མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ཀྱི་རང་དབང་འཛམ་གླིང་གི་སྡུག་ཤོས་གཉིས་པ་རེད།

བོད་ཀྱི་དུས་བབ།
༢༠༡༦/༠༡/༣༠
Share on FacebookShare on TwitterShare on EmailShare on Whatsapp

ཨ་རིར་གཏན་གཞི་བྱས་ཡོད་པའི་རང་དབང་ཁང་པས་ (Freedom House)འཛམ་གླིང་གི་རང་དབང་ཞེས་པའི་ལོ་འཁོར་སྙན་ཐོ་བཏོན་པའི་ནང་། བོད་ནི་འཛམ་གླིང་ནང་ཆབ་སྲིད་ཐོབ་ཐང་དང་སྤྱི་དམངས་རང་དབང་ལ་བརྩི་འཇོག་མེད་པའི་ལུང་པ་སྡུག་ཤོས་གཉིས་པར་བཞག་འདུག

དམག་འཁྲུག་ཡང་ཡང་འབྱུང་བཞིན་པའི་སི་རི་ཡའི་རྒྱལ་ཁབ་ལ་ཨང་གྲངས་ ༡ འཕྲི་འཐེན་(-1)བྱས་ཡོད་པ་དེ་གཅིག་པུ་བོད་ལས་རང་དབང་གི་མཚོན་གྲངས་དམའ་བ་ཡོད་པ་དང་། རྒྱ་ནག་འོག་གི་བོད་ལ་ཨང་གྲངས་ ༡༠༠ ནས་ ༡ སྤྲད་འདུག་སྟེ། ཐོབ་གྲངས་ ༡༠༠ ཐམ་པ་ནི་སྐབས་འདིར་ཡག་ཤོས་ལ་ངོས་འཛིན་བྱས་ཡོད།

ཨ་རིར་གཏན་གཞི་བྱས་པའི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་ཚོགས་པ་ཞེས་པ་དེས་བོད་ལ་ཆབ་སྲིད་ཐོབ་ཐང་དང་སྤྱི་དམངས་རང་དབང་གྱི་ཨང་ཀི་ ༧ ནས་ ༧ སྤྲད་ཡོད་པ་རེད་འདུག སྙན་ཐོ་དེའི་ནང་ ༡ ནི་རང་དབང་གི་ཚད་མཐོ་ཤོས་དང་༧ནི་དེའི་ལྡོག་ཕྱོགས་ཏེ་རང་དབང་གི་ཚད་དམའ་ཤོས་སུ་བཞག་ཡོད་འདུག

ཚོགས་པ་དེས་གནས་ཚུལ་སྤེལ་བ་ལྟར་ན་དཔལ་འབྱོར་གྱི་གནོན་ཤུགས་དང་གྱེན་ལོག་ལ་འཇིགས་ཏེ་མཐོ་རིམ་མགོ་ཁྲིད་ཚོས་ངོ་རྒོལ་བ་རྣམས་ལ་དམ་དྲག་མུ་མཐུད་བྱས་པ་དང་ནུབ་ཕྱོགས་དམངས་གཙོའི་རྒྱལ་ཁབ་དག་གིས་གྲངས་འབོར་ཆེ་བའི་ཡུལ་གྱར་བ་དང་འཇིགས་སྐུལ་རིང་ལུགས་པར་དོགས་ནས་ཕྱི་མིར་དགའ་བསུ་མི་བྱེད་པ་སོགས་ཀྱི་རྐྱེན་བྱས་ཏེ་འདས་པའི་ལོ་བཅུ་བསྟུད་མར་རྒྱལ་སྤྱིའི་རང་དབང་གི་མཚོན་གྲངས་སམ་(Global Freedom Index)དམིགས་ཚད་ཇེ་སྡུག་ཏུ་ཕྱིན་འདུག

རྒྱ་ནག་གཞུང་གིས་མུ་མཐུད་གཞི་རྒྱ་ཆེ་བའི་འབྲོག་པ་གྲོང་སར་གནས་སྤོར་དང་ལས་གནས་བརྗེ་སྤོའི་ལས་འགུལ་སོགས་ཚུད་པའི་གྲངས་ཉུང་མི་རིགས་ཀྱི་མི་འབོར་ལ་ཤུགས་རྐྱེན་ཆེ་བའི་སྲིད་བྱུས་ལག་བསྟར་བྱེད་བཞིན་པ་དེའི་མཇུག་འབྲས་ངན་པ་བོད་ནང་ཤུགས་ཆེ་ཤོས་མངོན་བཞིན་པ་དང་དེ་ནས་ནང་སོག་དང་ཤིན་ཅང་ཡུ་གུར་མི་རིགས་ས་ཁུལ་ཁག་ཆགས་ཡོད་འདུག

སྙན་ཐོ་དེའི་ནང་ད་དུང་བསྟན་དོན། ས་ཁུལ་འདི་དག་ནི་མི་མང་གི་འོས་བསྡུ་དང་ཆབ་སྲིད་ཀྱི་མཉམ་ཞུགས་ཚད་གཞི་ཧ་ཅང་དམའ་བ་དང་ཆབ་སྲིད་ཐོབ་ཐང་ཤིན་ཏུ་ཞན་པའི་ཁོངས་སུ་ཚུད་འདུག

སྙན་ཐོ་དེའི་ནང་ཕྱི་ལོ་ ༢༠༡༥ ལོ་འཁོར་མོར་རྒྱལ་ཁབ་ ༡༩༥ དང་ས་ཁུལ་ ༡༥ལྷག་གི་རང་དབང་གི་གནས་སྟངས་ལ་ཉམས་ཞིབ་བྱས་ཡོད་པ་དང་། རྒྱལ་ཁབ་དང་ས་ཁུལ་རེ་རེ་བཞིན་བརྡ་སྟོན་ཚད་གཞི་ཆ་རྐྱེན་ ༢༥ ལ་གཞིག་ནས་ཨང་གྲངས་ ༠ ནས་༤ བར་བསྡུར་ཡོད་པ་དང་ཆ་སྙོམས་བསྡུར་གྲངས་ ༡༠༠ ཐམ་པ་ཡོད་པ་རེད།

གཞན་ཚོགས་པ་དེས་རྒྱ་ནག་གཞུང་ཕྱོགས་ནས་ཕྱི་ལོ་ ༢༠༡༥ ལོའི་འགྲོ་བ་མིའི་ཐོབ་ཐང་རྩོད་མཁན་གྱི་ཁྲིམས་རྩོད་པ་དང་གསར་འགོད་པ་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་རྩོད་ལེན་པའི་ཐོག་དྲག་གནོན་གྱི་སྲིད་བྱུས་ལ་སྐྱོན་བརྗོད་གནང་ཡོད་འདུག

འབྲེལ་ཡོད་གསར་འགྱུར།

ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

༢༠༢༦/༠༦/༡༩
སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།༡༩
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་།  

༢༠༢༦/༠༦/༡༩
Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

༢༠༢༦/༠༦/༡༨
TT
Mobile App

ཨ་རི་དང་ཨི་རན་བར་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་།

༢༠༢༦/༠༦/༡༨
TT
Mobile App

༧གོང་ས་མཆོག་ནས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་མཛད། 

༢༠༢༦/༠༦/༡༧
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

༢༠༢༦/༠༦/༡༧

མཆན། 1

  1. ཀརྨ་ཐུགས་རྗེས་ says:
    ལོ་ 10 སྔོན།

    སེམས་ཕམ་ངང་ནས་ཞུ་ན་རྒྱ་མི་དམར་ཤོ་འགོ་འཛིན་སོགས་ལ་ཁག་ཡོད་མ་རེད། གང་ལགས་ཞུ་ན་རྩ་བས་ང་རང་འཚོ་བོད་ཕྱི་ནང་གཉིས་ཀར་ལ་ཞལ་ནས་འདྲ་ཆགས་པོ་བཤད་དོན་དངོས་ལ་རང་དོན་རྩོ་ཆེ་རྩིས་མཁན་རྒྱ་ཆ་ཚོད་ཞུ་ན་༧༠/ལྷག་བཤད་ཀྱི་འདུག་། གཉིས་ནས་འཛམ་གླིང་ནང་གི་རྒྱལ་ཁབ་ཆེ་ཆུང་མ་ལྟོས་པའི་ཚང་མས་རང་ཉིད་ཁོ་ནའི་རྒྱལ་ཁབ་ཀྱི་དཔལ་འབྱོར་ཆད་ཚོང་འབྲེལ་གལ་ཆེ་རྩིས་ནས་འགྲོ་བ་མིའི་ཐོབ་ཐང་དང་སྤྱི་མང་བདེ་དོན་སོགས་དེབ་ནང་ལ་འདྲ་ཆགས་པོ་བཀོད་པ་མ་གཏོག་དོན་དངོས་ལག་ལེན་ཇི་མ་ཇི་བཞིན་ཡོང་བའི་ལམ་ཀ་ཁོ་རང་མེད། དེ་ཕྱིར་འཛམ་གླིང་གི་གནང་གཏང་འདི་ཁ་དང་ལག་པ་མཐུན་གི་མེད་པ་རྒྱ་མིས་གསལ་པོ་ཤེས་ནས་ཁོ་ལ་བློ་ཁོག་ཆེན་པོ་ཐོག་ཁོ་རང་གང་འདོད་འདོད་བྱེད་ཀྱི་ཡོད་རེད་དེ་ཕྱིར་ཁོ་ལ་ཁག་མེད་ཞུ་དོན་འདི་ཡིན་ནོ།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese