མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༢༠༡༥ ལོའི་བཙན་བྱོལ་བོད་མིའི་གནས་ཚུལ་ཆེ་ཁག་ ༡༠ །

བོད་ཀྱི་དུས་བབ།
༢༠༡༦/༠༡/༠༡
Share on FacebookShare on TwitterShare on EmailShare on Whatsapp

༼གཅིག༽

ཕྱི་ཟླ་ ༢ ཚེས་ ༥ ཉིན་ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་དུ་རྒྱལ་ཡོངས་སྨོན་ལམ་ཆེན་མོའི་སྟེང་༧གོང་ས་མཆོག་གདན་འདྲེན་ཞུས་ཏེ། ཨ་རིའི་སྲིད་འཛིན་ཨོ་བྷ་མས། “ངས་འདིར་དམིགས་བསལ་གྱིས་འཚམས་འདྲི་ཞུ་ཡུལ་ཞིག་ནི། ངའི་གྲོགས་པོ་བཟང་པོ་༧གོང་ས་ཏཱ་ལའི་བླ་མ་མཆོག་ཡིན། ཁོང་ནི་བྱམས་བརྩེ་ཉམས་ལེན་གནང་མཁན་གྱི་རླབས་ཆེན་དཔེ་མཚོན་ཞིག་ཡིན།” ཞེས་ཆེ་བསྟོད་ཞུས།

 

༼གཉིས།༽

ཕྱི་ཟླ་ ༤ ཚེས་  ༡༨ ཉིན། ལྷོ་ཨ་ཧྥི་རི་ཁའི་ཡེ་ཤུའི་ཆོས་དཔོན་ཌེ་སི་མོན་ཀྲའུ་ཀྲའུ་མཆོག་བཞུགས་སྒར་དྷ་རམ་ས་ལར་ཕེབས་ཏེ། ༧གོང་ས་མཆོག་དང་ལྷན་དུ་ཉིན་གྲངས་ ༥ རིང་དགའ་སྐྱིད་(Joy) ཞེས་པའི་དཔེ་དེབ་ཅིག་ལྗགས་རྩོམ་སྐོར་ལ་བཀའ་བསྡུར་དང་། དྷ་སྟེང་བོད་ཁྱིམ་དུ་༧གོང་ས་མཆོག་དགུང་གྲངས་ ༨༠ ཕེབས་པའི་སྐུའི་གྱ་སྟོན་སྲུང་གཙི་ཞུས།

 

༼གསུམ།༽

ཕྱི་ཟླ་ ༤ ཚེས་ ༢༥ ཉིན། བལ་ཡུལ་ནང་ས་ཡོམ་ཤུགས་ཚད་ ༧།༨ ཅན་ཞིག་བརྒྱབ་པའི་ཁྲོད་བོད་ཕྱི་ནང་གཉིས་ནས་བོད་མི་ ༣༣ རྐྱེན་འདས་སུ་ཕྱིན་ཏེ་མི་རྒྱུ་གཉིས་ལ་གོད་ཆག་ཆེན་པོ་བྱུང་། སྐབས་དེར་བལ་ཡུལ་གཞུང་དམངས་ལ་༧གོང་ས་མཆོག་ནས་བལ་སྒོར་འབུམ་ ༥༠ དང་རྒྱལ་བ་ཀརྨ་པ་མཆོག་ནས་ཨ་སྒོར་འབུམ་ ༢། བོད་མིའི་སྒྲིག་འཛུཊ་ཀྱིས་ཐོག་མ་ཛ་དྲག་ངལ་སེལ་ཆེད་བལ་སྒོར་འབུམ་ ༧༦ དང་། རྗེས་ལ་བལ་སྒོར་འབུམ་ ༣༠༠ གནང་གཏན་འཁེལ་བ་གསལ་བསྒྲཊ་བྱས།

 

༼བཞི།༽

ཕྱི་ཟླ་ ༦ ཚེས་ ༢༡ དྷ་རམ་ས་ལའི་གཙུག་ལག་ཁང་དུ། བོད་མིའི་སྒྲིག་འཛུགས་དང་མདོ་སྨད་གྱ་སྟོན་གོ་སྒྲིག་ཚོགས་ཆུང་མཉམ་འབྲེལ་ཐོག་༧གོང་ས་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༨༠ ལ་ཕེབས་པའི་གྱ་སྟོན་སྲུང་གཙི་དང་། ཚེས་ ༢༢ ནས་ ༢༣ བར་མདོ་སྨད་གྱ་སྟོན་གོ་སྒྲིག་ཚོགས་ཆུང་གིས་མུ་མཐུད་རྒྱས་སྟོན་ཚོགས། དེ་བཞིན་བོད་ཕྱི་ནང་གཉིས་དང་ཨ་རི་དང་ཡུ་རོབ་སོགས་ནས་གྱ་སྟོན་སྲུང་གཙི་ཞུས།

 

༼ལྔ།༽

ཕྱི་ཟླ་ ༡༠ ཚེས་ ༡༣ ཉིན། ཨ་རིའི་ས་ལེ་བྷུ་རེ་ (Salisbury University) གཙུག་ལག་སློབ་གཉེར་ཁང་གིས། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ལ་སློབ་ཆེན་དེའི་སྲིད་འཛིན་གཟེངས་རྟགས་ (Presidential Medal) ཞེས་པ་ཕུལ།

 

༼དྲུག༽

ཕྱི་ཟླ་ ༡༠ ཚེས་ ༡༨ ཉིན། བཀའ་ཤག་སྐབས་བཅོ་ལྔ་པའི་སྲིད་སྐྱོང་དང་སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ཀྱི་སྔོན་འགྲོའི་འོས་བསྡུ་ཆེན་མོ་གནང་། ཐེངས་འདིར་ཁྱོན་བསྡོམས་དེབ་སྐྱེལ་བྱེད་མཁན་ ༨༨༣༢༦ བྱུང་བའི་ཁྲོད། སྤྱི་འཐུས་ལ་དངོས་སུ་འོས་འཕེན་མཁན་ ༤༦༨༩༠ དང་། སྲིད་སྐྱོང་ལ་དངོས་སུ་འོས་འཕེན་མཁན་ ༤༧༡༠༥ བྱུང་ཡོད་འདུག

 

༼བདུན།༽

ཕྱི་ཟླ་ ༡༠ ཚེས་ ༢༦ ཉིན། ཨ་རིའི་རྒྱལ་ཡོངས་རྩ་ཁྲིམས་ལྟེ་གནས་ (National Constitution Center) ཁང་གིས། ༢༠༡༥ ལོའི་ཨ་རིའི་རང་དབང་གཟེངས་རྟཊ་ (Liberty Medal) ཞེས་པ་དེ་༧གོང་ས་མཆོག་ལ་འབུལ་ལམ་ཞུས།

 

༼བརྒྱད།༽

ཕྱི་ཟླ་ ༡༡ ཚེས་ ༩ ཉིན། རྒྱ་གར་ལྷོ་ཕྱོགས་ཆིན་ནཱ་ཡེ་ (Chennai) ནང་ཡོད་པའི་གྲོང་ཁྱེར་ཚོང་ལས་ལྟེ་གནས་ཁང་དུ། རྒྱ་གར་གྱི་སྲིད་འཛིན་ཟུར་པ་ཨབ་དྷུལ་ཀཱ་ལམ་ (Dr. A P J Abdul Kalam) མཆོག་གི་རྗེས་དྲན་གཟེངས་རྟགས་ཐོག་མ་དེ་༧གོང་ས་མཆོག་ལ་ཕུལ། མཛད་སྒོའི་ཐོག་༧གོང་ས་མཆོག་གིས་དམ་པ་ཁོང་གི་རླབས་ཆེན་མཛད་པ་རྣམས་རྒྱུན་སྐྱོང་དགོས་པའི་ལམ་སྟོན་གནང་།

 

༼དགུ༽

ཕྱི་ཟླ་ ༡༢ ཚེས་ ༡༦ ཉིན། བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གིས་གསལ་བསྒྲགས་ཤིག་སྤེལ་ཏེ། ཨ་རིའི་ནེའུ་ཡོག་དང་ནེའུ་ཇིར་སི་གནས་གཞོན་ནུ་གནས་སྐབས་རིང་སྒོ་རྒྱག་རྒྱུ་ཡིན་སྐོར་བསྒྲགས། ཚེས་ ༢༦ ཉིན་ནེའུ་ཡོག་ཏུ་ཛ་དྲག་ཚོགས་འདུ་བསྐོངས་ཏེ་ནེའུ་ཡོག་ས་གནས་གཞོན་ནུ་སྒོ་རྒྱག་མིན་ཐད་འོས་བསྡུ་གནང་སྐབས་བརྒྱ་ཆ་ ༩༥ ལྷག་གིས་ས་གནས་གཞོན་ནུ་མུ་མཐུད་གནས་དགོས་པར་རྒྱབ་སྐྱོར་ཐོབ།

 

༼བཅུ།༽

 

ཕྱི་ཟླ་ ༡༢ ཚེས་ ༢༣ ཉིན་གྱི་ཐོ་རེངས་ཆུ་ཚོད་ ༢།༣༠ ཙམ་ལ་སྔ་འགྱུར་རྙིང་མའི་དབུ་འཛིན་ཁྲི་རབས་དྲུག་པ་སྟག་ལུང་རྩེ་སྤྲུལ་རིན་པོ་ཆེ་མཆོག་གནས་མཆོག་རྡོ་རྗེ་གདན་དུ་དགོངས་པ་ཆོས་དབྱིངས་སུ་འཐིམས། བོད་མིའི་སྒྲིག་འཛུགས་བཀའ་སྤྱི་འཐུས་གཉིས་ཀྱིས་མྱ་ངན་ཞུ་ཚིག་ཕུལ་ཞིང་། ༧གོང་ས་མཆོག་གིས་ཁོང་གི་མཛད་པར་ཡི་རངས་དང་མྱུར་བྱོན་གསོལ་འདེབས་ལྗགས་རྩོམ་མཛད།

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

The expanded list bars Pentagon-funded researchers from collaborating with listed institutions or using their equipment under new rules. Photo: Handout
Mobile App

ཨ་རིས་རྒྱ་ནག་གི་མཉམ་འབྲེལ་ཞིབ་འཇུག་ལས་དོན་ལ་དོགས་ཟོན་བྱ་དགོས་པའི་བཀོད་ཁྱབ་བཏང་།

ཆུ་ཚོད་ ༥ སྔོན་ལ།
ཉེ་ལམ་རྒྱ་ནག་གིས་བླ་རུང་སྒར་གཏོར་བཤིག་གཏོང་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གཞུང་གིས་བླ་རུང་སྒར་དུ་དམག་མི་འབོར་ཆེན་བཀྲམ་ནས་དམ་དྲག་ཤུགས་ཆེན་བྱེད་ཀྱིན་འདུག 

ཆུ་ཚོད་ ༧ སྔོན་ལ།
གཏན་ཉིན་སློབ་གྲྭ་ཁག་གི་རིགས་ལམ་འདུ་འཛོམས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༡༧
Mobile App

གཏན་ཉིན་སློབ་གྲྭ་བཅོ་ལྔ་ཡི་རིགས་ལམ་འདུ་འཛོམས་འཚོག་བཞིན་འདུག 

༢༠༢༦/༠༨/༡༧
Mobile App

རྒྱ་ནག་གིས་ནེའུ་ཛི་ལན་ཌིའི་བོད་མི་ཚོར་འཇིགས་སྐུལ་བྱེད་བཞིན་འདུག

༢༠༢༦/༠༨/༡༧
Mobile App

ཡུན་རིང་བའི་རྩ་དོན་འཐབ་རྩོད་ཁྲོད་འབྱུང་ངེས་པའི་ནང་ཁུལ་རྩོད་རྙོག

༢༠༢༦/༠༨/༡༧
Mobile App

མཉམ་འབྲེལ་རྒྱལ་ཚོགས་ནང་ཟུར་ཉན་ཚོགས་མིའི་གནས་བབ།

༢༠༢༦/༠༨/༡༦

མཆན། 1

  1. བསྟན་ཆོས says:
    ལོ་ 11 སྔོན།

    སྲིད་སྐྱོང་ལ་མགོ་འཁྲིད་ཡག་ཤོས་ཀྱི་གཟེངས་རྟགས་སྤྲད་པ་དེ་བདེན་པའི་དཔང་རྟགས་གང་ཡོད་དམ། སློབ་ཆེན་དེའི་དྲ་ངོས་ན་མི་འདུག་ཟེར།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese