མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དཔལ་འབྱོར་བསྡོམས་རྩིས་ཁང་གི་འགན་འཛིན་ལ་ཞིབ་བཤེར།

བོད་ཀྱི་དུས་བབ།
༢༠༡༦/༠༡/༢༧
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་རྒྱལ་ཁབ་དཔལ་འབྱོར་བསྡོམས་རྩིས་ཁང་གི་འགན་འཛིན་ཝང་པའོ་ཨན་གྱིས་ཁྲིམས་འགལ་ཚབས་ཆེན་བྱས་པའི་ཉེས་མིང་འོག་འཛིན་བཟུང་བྱས་ཡོད་འདུག

 

27chinaecon-web1-articleLargeཁ་སང་ཕྱི་དྲོར་རྒྱ་ནག་དབུས་སྒྲིག་ཁྲིམས་ཞིབ་བཤེར་ཁང་གིས། རྒྱལ་ཁབ་དཔལ་འབྱོར་བསྡོམས་རྩིས་ཁང་གི་འགན་འཛིན་ཝང་པའོ་ཨན་གྱིས་ཁྲིམས་འགལ་ཚབས་ཆེན་བྱས་ཡོད་སྟབས། ད་ལྟའི་ཆར་ལས་མཚམས་བཞག་སྟེ་ཞིབ་བཤེར་བྱེད་བཞིན་ཡོད་སྐོར་བསྒྲགས་ཡོད་པ་དང་། ཁ་སང་ཕྱི་ཚེས་ ༢༦ ཉིན་རྒྱ་ནག་གི་མ་རྐང་ཁྲོམ་རར་འདས་པའི་ཟླ་ ༡༣ ནང་གི་ཉམས་དམས་ཚབས་ཆེ་ཤོས་དེ་བྱུང་ཡོད་པ་དང་། ཁ་སང་ཕྱི་དྲོར་ཚོགས་འདུ་ཞིག་གི་ཐོག་ཝང་པའོ་ཨན་གྱིས་རྒྱ་ནག་གི་མ་རྐང་ཁྲོམ་རའི་གཡོ་འགུལ་གྱིས་དཔལ་འབྱོར་འཕེལ་རྒྱས་ལ་ཤུགས་རྐྱེན་ཐེབས་ཀྱི་ཡོད་ཀྱང་ཤུགས་རྐྱེན་ཆེན་པོ་ཐེབས་ཀྱི་མེད་ལ། མ་རྐང་ཁྲོམ་རའི་འཁོར་རྒྱུག་ལ་ཡིད་ཆེས་བརྟན་པོ་ཡོད་སྐོར་བརྗོད་ཡོད་པ་དང་། ཁོས་གཏམ་བཤད་བྱས་ནས་ཆུ་ཚོད་ ༣ ལྷག་ལས་མ་འགོར་བར་འཛིན་བཟུང་བྱས་ཡོད་འདུག

 

རྒྱ་ནག་དབུས་སྒྲིག་ཁྲིམས་ཞིབ་བཤེར་ཁང་གིས་ཝང་པའོ་ཨན་གྱི་ད་ལྟའི་ལས་འགན་ལ་ཞིབ་བཤེར་བྱེད་བཞིན་ཡོད་དང་། ཡང་ན་སྔོན་ཆད་ཀྱི་ལས་འགན་ལ་ཞིབ་བཤེར་བྱེད་བཞིན་ཡོད་ཁ་གསལ་བརྗོད་མེད་ཀྱང་། ཕྱི་ལོ་ ༢༠༡༥ ཟླ་ ༤ པ་ནས་བཟུང་ཝང་པའོ་ཨན་གྱིས་རྒྱ་ནག་རྒྱལ་ཁབ་དཔལ་འབྱོར་བསྡོམས་རྩིས་ཁང་གི་འགན་འཛིན་གྱི་ལས་འགན་འཁུར་ཡོད་པ་དང་། དེའི་སྔོན་དུ་རྒྱལ་ཁབ་ནོར་སྲིད་ཁང་གི་འགན་འཛིན་གཞོན་པ་ཡིན་སྟབས། རྒྱ་ནག་གི་མ་རྐང་ཁྲོམ་རའི་ཉམས་དམས་ཀྱིས་འཛམ་གླིང་གི་མ་དངུལ་འཇོག་མཁན་ཚོར་བློ་མ་བདེ་བ་ཆེན་པོ་བཟོས་ཡོད་པ་མ་ཟད། རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་ཀྱི་བསྡོམས་རྩིས་ཁག་ལ་དོགས་པ་ཇེ་ཆེར་འགྲོ་བཞིན་ཡོད་སྟབས། གློ་བུར་དུ་བྱུང་བའི་ཝང་པའོ་ཨན་གྱི་ཞིབ་བཤེར་དེ་དཔོག་དཀའ་བའི་དུས་སྐབས་ཤིག་ཏུ་བྱུང་ཡོད་སྐོར་རྗོད་ཀྱི་འདུག

 

འདས་ལོའི་ཕྱི་ཟླ་ ༣ པའི་ནང་རྒྱ་ནག་སྲིད་གྲོས་ཀྱི་ཚོགས་ཆུང་ཚོགས་འདུའི་ཐོག རྒྱ་ནག་རྩིས་བཤེར་ཁང་གི་འགན་འཛིན་གཞོན་པ་ཟུར་པ་ཏུང་ཏ་ཧྲིན་གྱིས་འདས་པའི་ལོ་ཤས་ནང་རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་ཀྱི་གྲངས་འབོར་རྫུན་བཟོ་བྱས་པ་ཧ་ཅང་ཚབས་ཆེན་ཡིན་པ་དང་། ས་གནས་མགོ་ཁྲིད་ཅིག་གི་སྐད་ཆ་ལུང་འདྲེན་གྱིས་འདས་པའི་ལོ་ཤས་ནང་རྫུན་བཟོའི་གྲངས་འབོར་མཐོ་དྲགས་པའི་རྐྱེན་གྱིས་ད་ལྟ་གཡང་གཟར་ནས་ལྷུང་བ་ལྟ་བུའི་ཉམས་ཆག་འབྱུང་བཞིན་ཡོད་སྐོར་བརྗོད་ཡོད་འདུག

 

རྒྱལ་སྤྱིའི་དཔལ་འབྱོར་རིག་པའི་དཔྱད་ཞིབ་པ་ཚོས། རྒྱ་ནག་གཞུང་ཕྱོགས་ནས་འདས་ལོའི་དཔལ་འབྱོར་འཕེལ་རྒྱས་ཀྱི་མྱུར་ཚད་འདས་པའི་ལོ་ངོ་ ༢༥ རིང་གི་ཆེས་དམའ་ཤོས་ཤིག་ཆགས་ཡོད་ཀྱང་། སྔར་ལོ་དང་བསྡུར་ན་རྒྱ་ནག་ནང་གི་ཐོན་སྐྱེད་ཀྱི་སྤྱིའི་ཚད་གཞི་བརྒྱ་ཆ་ ༦.༩ འཕར་ཡོད་ཚུལ་བསྒྲགས་ཡོད་ཀྱང་། དོན་དངོས་སུ་བརྒྱ་ཆ་ ༣.༢ ཡས་མས་ལས་འཕར་མེད་སྐོར་རྗོད་ཀྱི་འདུག

 

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Front Slider

༸རྒྱལ་དབང་སྐུ་ཕྲེང་རྒྱུན་མཐུད་ཕེབས་ངེས་ཡིན་པའི་ཡོངས་ཁྱབ་གསལ་བསྒྲགས་མཛད།

ཆུ་ཚོད་ ༡༤ སྔོན་ལ།
Mobile App

བོད་དང་བོད་མིའི་མགྲིན་ཚབ་ཀྱི་བོད་སྒྱུར་ཕྱག་དེབ་འབྱེད་གནང་སོང་། 

ཆུ་ཚོད་ ༡༥ སྔོན་ལ།
༸རྒྱལ་དབང་སྐུ་ཕྲེང་རྒྱུན་མཐུད་ཕེབས་ངེས་ཡིན་པའི་ཡོངས་ཁྱབ་གསལ་བསྒྲགས་མཛད། དཔལ་ལྡན་དགའ་ལྡན་ཕོ་བྲང་གི་སྐུ་པར། ༢༠༢༥།༧།༢
༸གོང་ས་མཆོག གསར་འགྱུར།

༸རྒྱལ་དབང་སྐུ་ཕྲེང་རྒྱུན་མཐུད་ཕེབས་ངེས་ཡིན་པའི་ཡོངས་ཁྱབ་གསལ་བསྒྲགས་མཛད་སོང་།

ཆུ་ཚོད་ ༡༦ སྔོན་ལ།
འཕྲུལ་རིག་སྐད་བརྡའི་འཇུག་སྒོ། ཕེ་ཊོན་ (Python) ཞེས་པའི་དཔེ་དེབ། ༢༠༢༥།༦།༣༠
Mobile App

འཕྲུལ་རིག་སྐད་བརྡའི་འཇུག་སྒོ་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་གནང་།

༢༠༢༥/༠༧/༠༡
ལོ་རྗེས་མར་སྦེལ་ཀོབ་བདེ་སྐྱིད་སླར་གསོ་གཞིས་ཆགས་སུ་ཨ་ཕའི་རྐང་སྤོལ་རྩེད་འགྲན་འཚོག་རྒྱུ་ཡིན་འདུག ༢༠༢༥།༦། ༣༠ ཨ་ཕ་རྐང་སྤོལ་ཚོགས་པའི་པར།
Mobile App

རྡོ་རྗེ་གླིང་གཡག་རུ་ཁག་ལ་འདི་ལོའི་ཨ་ཕ་གསེར་གྱི་བུམ་པའི་རྟགས་མ་ཐོབ་སོང་།

༢༠༢༥/༠༧/༠༡
༸གོང་ས་མཆོག གསར་འགྱུར།

བོད་ལྗོངས་མདོ་སྨད་ཆོལ་ཁས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས།

༢༠༢༥/༠༦/༣༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese