡོད) རྒྱལ་སྤྱིའི་སྐྱོན་བརྗོད་ (འདི་ནི་རྒྱ་ནག་གི་འགལ་འདུ་རྒྱ་ཡན་དུ་མ་བཏང་བའི་རྒྱུ་མཚན་ཡིན) ལ་སུན་སྣང་སྐྱེ་ཀྱི་ཡོད་པ་འདྲ།

 

མ་རྩོམ་འབྲེལ་ཐག http://www.wsj.com/articles/beijing-frees-a-lawyer-1450829174

འབྲེལ་ཡོད་གསར་འགྱུར།

Torrents of muddy water swiftly engulfed homes in Nanning city in southern China
Mobile App

རྒྱ་ནག་ནང་ཆུ་ལོག་དང་ས་རུད་བྱུང་སྟེ་མི་གྲངས་ ༦༥ འདས་གྲོངས་སུ་ཕྱིན་འདུག

སྐར་མ ༡༧ སྔོན་ལ།
strategic missile launched by a submarine of the Chinese People’s Liberation Army Navy bursts out of the water during a test on Monday. Photograph: Xinhua/Shutterstock
Mobile App

རྒྱ་ནག་གིས་ཞི་བདེ་རྒྱ་མཚོའི་ཁུལ་དུ་དམག་སྦྱོང་བྱས། 

ཆུ་ཚོད་ ༡ སྔོན་ལ།
Mobile App

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་མི་ ༦༠ ཡིས་རྒྱ་ནག་གཞུང་ལ་ངོ་རྒོལ་ལས་འགུལ་སྤེལ།

༢༠༢༦/༠༧/༠༧
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཕལ་ཆེར་དགུང་ལོ་ ༡༣༠ ཙམ་སྡོད་པའི་རྨི་ལམ་དང་མཚན་མ་བྱུང་ཞེས་གསུངས། 

༢༠༢༦/༠༧/༠༧
༸གོང་ས་མཆོག གསར་འགྱུར།

༧སྐུའི་འཁྲུངས་སྐར་དུས་ཆེན་སྲུང་གཙིའི་གཞུང་འབྲེལ་མཛད་སྒོ་འཚོགས།

༢༠༢༦/༠༧/༠༦
Advertisement for App

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དགུང་གྲངས་གོ་གཅིག་ཕེབས་པར་འཚམས་འདྲི་ཞུ།

༢༠༢༦/༠༧/༠༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese