རྒྱ་ནག་མི་དམངས་བདེ་འཇགས་ལྷན་ཁང་གི་གཙོ་འཛིན་གཞོན་པ་ལེ་ཏུང་ཧྲིན་གྱིས་རྒྱ་སྒོར་ས་ཡ་ ༢༢ ལྷག་གི་དངུལ་དངོས་ལྐོག་ཟ་བྱས་པའི་ནག་ཉེས་ཐོག་ལོ་ ༡༥ ཁྲིམས་ཐག་བཅད་འདུག
ཨེ་ཕེ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། དེ་རིང་སྔ་དྲོར་རྒྱ་ནག་ནུབ་རྒྱུད་ཐཱེན་ཅེན་ (Tianjin) གྲོང་ཁྱེར་གྱི་རྒྱལ་ཡོངས་མི་དམངས་ཁྲིམས་ཁང་གིས་རྒྱ་ནག་དབུས་དམར་ཤོག་ཚོགས་པའི་ཚོགས་མི་དང་རྒྱ་ནག་མི་དམངས་བདེ་འཇགས་ལྷན་ཁང་གི་མགོ་གཙོ་གཞོན་པ་ལེ་ཏུང་ཧྲིན་ (Li Dongsheng) ཟེར་བས་རྒྱ་སྒོར་ས་ཡ་ ༢༢ ལྷག་ལྐོག་རྔན་བླངས་པའི་ནག་ཉེས་ཐོག་ལོ་ ༡༥ ཁྲིམས་ཐག་བཅད་ཡོད་འདུག
ཁྲིམས་ཁང་དེའི་གནས་ཚུལ་ནང་སྐུ་ཞབས་ལེ་ཟེར་བས་ཕྱི་ལོ་ ༡༩༩༦ ནས་ ༢༠༡༣ ལོའི་བར་རྒྱ་ནག་མི་དམངས་བདེ་འཇགས་ལྷན་ཁང་གི་སྲིད་བློན་གཞོན་པ་དང་། རྒྱ་ནག་དབུས་བརྙན་འཕྲིན་ཁང་གི་གཙོ་འཛིན་གཞོན་པའི་འགན་ཁུར་ཡུན་རིང་སྔ་རྗེས་སུ་གཞན་གྱི་ལག་ནས་ལྐོག་རྔན་འབོར་ཆེན་བླངས་ཡོད་པ་མ་ཟད། ཕྱི་ལོ་ ༢༠༠༨ ནས་ ༢༠༡༣ བར་རྒྱ་སྒོར་ས་ཡ་ ༢༢ གྱི་དངུལ་དངོས་བླངས་པའི་ཁྲོད་ལག་དངུལ་རྐྱང་རྒྱ་སྒོར་ས་ཡ་ ༤ ལྷག་ཡོད་ཅིང་། ཉེན་རྟོག་པས་ཞིབ་བཤེར་སྐབས་སུ་ཁོས་དེ་སྔོན་ལྐོག་རྔན་བླངས་པའི་དངུལ་དངོས་མང་ཆེ་བ་སྲིད་གཞུང་ལ་རྩིས་སྤྲད་ཡོད་ལུགས་འཁོད་འདུག
གནས་ཚུལ་ལྟར་ན། ན་ནང་ནས་བཟུང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གྱིས་རྒྱ་ནག་རྒྱལ་སྲུང་ལྷན་ཁང་གི་མགོ་གཙོ་ཀྲུའུ་ཡོང་ཁཱང་གཙོས་པའི་རྒྱ་ནང་གི་རྒྱ་ནག་དམར་ཤོག་ཚོགས་པའི་དཔོན་རིགས་ཁག་ཅིག་དམིགས་འབེན་དུ་བཟུང་སྟེ། རྒྱ་ནང་གི་ལྐོག་ཟ་རུལ་སུངས་གཙང་བཤེར་ལས་འགུལ་ཟེར་བ་ཞིག་ལག་བསྟར་བྱེད་བཞིན་ཡོད་ཅིང་། ལས་འགུལ་དེའི་དམིགས་འབེན་གཙོ་བོ་དམར་ཤོག་ཚོགས་པ་ནང་ཁུལ་གྱི་ཞི་ཅིན་ཕིན་ཁོ་རང་གི་ཁ་གཏད་དཔོན་རིགས་ཚོ་མེད་པ་བཟོ་ཐབས་ཤིག་ཡིན་འདུག
གསར་འགོད་པ། པདྨ་རྒྱལ།