མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱལ་ཚོགས་མདུན་གྱི་བོད་དོན་ལས་འགུལ་བ་དག

བོད་ཀྱི་དུས་བབ།
༢༠༡༦/༠༡/༡༤
Share on FacebookShare on TwitterShare on EmailShare on Whatsapp

ཐོག་མའི་མི་ཚང་གཉིས་ཀྱི་བོད་དོན་ཞུ་གཏུག་ལས་འགུལ་དེ་ད་ཆར་མི་ཚང་དྲུག་གི་ལས་འགུལ་ཆགས་ཏེ་ཁ་སང་ལས་འགུལ་ཐེངས་ ༤༩ པ་དེ་སྤེལ་ཡོད་ཅིང་། མི་འགྱངས་བར་ཐེངས་ ༥༠ པ་དེ་སྤེལ་འཆར་ཡོད་པའི་སྟེང་མི་མང་མཉམ་ཞུགས་ཡོང་བའི་འབོད་སྐུལ་ཞུས་འདུག

feb8591a-318c-4324-84a9-2acffd622fc0འདི་གར་གནས་ཚུལ་བཏང་འབྱོར་བྱུང་བ་ལྟར་ན། ཉིན་འདི་འགར་ཡུ་རོབ་ཁྱོན་ཡོངས་སུ་གནམ་གཤིས་ཧ་ཅང་གྲང་ན་ཡང་ཁ་སང་ཚེས་ ༡༣ ཉིན། སུད་སི་ཇི་ནེ་ཝ་རྒྱལ་ཚོགས་ལས་ཁུངས་མདུན་དུ། སུད་སིར་གནས་སྡོད་ལྷུན་འགྲུབ་ཚང་ཀརྨ་བཀྲ་ཤིས་ཚེ་རིང་དང་། སྟག་ཚང་དཀོན་ཅོག་ཁྱིམ་ཚང་། བཀྲ་བསྟན་ཚང་པ་སངས་ལགས། ངག་དབང་ཚང་ངག་དབང་དཔལ་ལྡན། རྒྱལ་བསྟན་ཚང་བཀྲ་ཤིས་ལྷ་མོ། ལིང་བཀྲ་ཤིས་ཟླ་བ་ལགས། ཨོ་སི་ཊི་རེ་ཡར་གནས་སྡོད་ཡེ་ཤེས་ལྷ་མོ་བཅས་ལས་བོད་དོན་ཞུ་གཏུག་གི་ལས་འགུལ་དེ་སྤེལ་ཡོད་འདུག

ལས་འགུལ་ཐེངས་རྗེས་མ་ནི་ཞུ་གཏུག་གི་ལས་འགུལ་ཐེངས་ ༥༠ དེ་ཆགས་ཀྱི་ཡོད་སྟབས། སྐབས་དེར་ལས་འགུལ་དམིགས་བསལ་ཞིག་སྤེལ་རྒྱུར་འབད་བརྩོན་ཞུ་བཞིན་ཡོད་པ་དང་། སྐབས་དེའི་ལས་འགུལ་ནང་མི་མང་གང་མང་མཉམ་ཞུགས་གནང་ཡོང་བའི་འབོད་སྐུལ་ཞུས་འདུག་ལ། ཁོང་ཅག་གི་འཆར་གཞི་ལྟར་ན་ ༢༠༡༦ ལོར་ཟླ་བ་རེ་རེ་བཞིན་ལས་འགུལ་སྤེལ་འཆར་ཡོད་པ་དང་། ཐེངས་འདིའི་ལས་འགུལ་ནང་སུད་སི་དང་ལིཀ་ཏེན་སིཊཡན་བོད་རིགས་མི་མང་གི་པར་པ་འགྲོན་ཐར་བཀྲ་ཤིས་རྣམ་རྒྱལ་ལགས་ཀྱིས་ལས་འགུལ་ལ་རྒྱབ་སྐྱོར་དང་། བོད་དོན་ཁྱབ་བསྒྲགས་དང་གསར་འགོད་ལས་དོན་དྭང་བླངས་གནང་ཡོད་འདུག

671ef5ab-da2b-4a6e-9480-8ef8f2d3dd2bཐེངས་འདིར་ཁོང་ཅག་གིས་སུད་སི་ཇི་ནི་ཝར་རྟེན་གཞི་བྱས་པའི་མཉམ་འབྲེལ་རྒྱལ་ཚོགས་ལས་ཁུངས་མདུན་དུ། བོད་ཕྱི་ནང་གཉིས་སུ་སྐུ་ལུས་མེར་བསྲེགས་གནང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམ་པའི་སྐུ་པར་བཤམ་པའི་མཐའ་རུ་བོད་ཀྱི་རྒྱལ་དར་སྒྲེང་ཞིང་། ཁོང་རྣམས་ཀྱིས་སྐུ་ལུས་མེར་བསྲེགས་གནང་དགོས་པའི་རྒྱབ་ལྗོངས་ངོ་སྤྲོད་དང་། ཁོང་ཅག་གི་འབོད་སྒྲའམ་དགོས་འདུན་འཁོད་པའི་ཡིག་ཆ་ཁག་འགྲེམས་སྤེལ་གནང་ཡོད་འདུག དེ་བཞིན། སྐུ་ལུས་མེར་བསྲེགས་གནང་བའི་ཐད་༧གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱི་ལངས་ཕྱོགས་དང་དགོངས་ཚུལ་ག་རེ་ཡིན་པའི་ཡིག་ཆ་དང་། ༢༠༡༥ ལོའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་སྐོར་གྱི་ཡིག་ཆ། ༧གོང་ས་མཆོག་གིས་དམིགས་བསལ་རྒྱ་རིགས་ཚོར་བསྩལ་བའི་བཀའ་སློབ་ཡིག་ཆ་དང་གསར་འགོད་གསལ་བསྒྲགས་སོགས་རྒྱ་ཡིག་དང་དབྱིན་ཡིག ཧྥ་རན་སིའི་སྐད་བཅས་ཀྱི་ནང་ཕྱི་རྒྱལ་མི་རིགས་དང་རྒྱལ་ཚོགས་ཀྱི་ལས་བྱེད། རྒྱ་རིགས་ཡུལ་སྐོར་བ་སོགས་ལ་འགྲེམ་སྤེལ་ཡོད་འདུག

བོད་དོན་ཞུ་གཏུག་གི་ལས་འགུལ་འདི་ཐོག་མར་ཕྱི་ལོ་ ༢༠༡༢ ཟླ་ ༡༢ ཚེས་ ༡༠ ཉིན་ཁྱིམ་ཚང་གཉིས་ཀྱིས་མགོ་འཛུགས་གནང་ཞིང་། རིམ་བཞིན་བཀྲ་བསྟན་ཚང་པ་སངས་ལགས་དང་། ངག་དབང་ཚང་ངག་དབང་དཔལ་ལྡན། རྒྱལ་བསྟན་ཚང་བཀྲ་ཤིས་ལྷ་མོ། ཨོ་སི་ཊི་རེ་ཡར་གནས་སྡོད་ཡེ་ཤེས་ལྷ་མོ་བཅས་མཉམ་ཞུགས་ཀྱིས་ཁྱིམ་ཚང་ལྔ་ཡི་ལས་འགུལ་ཆགས་ཤིང་། ཐེངས་འདིར་སུད་སིར་གནས་བཞུགས་མི་ལིང་བཀྲ་ཤིས་ཟླ་བ་ལགས་མཉམ་ཞུགས་ཀྱིས་ད་ལྟ་ཁྱིམ་ཚང་དྲུག་གི་ལས་འགུལ་དུ་གྱུར་ཡོད་འདུག

གཤམ་དུ་ ༢༠༡༦ ལོའི་བོད་དོན་ཞུ་གཏུག་ལས་འགུལ་གྱི་རེའུ་མིག་བཀོད་ཡོད། 

Screen Shot 2016-01-14 at 12.26.39 PM

གནས་ཚུལ་གཏོང་མཁན་ཙ་ཡུས་ཕུན་ཚོགས།

འབྲེལ་ཡོད་གསར་འགྱུར།

Mobile App

བུད་མེད་སྒེར་ལངས་ཐེངས་ ༦༧ པ་སྲུང་གཙི་ཞུས་སོང་།

ཆུ་ཚོད་ ༡༧ སྔོན་ལ།
རྟག་བརྟན་ལའི་བགྲོད་ལམ། བོད་ཀྱི་དུས་བབ་ཀྱི་པར། ༢༠༢༦།༣།༡༢
Mobile App

ཆར་དུས་བསླེབ་རྒྱུར་ཟླ་གསུམ་ལྷག་ལས་མེད་པས་གཙུག་ལག་ཁང་གི་གཤམ་འོག་གཞུང་ལམ་ཞིག་གསོ་མ་ཐུབ་ན་འགྲོ་ལམ་རྦད་དེ་ཆད་ཉེན་འདུག

ཆུ་ཚོད་ ༡༧ སྔོན་ལ།
བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་ཁང་དུ་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བརྒྱད་པ་དབུ་འཛུགས་གནང་བཞིན་པ། ༢༠༢༦།༣།༡༢ དུས་བབ་གསར་ཁང་གི་པར།
Mobile App

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གལ་སྲིད་འཛམ་གླིང་ནང་ཞི་བདེ་དགོས་ན་རྒྱ་ནག་ནང་ཞི་བདེ་ཡོང་དགོས་ཞེས་གསུངས།

ཆུ་ཚོད་ ༡༧ སྔོན་ལ།
གསུམ་བཅུའི་དུས་དྲན་ཉིན་ཨོ་གླིང་གྲོས་ཚོགས་འོག་མའི་ནང་གྲོས་ཚོགས་འཐུས་མི་ཌི་ཝི་ཌི་སི་མི་ཐི་ལགས་ཀྱིས་བོད་དོན་ཐོག་གཏམ་བཤད་གནང་། པར་ཐད་གཏོང་ནས་བླངས།
Mobile App

ཨོ་གླིང་གྲོས་ཚོགས་ནང་བོད་དོན་ཐོག་གྲོས་འཆར་བཏོན།

ཆུ་ཚོད་ ༡༨ སྔོན་ལ།
རྒྱ་ནག་གིས་དྲག་གནོན་དང་། དེའི་རིགས་ལ་སྒྱུ་རྩལ་དང་གསར་འགོད་ལས་རིགས་བརྒྱུད་གདོང་ལེན་ཇི་འདྲ་བྱེད་ཀྱི་ཡོད་པའི་སྐོར་ལ་མཁས་པའི་གཏམ་བཤད་ལས་རིམ་འཚོག་བཞིན་པ། ༢༠༢༦།༣།༡༡ དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གི་དྲག་གནོན་སྐོར་ལ་མཁས་པའི་གཏམ་བཤད་ཀྱི་ལས་རིམ་འཚོགས།

༢༠༢༦/༠༣/༡༡
The third plenary meeting of the fourth session of the 14th National Committee of the Chinese People's Political Consultative Conference (CPPCC) is held at the Great Hall of the People in Beijing, capital of China, March 8, 2026. (Xinhua/Cao Yiming)
Mobile App

ཕྱི་ཟླ་ ༩ པའི་བདུན་ཕྲག་བཞི་པ་དེ་མི་རིགས་མཐུན་སྒྲིལ་ཡར་སྐུལ་གྱི་བདུན་ཕྲག་ཏུ་གཏན་འབེབ་བྱ་འཆར་འདུག

༢༠༢༦/༠༣/༡༡

མཆན། 1

  1. བོད་ཀྱི་དུས་བབ། says:
    ལོ་ 10 སྔོན།

    ལས་འགུལ་བའི་ཁྱིམ་མིང་དང་མིང་། ཞལ་པར་ཨང་།
    ༡ ངག་དབང་ཚང་ངག་དབང་དཔལ་ལྡན། ༠༧༦༣༣༠༣༩༧༣
    ༢ བཀྲ་བསྟན་ཚང་པ་སངས། ༠༧༦༦༢༠༡༠༥༡
    ༣ རྒྱལ་ཚང་བཀྲ་ཤིས་ལྷ་མོ། ༠༧༦༨༠༤༨༨༧༡
    ༤ སྟག་ཚང་དཀོན་ཅོག ༠༧༦༤༧༧༤༡༦༢
    ༥ ཡེ་ཤེས་ལྷ་མོ། ༠༤༡༠༢༢༣༥༥༨
    ༦ མི་ལིང་བཀྲིས་ཟླ་བ། ༠༧༦༥༨༨༢༨༥༩

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese