མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༢༠༡༥ ལོའི་རྒྱ་ནག་གི་གནས་ཚུལ་ཆེ་ཁག་ ༡༠ །

བོད་ཀྱི་དུས་བབ།
༢༠༡༦/༠༡/༠༡
Share on FacebookShare on TwitterShare on EmailShare on Whatsapp

༼གཅིག༽

ཕྱི་ཟླ་ ༡ ཚེས་ ༡ ཉིན་གྱི་སྔར་ནུབ། རྒྱ་ནག་ཧྲེང་ཧེ་གྲོང་ཁྱེར་བད་ཐན་ཁྲིན་ཡས་ཐང་ཆེན་དུ་མི་ཞིག་གིས་ཨ་སྒོར་མང་པོ་གཏོར་བར་བརྟེན་ཏེ། མི་མང་གིས་འཚང་ཁ་བརྒྱབ་ནས་མི་ ༣༥ འདས་གྲོངས་དང་མི་ ༤༦ ལ་རྨས་སྐྱོན་ཕོག་ཡོད། རྒྱ་ནག་གཞུང་གིས་དེ་ནི་དགོང་མོ་དེར་མི་ཁྲི་ ༡༥ ལྷག་གིས་ཡེ་ཤུ་ལོ་གསར་གྱི་གློག་སྒྲོན་ལ་ལྟ་སྐབས་འཚང་བརྒྱབ་སྟེ་དོན་རྐྱེན་དེ་བྱུང་སྐོར་བརྗོད་ཡོད།

 

༼གཉིས།༽

ཕྱི་ཟླ་ ༦ ཚེས་ ༡༡  ཉིན། རྒྱ་ནག་དབུས་ཆབ་སྲིད་ལྷན་ཁང་རྒྱུན་ལས་ཟུར་བ་ཀྲུའུ་ཡོན་ཁཱང་གིས་ལྐོག་རྔན་འབོར་ཆེན་བླངས་བ་དང་དབང་ཆ་ལོག་སྤྱོད་བྱས་པ། རྒྱལ་ཁབ་ཀྱི་གསང་བ་ཕྱིར་གྱར་བྱས་པ་བཅས་ཀྱི་ནག་ཉེས་འོག་ཚེ་བཙོན་དང་ཚེ་གང་ཆབ་སྲིད་ཀྱི་ཁེ་དབང་འཕྲོག་པ། རྒྱུ་ནོར་གཞུང་བཞེས་བཏང་བ་སོགས་ཀྱི་ཁྲིམས་ཐག་བཅད་པ་ཁྱབ་བསྒྲགས་བྱས།

 

༼གསུམ།༽

ཕྱི་ཟླ་ ༩ ཚེས་ ༣ ཉིན། པེ་ཅིན་དུ་རྒྱ་ནག་གཞུང་གིས་འཛམ་གླིང་དམག་ཆེན་གཉིས་པ་མཇུག་སྒྲིལ་ཏེ་ལོ་ངོ་ ༧༠ འཁོར་བའི་དུས་སྟོན་སྟེང་། སྲིད་འཛིན་ཞི་ཅིན་ཕིན་གྱིས་འཛམ་གླིང་ཞི་བདེ་སྲུང་སྐྱོབ་ཆེད་རྒྱ་ནག་གི་དམག་མི་ཁྲི་ ༣༠ ཙམ་ཉུང་འཕྲི་གཏོང་རྒྱུ་ཁྱབ་བསྒྲགས་བྱས། སྐབས་དེའི་མཛད་སྒོའི་ཐོག་རྒྱལ་ཁབ་ཁག་གི་དཔོན་རིགས་ ༣༠ ཙམ་མཉམ་ཞུགས་བྱས་ཡོད།

 

༼བཞི།༽

ཕྱི་ཟླ་ ༨ ཚེས་ ༡༢  ཉིན། ཐེན་ཅིན་མཚོ་འགྲམ་གྱི་རྫས་འགྱུར་མཛོད་ཁང་ཞིག་ལ་འབར་གས་དོན་རྐྱེ ན་བྱུང་སྟེ། ཁྱོན་མི་ ༡༧༣ གྲོངས་པའི་ཁྲོད་སྤྱི་བདེ་མི་སྣ་ ༢༤ དང་ཐེན་ཅིན་མེ་གསོད་པ་ ༨༠། དམངས་དམག་ ༡༡ ། གཞན་མི་ ༥༨ གྲོངས་ཡོད་འདུག མི་ ༥༦༥ ཙམ་ལ་རྨས་སྐྱོན་ཕོག་ཡོད་འདུག དེ་ནི་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་མགོ་བཙུགས་ནས་མེ་གསོད་པ་འདས་གྲོངས་ཟིན་པའི་གྲངས་ཚད་མཐོ་ཤོས་ཆགས་ཡོད་ཚུལ་བསྒྲགས།

 

༼ལྔ།༽

ཕྱི་ཟླ་ ༡༠ ཚེས་ ༤  ཉིན་ཧོང་ཀོང་དུ། རྒྱ་མི་ཝུ་ཏ་རུང་ངམ་བོད་མིང་ལ་པདྨ་འོད་གསལ་ཟེར་བ་ཞིག་གིས། རྒྱ་ནག་གི་གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་ཀྲང་ཐའེ་ལིན་ཡང་བླ་སྤྲུལ་ཞིག་ལ་ངོས་འཛིན་ཁྲི་འདོན་གྱི་མཛད་སྒོ་བསྡུས་ཏེ། བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུ་ངོས་འཛིན་དང་ཁྲི་འདོན་ལམ་སྲོལ་དང་མི་མཐུན་པའི་ཆོས་དང་ཆབ་སྲིད་འདྲེས་པའི་བྱ་སྤྱོད་སྤེལ་བར། ནང་པའི་རྗེས་འཇུག་པ་མང་པོས་སྐྱོན་བརྗོད་བྱས་མཐར་ཝུ་ཏ་རུང་གིས་དགོངས་སེལ་ཞུས།

 

༼དྲུག༽

ཕྱི་ཟླ་ ༡༠ ཚེས་ ༢༩ ཉིན་པེ་ཅིན་དུ། རྒྱ་ནག་གི་སྐབས་བཅོ་བརྒྱད་པའི་ཆབ་སྲིད་རྒྱུན་ལས་ལྷན་ཚོགས་ཐེངས་ལྔ་པ་ཚོགས་པའི་ཐོག རྒྱ་ནག་གི་འཆར་ལྡན་བུ་སྐྱེས་སྲིད་བྱུས་ལ་བཅོས་བསྒྱུར་བཏང་སྟེ་ཕྲུ་གུ་གཉིས་རེ་སྐྱེས་ཆོག་པ་དང་། སྲིད་བྱུས་དེ་ ༢༠༡༦ ལོའི་ཟླ་ ༡ པོ་ནས་ལག་བསྟར་བྱ་རྒྱུ་ཡིན་པ་ཁྱབ་བསྒྲགས་བྱས།

 

༼བདུན།༽

ཕྱི་ཟླ་ ༡༡ ཚེས་ ༧ ཉིན། སེང་གྷ་པུར་གྱི་ཤམ་བྷ་ལའི་གསོལ་མགྲོན་ཁང་དུ། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་དང་ཐའེ་ཝན་གྱི་སྲིད་འཛིན་མཱ་ཡོན་ཅའུ་གཉིས་ཐུག་འཕྲད་བྱས་ཤིང་། དེ་ནི་གོ་མིན་ཏང་དང་གུང་ཁྲན་ཏང་འཐབ་འཁྲུག་མཇུག་བསྒྲིལ་ནས་ལོ་ངོ་ ༦༠ རྗེས་སུ་རྒྱ་ནག་དང་ཐའེ་ཝན་གྱི་སྲིད་འཛིན་ཐུག་འཕྲད་བྱས་པ་ཐོག་མ་ཡིན།

 

༼བརྒྱད།༽

ཕྱི་ཟླ་ ༡༡ ཚེས་ ༢༠ ཉིན་པེ་ཅིན་དུ། རྒྱ་ནག་གི་སྲིད་བློན་ཟུར་པ་འདས་པོ་ཧུའུ་ཡོ་པང་སྐྱེས་ནས་ལོ་ ༡༠༠ འཁོར་བའི་རྗེས་དྲན་ཚོགས་འདུ་བསྐོངས་པའི་སྟེང་། སྲིད་འཛིན་ཞི་ཅིན་ཕིན་གཙོས་པའི་ཆབ་སྲིད་ལྷན་ཁང་གི་ཚོགས་མི་རྣམས་མཉམ་ཞུགས་བྱས་ཤིང་། ཞི་ཅིན་ཕིན་གྱིས་ཧུའུ་ཡོ་པང་ནི་ཏང་དང་རྒྱལ་ཁབ་ལ་དགའ་ཞེན་ཡོད་པའི་བསྔགས་བརྗོད་དང་ཁོང་ལ་སློབ་སྦྱོང་བྱ་དགོས་སྐོར་བརྗོད།

 

༼དགུ།༽

ཕྱི་ཟླ་ ༡༢ ཚེས་ ༢༩ ཉིན། རྒྱ་ནག་ཧེ་ནན་སན་ཡ་གྲོང་ཁྱེར་དུ་ ༢༠༡༥ ལོའི་འཛམ་གླིང་མཛངས་མའི་འགྲན་བསྡུར་ཚོགས་སྐབས། ཁེ་ན་ཌའི་མཛངས་མ་རྒྱ་རིགས་ཨེན་སི་ཊ་སི་ལིན་ (Anastasia Lin)ལ་རྒྱ་ནག་གཞུང་གིས་ཐོངས་མཆན་སྤྲད་མེད། ཁོང་མོ་ནི་ཆོས་འཁོར་རྩ་རླུང་སྒོམ་སྒྲུབ་པར་དད་མོས་དང་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ། བོད་རིགས་གཙོས་པའི་གྲངས་ཉུང་མི་རིགས་ཀྱི་གནད་དོན་གླེང་མཁན་ཞིག་ཡིན་འདུག

 

༼བཅུ།༽

ཕྱི་ཟླ་ ༡༢ ཚེས་ ༢༢ ཉིན། རྒྱ་ནག་པེ་ཅིན་མི་དམངས་འབྲིང་རིམ་ཁྲིམས་ཁང་གཉིས་པས་རང་དབང་རྩོད་ལེན་གྱི་ཁྲིམས་རྩོད་པ་ཕུ་ཀྲི་ཆང་གིས་མི་རིགས་ལ་ཞེ་འཁོན་བསླངས་པ་དང་། སྤྱི་ཚོགས་ལ་ཟིང་ཆ་བཟོས་པའི་ཉེས་མིང་འོག་ལོ་ ༣ གྱི་ཁྲིམས་ཐག་ལག་བསྟར་བྱ་རྒྱུ་ཁྱབ་བསྒྲགས་བྱས་འདུག ཕུ་ཀྲི་ཆང་ལ་ཁྲིམས་བཤེར་སྐབས་ཁྲིམས་ཁང་ཕྱི་ལོགས་སུ་རྒྱལ་ཁབ་ཕྱི་ནང་གི་གསར་འགོད་པ་དང་ཕུ་ཀྲི་ཆང་གི་རྒྱབ་སྐྱོར་བ་ ༡༠ འཛིན་བཟུང་བཀག་སྐྱིལ་བྱས་འདུག

 

གསར་འགོད་པ། འཇིགས་མེད་རྒྱ་མཚོ།

འབྲེལ་ཡོད་གསར་འགྱུར།

བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཚོགས་གཙོ་བསྟན་འཛིན་སྒྲོལ་དཀར་ལགས།
Mobile App

བལ་ཡུལ་མཆོད་འཇོར་གྱི་ཞུ་སྦྱོར་བས་བསྐྱར་དུ་བར་བརྒལ་བཀའ་ཁྱབ་གཏོང་དགོས་པའི་སྙན་ཞུ་ཕུལ།

ཆུ་ཚོད་ ༡༣ སྔོན་ལ།
སྤྱི་ཟུར་ཐུབ་བསྟན་དབང་ཆེན་ལགས་ལྷོ་ཨ་མི་རི་ཀའི་སྐུ་ཚབ་དོན་གཅོད་དུ་བསྐོ་གཞག་བྱས་འདུག ༡༡།༥།༢༠༢༦
Mobile App

སྤྱི་ཟུར་ཐུབ་བསྟན་དབང་ཆེན་ལགས་ལྷོ་ཨ་མི་རི་ཀའི་སྐུ་ཚབ་དོན་གཅོད་དུ་བསྐོ་གཞག་གནང་།

ཆུ་ཚོད་ ༡༨ སྔོན་ལ།
Mobile App

དུས་ལས་ཡོལ་བའི་སློབ་གསོ་དང་དུས་རབས་གསར་པའི་ཤེས་ཡོན།     

ཆུ་ཚོད་ ༡༩ སྔོན་ལ།
བལ་ཡུལ་མཆོད་འཇོར་གྱི་ཞུ་སྦྱོར་བས་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་བར་བརྒལ་བཀའ་ཁྱབ་གཏོང་དགོས་པའི་སྙན་ཞུ་ཕུལ་འདུག ༢༠༢༦།༠༥།༨ པར་དུས་བབ་ཀྱི་བསྒྲིགས།
Mobile App

བལ་ཡུལ་མཆོད་འཇོར་གྱི་ཁྲིམས་གཏུག་ལ་བར་བརྒལ་བཀའ་ཁྱབ་གཏོང་དགོས་པའི་སྙན་ཞུ་ཕུལ།

༢༠༢༦/༠༥/༠༨
Mobile App

རྒྱ་ནག་གི་རྒྱལ་སྲུང་བློན་ཆེན་ཟུར་པ་གཉིས་ལ་ལོ་གཉིས་ཕར་འགྱང་གི་སྲོག་ཁྲིམས་བཅད།

༢༠༢༦/༠༥/༠༨
Mobile App

བོད་ཀྱི་སྐད་ཡིག་དང་ད་ལྟའི་གནས་བབ།

༢༠༢༦/༠༥/༠༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese