མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གིས་གསང་ཉུལ་བ་བཏང་མེད་ཟེར།

བོད་ཀྱི་དུས་བབ།
༢༠༡༦/༠༡/༠༥
Share on FacebookShare on TwitterShare on EmailShare on Whatsapp

ཉེ་ལམ་རྒྱ་གར་གསར་ལམ་ཁག་ཅིག་གིས་རྒྱ་གར་བྱང་ཕྱོགས་དྷ་རམ་ས་ལའི་བོད་མིའི་སྐྱབས་མགོན་༧ཏཱ་ལའི་བླ་མ་མཆོག་གི་བཞུགས་གནས་ཉེ་འཁོར་དུ་རྒྱ་ནག་གི་གསང་མྱུལ་བ་སྐོར་ཞིག་འཛིན་བཟུང་བྱས་ཡོད་པའི་གནས་ཚུལ་བཀོད་པའི་ཐད་རྒྱ་ནག་གཞུང་འབྲེལ་གོ་ལའི་དུས་བབ་གསར་ཁང་གིས་གནས་ཚུལ་དེ་བདེན་པ་མི་སྐོར་བཀོད་འདུག

རྒྱ་གར་བརྒྱུད་ལམ་ (Hindustan Times) ཞེས་པའི་སྟེང་གནས་ཚུལ་སྤེལ་བ་ལྟར་ན། ཁ་སང་རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་གོ་ལའི་དུས་བབ་ (Global Times) ཅེས་པས་རྒྱ་གར་གསང་བའི་ལས་ཁུངས་ཀྱི་ཉེན་རྟོག་པས་རྒྱ་ནག་གཞུང་གིས་གསང་ཉུལ་བ་ཆེད་གཏོང་གིས་རྒྱ་གར་བྱང་ཕྱོགས་དྷ་རམ་ས་ལར་བཞུགས་པའི་བོད་མིའི་དབུ་ཁྲིད་༧གོང་ས་སྐྱབས་མཆོན་ཆེན་པོ་མཆོག་ལྐོག་ཏུ་དགྲོང་རྒྱུའི་ངན་ཇུས་བཤམ་གྱི་ཡོད་ཚུལ་བཤད་ཡོད་སྐོར་བསྒྲགས་འདུག་ལ། རྒྱ་ནག་གཞུང་གིས་སྤེལ་བའི་བསྒྲགས་གཏམ་ཞིག་གི་ནང་ “རྒྱ་ནག་གཞུང་གིས་གསང་ཉུལ་བ་ཆེད་གཏོང་གིས་བོད་མིའི་དབུ་ཁྲིད་༧གོང་ས་མཆོག་ལྐོག་ཏུ་དགྲོང་རྩིས་འདུག”ཅེས་པའི་སྐད་ཆ་འདི་ནི་དོན་དམ་རྒྱལ་སྤྱིའི་དོ་སྣང་ཡོང་ཐབས་སུ་༧གོང་ས་མཆོག་གིས་རྒྱ་ནག་གཞུང་ལ་སུན་གཙེར་གཏོང་ཐབས་ཤིག་ཡིན་ལུགས་བཤད་འདུག

བོད་ལྗོངས་དྲ་ཚིགས་ (China Tibet Online)ཞེས་པའི་སྟེང་སྤེལ་བའི་གནས་ཚུལ་ནང་། རྒྱ་གར་བརྒྱུད་ལམ་ཁག་ཏུ་རྒྱ་ནག་གཞུང་གིས་གསང་ཉུལ་བ་ཆེད་གཏོང་གིས་༧གོང་ས་མཆོག་གི་སྐུ་ཕྱྭར་གནོད་འཚེ་གཏང་རྩིས་ཡོད་སྐོར་བརྗོད་པ་དེ་ནི་གཞི་མེད་དཀྲོག་གཏམ་ཁོ་ན་ཡིན་ཞིང་། དེང་སྐབས་རྒྱལ་ཁབ་མང་པོ་ཞིག་གིས་༧གོང་ས་མཆོག་ལ་ཁ་རྡུང་གཏོང་གི་ཡོད་པར་བརྟེན། རྒྱལ་སྤྱིའི་སྟེང་ཁོང་གི་ཤུགས་རྐྱེན་ཉམས་རྒུད་དུ་ཕྱིན་ཡོད་ལུགས་སོགས་བརྗོད་འདུག

རྒྱ་གར་གྱི་དབྱིན་སྐད་གསར་ལམ་ (The Tribune) ཞེས་པའི་སྟེང་། ཉེ་བའི་ལོ་ངོ་འདི་དག་རིང་རྒྱ་གར་གསང་བའི་ལས་ཁུངས་དང་རྒྱ་གར་ཧི་མ་ཅལ་མངའ་སྡེའི་ཉེན་རྟོག་ཚན་པས་༧གོང་ས་མཆོག་གི་བཞུགས་སྒར་ཉེ་འཁོར་དུ་རྒྱ་ནག་གི་གསང་ཉུལ་བ་ཁ་ཅིག་འཇུ་བཟུང་ཐུབ་ཡོད་པ་དང་། རྒྱ་རིགས་གསང་ཉུལ་བ་དེ་ཚོའི་ལག་ཏུ་༧གོང་ས་མཆོག་གི་བཞུགས་སྒར་གྱི་ས་ཁྲ་དང་ཡིག་ཆ། གསང་བའི་གནས་ཚུལ་སོགས་ཉར་ཚགས་བྱས་ཡོད་པ་ལག་སོན་བྱུང་སྟབས། ཧི་མ་ཅལ་མངའ་སྡེའི་ཉེན་རྟོག་ཚན་པས་ཞིབ་ཕྲའི་གནས་ཚུལ་ཁག་མངའ་སྡེའི་ནང་སྲིད་ལས་ཁུངས་སུ་ཕུལ་བ་དང་། མ་འོངས་པར་མངའ་སྡེའི་ནང་སྲིད་ལས་ཁུངས་ཀྱིས་རྒྱ་གར་དབུས་ནང་སྲིད་ལས་ཁུངས་སུ་སྙན་གསེང་འབུལ་བ་བརྒྱུད། ༧གོང་ས་མཆོག་གི་སྐུ་ཕྱྭའི་བདེ་སྲུང་སྔར་བས་ཡར་རྒྱས་ཚགས་ཚད་གཏོང་རྒྱུ་མ་ཟད། ཧི་མ་ཅལ་མངའ་སྡེའི་ཉེན་རྟོག་ཚན་པས་༧གོང་ས་མཆོག་གི་བཞུགས་སྒེར་མཐའ་འཁོར་དུ་སྤུས་ཚད་ལེགས་པའི་པར་ལེན་འཕྲུལ་ཆས་དང་། ཅ་དངོས་ཞིབ་བཤེར་འཕྲུལ་ཆས་སོགས་ཉེན་སྲུང་འཕྲུལ་ཆས་ ༣༦༠ གསར་འཛུགས་བྱ་རྒྱུ་ཡིན་སྐོར་སོགས་འཁོད་འདུག

གནས་ཚུལ་འདིའི་ནང་མུ་མཐུད་དུ། ན་ནིང་ཕྱི་ཟླ་ ༩ ནང་རྒྱ་ནག་གཞུང་གིས་༧གོང་ས་མཆོག་གིས་ཁ་བྲལ་རིང་ལུགས་ཀྱི་ལས་འགུལ་སྤེལ་རྒྱུ་མཚམས་འཇོག་དགོས་པའི་ཉེན་བརྡ་བཏང་ཡོད་སྐོར་དང་། ཡང་ཕྱོགས་གཅིག་གནས་རྒྱ་ནག་གི་དཔོན་རིགས་ཚོས་༧གོང་ས་མཆོག་དགུང་ལོ་བགྲོས་པོ་ཆགས་ཀྱི་ཡོད་སྟབས། ད་ནི་འདམ་ག་ཞིག་བཟོས་པ་ཡིན་ན། དེ་གཞུང་དམངས་གཉི་གར་ཕན་པའི་ཛ་དྲག་གི་འབོད་སྐུལ་ཡང་ཞུས་ཡོད་ལུགས་བརྗོད་འདུག

གསར་འགོད་པ། པདྨ་རྒྱལ།

འབྲེལ་ཡོད་གསར་འགྱུར།

tt
Mobile App

ཤེས་ཡོན་ལྷན་ཚོགས་ཐེངས་བཅུ་གསུམ་པ་འཚོགས།

ཆུ་ཚོད་ ༥ སྔོན་ལ།
ཕྱི་ལོ་ ༢༠༢༦ ལོའི་ཇི་ནི་ཝའི་གླེང་སྟེགས་ (Geneva Forum 2026) ཀྱི་མཇུག་སྡོམ་མཛད་སྒོ་སྐབས། པར་བོད་ཀྱི་བརྙན་འཕྲིན་གྱི་ཐད་གཏོང་ལས་བླངས། ༢༠༢༦།༢།༡༠
Mobile App

ཕྱི་ལོ་ ༢༠༢༦ ལོའི་ཇི་ནི་ཝའི་གླེང་སྟེགས་སྟེང་༧གོང་ས་མཆོག་དང་ཨེབ་སི་ཊོན་བར་འབྲེལ་བ་རྩ་བ་ནས་མེད་པ་གསལ་འདེབས་གནང་།

ཆུ་ཚོད་ ༧ སྔོན་ལ།
༧སྐྱབས་རྗེ་ཤིང་བཟའ་རིན་པོ་ཆེ་མཆོག་དང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་བསྟན་ཆོས་རྒྱ་མཚོ་ལགས་སོགས་ས་གནས་བོད་མི་རྣམས་ཀྱིས་ཞི་བདེའི་གོམ་བགྲོད་པ་རྣམ་པར་ཕེབས་བསུ་ཞུས། རྭ་རྒྱ་ཐེག་ཆེན་ནང་བསྟན་རིག་གཞུང་གླིང་གི་ངོ་དེབ་ཀྱི་པར།
Mobile App

ཨ་རིའི་ནང་གི་ཞི་བདེའི་གོམ་བགྲོད་པ་རྣམས་ལ་༧གོང་ས་མཆོག་ནས་གསུང་འཕྲིན་ཞིག་བསྩལ་གནང་ཡོད་འདུག

༢༠༢༦/༠༢/༡༠
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཉི་ཧོང་གི་སྲིད་བློན་ལ་འཚམས་འདྲི་མཛད། སྐུ་པར་བོད་ཀྱི་དུས་བབ་གསར་ཁང་གི་བསྒྲིགས། ༢༠༢༦།༢།༡༠
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཉི་ཧོང་གི་སྲིད་བློན་ལ་འཚམས་འདྲི་མཛད།

༢༠༢༦/༠༢/༡༠
ཕྱི་ལོ་ ༢༠༢༦ ལོའི་ཇི་ནི་ཝའི་གླེང་སྟེགས་དབུ་འཛུགས་གནང་བ། ༢༠༢༦།༠༢།༠༩ ཐད་གཏོང་གི་པར་བཤུས།
Mobile App

ཕྱི་ལོ་ ༢༠༢༦ ལོའི་ཇི་ནི་ཝའི་གླེང་སྟེགས་དབུ་འཛུགས་ཐོག་བོད་སོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་སྐོར་གླེང་སློང་།

༢༠༢༦/༠༢/༠༩
The Millionaire media tycoon Jimmy Lai, 72, poses during an interview with AFP at the Next Digital offices in Hong Kong. June 16 2020
(Photo by Anthony WALLACE / AFP)
Mobile App

ཧོང་ཀོང་གི་དམངས་གཙོ་དོན་གཉེར་བ་ཇི་མི་ལའེ་ལགས་ལ་ལོ་ ༢༠ བཙོན་འཇུག་ཁྲིམས་ཐག་བཅད། 

༢༠༢༦/༠༢/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese