མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ང་ཚོའི་བགྲོ་གླེང་ཆུད་ཟས་སུ་བཏང་སོང་།

བོད་ཀྱི་དུས་བབ།
༢༠༡༦/༠༢/༠༥
Share on FacebookShare on TwitterShare on EmailShare on Whatsapp

སྤྲེའུ་ལོའི་སྲིད་སྐྱོང་གླེང་སྟེགས་གོ་སྒྲིག་ཚོགས་ཆུང་གི་བགྲོ་གླེང་ཐོག་སྲིད་སྐྱོང་མཆོག་ཕེབས་མ་ཐུབ་པར་བགྲོ་གླེང་གྲོལ་དགོས་བྱུང་ཡོད་པ་རེད།

penpatseringདེ་རིང་ཕྱི་དྲོའི་ཆུ་ཚོད་ ༣།༠༠ སྟེང་མེག་གྷན་སྤྲོ་སྐྱིད་ཚོགས་ཁང་དུ། ད་ལོའི་སྲིད་སྐྱོང་འོས་མིར་བཞེངས་མཁན་བཀྲ་ཤིས་སྟོབས་རྒྱལ་ལགས་ཀྱིས་སྣེ་ཁྲིད་པའི་སྦྲེལ་ལོའི་སྲིད་སྐྱོང་གླེང་སྟགས་གོ་སྒྲིག་ཚོགས་ཆུང་གིས། སྲིད་སྐྱོང་ལས་ཐོག་བློ་བཟང་སེང་གེ་མཆོག་དང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་རྣམ་གཉིས་གདན་འདྲེན་ཞུས་ཏེ་བགྲོ་གླེང་ཞིག་གོ་སྒྲིག་བྱས་ཡོད་པ་དང་། བཞུགས་སྒར་ཁུལ་གྱི་མི་མང་ཡང་མང་པོ་ཞིག་ཕེབས་ཡོད་ཀྱང་། སྲིད་སྐྱོང་བློ་བཟང་སེང་གེ་མཆོག་བགྲོ་གླེང་སྟེང་ཕེབས་མེད་སྟབས། བགྲོ་གླེང་གནང་མ་ཐུབ་པར་མི་མང་རྣམས་རང་སར་ལོག་ཡོད།

སྲིད་སྐྱོང་འོས་མི་སྤེན་པ་ཚེ་རིང་མཆོག་བགྲོ་གླེང་སྟེང་ཕེབས་ཏེ། ང་དེ་རིང་གཏམ་བཤད་བྱེད་དུ་བཅར་མེད། ང་གསལ་བཤད་ཅིག་བྱེད་དུ་བཅར་བ་ཡིན། ཉེ་ཆར་བཀྲ་ཤིས་སྟོབས་རྒྱལ་ལགས་ལས་ཁུངས་ནང་ཕེབས་སོང་། ངས་ཁོང་ལ་སྲིད་སྐྱོང་མཆོག་ལ་ཞུས་ཡོད་མེད་དྲིས་པར། ཁོང་གིས་སྲིད་སྐྱོང་མཆོག་ལ་ཕྱག་ཡིག་ཅིག་ཕུལ་ཡིན། ཕེབས་དང་མི་ཕེབས་ཁྱེད་རང་གཉིས་ལྟ་ཡ་རེད་གསུང་གི་འདུག སྤྱིར་བཏང་འགྲོ་ལུགས་འགྲོ་སྟངས་ཀྱི་ཐོག་ནས་ད་ལྟའི་སྲིད་སྐྱོང་མཆོག་ཡིན་ན་ཐུགས་བྲེལ་ཆེན་པོ་ཡོད་པ་རེད། ང་རང་ཡིན་ནའང་ལས་ཁུངས་ཤིག་ལ་ལྟ་དགོས་པ་རེད། བགྲོ་གླེང་ཟེར་བ་དེ་མི་གཉིས་མཉམ་དུ་བསྡད་ནས་བགྲོ་གླེང་བྱ་རྒྱུ་མ་གཏོགས་མི་གཅིག་གིས་སྐད་ཆ་བཤད་ནས་བགྲོ་གླེང་ཡོང་ཐབས་ཡོད་མ་རེད། དེར་བརྟེན། མ་བཅར་ན་བསམ་ཡང་མི་མང་ཞེ་དྲགས་འཛོམས་འདུག་གསུང་གི་འདུག གསལ་བཤད་ཅིག་མ་ཞུས་ན། བགྲོ་གླེང་དང་ལེན་བྱས་མི་འདུག་ཅེས་སྤྱི་ཚོགས་ནང་སྐད་ཆ་ཡོང་གི་རེད་ལ། མང་ཚོགས་ལ་འགན་མ་འཁུར་བ་འདྲ་བོ་ཞིག་ཀྱང་མཐོང་གི་འདུག སྤྱིར་བཏང་བགྲོ་གླེང་གནང་རྒྱུ་དཔེ་མི་སྲིད་པའི་གལ་ཆེན་པ་རེད། ཅེས་གསུངས་སོང་།

འདི་གའི་གསར་འགོད་པས་བགྲོ་གླེང་གོ་སྒྲིག་པ་བཀྲ་ཤིས་སྟོབས་རྒྱལ་ལགས་སུ་བཅར་འདྲི་ཞུས་པར། ང་ཚོས་ཆུ་ཚོད་དང་འགྲོ་གྲོན་མང་པོ་ཞིག་བཏང་ནས་བགྲོ་གླེང་གོ་སྒྲིག་བྱས་ཏེ་མི་མང་པོ་ཕེབས་ཡོད་ཀྱང་། སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ཕེབས་ཐུབ་ཀྱི་མི་འདུག་ཅེས་གསུངས་ཡོད་སྟབས། ང་ཚོས་བགྲོ་གླེང་གོ་སྒྲིག་ཞུས་པ་དེ་ཆུད་ཟོས་སུ་བཏང་སོང་། ཞེས་བརྗོད་བྱུང་།

དེ་རིང་བགྲོ་གླེང་གི་བརྗོད་གཞི་གཙོ་བོ། སྲིད་སྐྱོང་བློ་བཟང་སེང་གི་མཆོག་ནས་ལོ་ངོ་བཞི་ལྷག་ཙམ་གྱི་རིང་རྨང་གཞི་ཆ་ཚང་བཏང་ཡོད་གསུང་གི་ཡོད་སྟབས། ལོ་བཞིའི་ནང་སྔར་མེད་གསར་གཏོད་ཀྱི་རྨང་གཞི་གང་དང་གང་བཏང་ཡོད་པའི་ཐད་སྐར་མ་ ༡༥ རིང་འགྲེལ་བཤད་སྐྱོན་རྒྱུ་དང་། ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་ནས་བཙན་བྱོལ་སྤྱི་ཚོགས་དང་སྒྲིག་འཛུགས་ཀྱི་འཛིན་སྐྱོང་དང་འབྲེལ་བའི་གནད་དོན་མང་པོ་ཞིག་གི་ཐད་སྦོ་ལུགས་ཡོང་གི་འདུག་གསུངས་ཡོད་སྟབས། དེའི་ཐད་ཕྱོགས་གང་དང་གང་གི་ཐད་ནས་སྦོ་ལུགས་ཡོང་གི་ཡོད་སྐོར་སྐར་མ་ ༡༥ རིང་ཞིབ་ཕྲའི་གསལ་བཤད་གནང་རྒྱུ་བཅས་རེད།

གསར་འགོད་པ། པདྨ་རྒྱལ།

འབྲེལ་ཡོད་གསར་འགྱུར།

Mobile App

༸གོང་ས་སྐུ་འཕྲེང་དྲུག་པའི་སྐོར་ལ་རྒྱལ་སྤྱིའི་ལྷན་ཚོགས་ཤིག་འཚོག་གཏན་ཁེལ།

༢༠༢༥/༡༡/༠༧
Mobile App

མགོན་པོ་སྐྱིད་ལགས་ལ་རང་ཁྱིམ་དུ་སྨན་བཅོས་བྱེད་བཞིན་འདུག

༢༠༢༥/༡༡/༠༦
ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པའི་ཡེ་ཤུའི་ལྷ་ཁང་གྲགས་ཅན་ MONTSERRAT ནས་གདན་ཞུས་གནང་ལྟར་ཆོས་ཁང་དུ་ཕེབས་ཏེ་ཆོས་ལུགས་འཆམ་མཐུན་དང་འཛམ་གླིང་ཞི་བདེའི་སྐོར་ལ་བཀའ་མོལ་ལྷུག་པོ་གནང་། ༢༠༢༥།༡༡།༠༤ པར་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་ཀྱི་ངོ་དེབ་ནས་བླངས།
Mobile App

ཀུན་བདེ་གླིང་རྟ་ཚག་རྗེ་སྤྲུལ་རིན་པོ་ཆེ་མཆོག་གིས་ཡུ་རོབ་རྒྱལ་ཁབ་ཁག་ཅིག་ནང་མཛད་འཕྲིན་སྐྱོང་བཞིན་པ།  

༢༠༢༥/༡༡/༠༥
༧ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེའི་སྐུ་ཚབ་ཞུས་ཏེ་བཀྲ་ཤིས་ལྷུན་པོའི་མཁན་པོ་གཟིག་རྒྱབ་རིན་པོ་ཆེ་མཆོག་གིས་དམངས་གཙོའི་གཟེངས་རྟགས་བཞེས་པ། ༢༠༢༥།༡༡།༤ དྲ་ལམ་གྱི་པར།
Mobile App

འདི་ལོའི་དམངས་གཙོའི་གཟེངས་རྟགས་༧ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་མཆོག་སོགས་ལ་ཕུལ།

༢༠༢༥/༡༡/༠༥
Aftab Pureval accepts congratulations following his reelection as Mayor of Cincinnati. Photo by Xiaojie Zavon
Mobile App

བོད་རིགས་ཀརྨ་ལགས་སླར་ཡང་ཨ་རིའི་སིན་སིན་ན་ཊི་གྲོང་ཁྱེར་སྤྱི་ཁྱབ་པར་བདམས་ཐོན་བྱུང་།

༢༠༢༥/༡༡/༠༥
Photo Credit: Global Peace Prayer Festival
Mobile App

འབྲུག་གི་འཛམ་གླིང་ཞི་བདེའི་སྨོན་ལམ་ཆེན་མོ་དངོས་སུ་དབུ་འཛུགས་གནང་།

༢༠༢༥/༡༡/༠༤

མཆན། 11

  1. སེམས་ says:
    ལོ་ 10 སྔོན།

    བོད་ཀྱི་བང་ཆེན་ ༢༠༡༦ ཟླ་བ་ ༢ ཚེས ༥ དུས་ཚོད ༥:༢༥༠ ཕྱི་དྲོ།
    ཟླ་འདིའི་ཚེས་༥ ཉིན་ཐེངས་འདིའི་སྔོན་འགྲོའི་སྲིད་སྐྱོང་འོས་མིའི་ནང་ལངས་མཁན་བཀྲ་ཤིས་སྟོབས་རྒྱལ་གྱིས་གཙོ་འགན་འོག སྲིད་སྐྱོང་འོས་མི་སྲིད་སྐྱོང་ལས་ཐོག་བློ་བཟང་སེང་གེ་དང་། སྲིད་སྐྱོང་འོས་མི་ཚོགས་གཙོ་ལས་ཐོག་སྤེན་པ་ཚེ་རིང་གཉིས་ཀྱི་བར་ལ་བགྲོ་གླེང་ཞིག་གོ་སྒྲིག་བྱས་ཡོད་ནའང། བགྲོ་གླེང་དེ་འཚོགས་ཐུབ་མེད་པ་རེད།

    deballleerབགྲོ་གླེང་འཚོག་གི་ཡོད་ཅེས་ཟླ་འདིའི་ཚེས་༣ ཉིན་ཙམ་ནས་མི་མང་ལ་ཁྱབ་བསྒྲགས་བྱས་པ་དང་། ཟླ་འདིའི་ཚེས་༤ ཉིན་སྲིད་སྐྱོང་འོས་མི་གཉིས་ལ་བགྲོ་གླེང་གོ་སྒྲིག་བྱས་ཡོད་པས་ཡོང་དགོས་སྐོར་གྱི་ཡི་གེ་ཞིག་སྤྲད་ཡོད་འདུག མི་མང་གིས་སྲིད་སྐྱོང་འོས་མི་གཉིས་ཕེབས་རྒྱུ་གཏན་ཁེལ་ཡོད་པ་རེད་སྙམ་ནས་ཧ་ཅང་མི་མང་པོ་སླེབས་ཡོད་པ་རེད།

    གོ་སྒྲིག་པས་འགྲེལ་བརྗོད་གནང་བ་ལྟར་ན། ཁ་སང་དགོང་མོ་སྲིད་སྐྱོང་ལས་ཁུངས་ནས་ཁོང་བཅར་ཐུབ་ཀྱི་མེད་པའི་ཁ་པར་འབྱོར་ཡོད་འདུག་ཀྱང་། ཁོང་གིས་སྲིད་སྐྱོང་ཕེབས་ཐུབ་ཀྱི་མེད་པའི་བརྡ་ལན་མི་མང་སྤྲད་མེད་འདུག

    ཚོགས་གཙོ་སྤེན་པ་ཚེ་རིང་ཚོགས་ཐོག་ཏུ་ཕེབས་ནས། ཁོང་གིས་ “མི་མང་ལ་དེ་རིང་གཏམ་བཤད་བྱེད་དུ་ཡོང་བ་མིན། གསལ་བཤད་ཅིག་བྱེད་དུ་ཡོང་བ་ཡིན། ཁ་སང་བཀྲ་ཤིས་སྟོབས་ལགས་ལས་ཁུངས་ལ་ཡོང་ནས་ང་ལ་ལབ་སོང་། དེའི་སྐབས་ངས་སྲིད་སྐྱོང་ལ་ཞུས་ཡིན་ནམ་དྲིས་པ་ཡིན། སྐབས་དེར་ཁོང་གིས་སྲིད་སྐྱོང་ལ་ཡི་གེ་དེ་ཕུལ་རྒྱུ་ཡིན་གསུངས་སོང་། ག་འདྲ་དགོས་པ་རེད་ཟེར་དུས་ཕེབས་ན་མ་ཕེབས་ན་ཁྱེད་རང་གཉིས་ཀྱིས་ལྟ་ཡ་རེད་ཟེར། ད་ལྟ་འགྲོ་ལུགས་འགྲོ་སྟངས་ཐོག་ནས་སྲིད་སྐྱོང་མཛད་བྲེལ་ཆེན་པོ་རེད་ལ། ངས་ཀྱང་ལས་ཁུངས་ལ་ལྟ་དགོས་རེད། ང་ཡང་མི་ཡོང་བསམ་སོང་ཡང་། ད་ལྟ་མི་མང་པོ་འཛོམས་འདུག་ཟེར། དེ་ནས་གསལ་བཤད་ཅིག་བྱེད་དུ་ཡོང་བ་ཡིན། བགྲོ་གླེང་གལ་ཆེན་པོ་རེད་དེ། ད་ཐེངས་གནང་ལུགས་གནང་སྟངས་དེ་ཏག་ཏག་བསྡད་མི་འདུག སང་གནང་ཉིན་ཡང་ཅིག་ལས་ཁུངས་ལ་ཡོང་ནས་ཡི་གེ་ཞིག་སྤྲད་དེ་ཡོང་དགོས་པ་རེད་ལབ་ན། དཀའ་ལས་ཆགས་ས་རེད་”ཅེས་བགྲོ་གླེང་གོ་སྒྲིག་བྱེད་མཁན་མང་པོ་ཞིག་གིས་ཁོང་ལ་འབྲེལ་བ་བྱུང་ཡོད་སྐོར་དང་། ཕྱི་ཟླ་༢ ཚེས་༢༩ ལས་སྲིད་སྐྱོང་དང་ངེད་གཉིས་ཀ་བཅར་ཐུབ་ཀྱི་ཡོད་སྐོར་གསུངས་ནས་ཁོང་ལོག་ཕེབས་སོང་།

    དེ་ནས་ཚོགས་འདུ་གྲོལ་བ་དང་སྲིད་སྐྱོང་འོས་མི་གཏམ་བཤད་གནང་དུ་ཕེབས་རྒྱུ་ཡོད་མེད་གཏན་མ་ཁེལ་སྔོན་ནས། མི་མང་བསྡུ་བསྐོང་བྱས་པ་ཡག་པོ་མིན་སྐོར་དང་། དུས་ཐུང་ནང་སྲིད་སྐྱོང་འོས་མི་གཉིས་ལ་འབྲེལ་བ་བྱས་པ་འགྲིག་མེད་སྐོར་བཤད་ཀྱི་འདུག །
    གསར་འགོད་པ་ཆོས་ཉིད་འོད་ཟེར།

    Reply
  2. དྲང་བདེན། says:
    ལོ་ 10 སྔོན།

    ད་ཐེངས་སྲིད་སྐྱོང་མཆོག་ལུག་རྫིའི་འཁྲབ་སྟོན་ར་བར་མ་ཕེབས་པ་འགྲིག་འདུག ཕོ་ཚོད་ཡོད་པའི་རྟགས་རེད། ལུག་རྫི་སྙིང་མ་བརྗེ། གསལ་བསྒྲགས་ནང་ལ་(བགྲོ་གླེང་ལ་མཉམ་ཞུགས་དགོས་པ་ལས་གཡོལ་ས་མེད་)ཅེས་པའི་ཚིག་དོན་དེའི་ཐོག་ནས་ལྐོག་གཡོ་ག་རེ་གཤམ་ཡོད་པ་གསལ་པོ་རེད། བགྲོ་གྲེང་ལ་ཞུགས་མིན་དང་འོས་ཤོག་སུ་ལ་འཕེན་མིན་དེ་ཚོ་ཚང་མ་རང་དབང་ལས་ངན་ཇུས་དང་མགོ་སྐོར་འགྲོ་ས་མེད།

    Reply
  3. Tenzin Bhaksel says:
    ལོ་ 10 སྔོན།

    ཧ་ཧ་བོད་མི་ཚོ། ་འདི་ང་ཚོའི་འོས་འདེམས་གནང་བའི་སྲིད་སྐྱོང་གི་ཁྱད་ཆོད་རེད།། དོ་བདག་ནས་མང་ཚོགས་ཀྱི་རེ་འདོད་སྒྲུབ་མེད་པའི་རྟགས་མཚན་རེད།། ནོར་འཁྲུལ་ཡོད་སྟབས་མང་ཚོགས་ནས་གཡོལ་གང་ཐུབ་གནངསོང་། བསྐྱར་དུ་འོས་ཤོག་འཕེན་ན་འོས་འཕེན་མཁན་བོད་་མི་དག་ནས་འགན་མ་འཁུར་བ་དང་སྨྱོན་པ་ཞིག་རེད་བསམ་གྱི་འདུག ད་འགྲིག་སོང་གཡོལ་གང་ཐུབ་ཀྱི་གནས་སྟངས་དེའི་ལོ་ ༤ ནང་གི་དབང་ཆ་བེད་སྤྱོད་ལོག་པ་ཚད་མེད་བཏང་བ་ར་འཕྲོད་སོང་།།། ཕྲུ་གུ་ཆུང་ཆུང་ལ་མེ་མདའ་བསྐྱར་དུ་སྤྲད་ན་ང་ཚོ་བསད་ཡོང་ང་།།།

    Reply
  4. དྲང་བདེན། says:
    ལོ་ 10 སྔོན།

    ལུག་རྫིས་གོ་སྒྲིག་དཀྱོག་དཀྱོག་རེད། 1 གཅིག་རྩར་དངོས་སུ་བཅར་བ་དང་གཅིག་ལ་ཡི་གེ་བཏང་བ། 2 བརྗོད་གཞི། བློ་སེང་གིས་གང་བྱས་འབྲེལ་བརྗོད་དང་། སྤེན་ཚེས་སྐྱོན་བརྫོད་བྱ་རྒྱུ་དེ་རེད། དེ་དྱང་པོ་རེད་དམ།

    Reply
  5. ར། says:
    ལོ་ 10 སྔོན།

    སྔོན་ཆན་སྲིད་སྐྱོང་ཁོང་མང་ཚོགས་ཀྱི་མདུན་དུ་ཐོན་རྒྱུར་རྔམ་མཁན་ཞིག་རེད་བསམ་སོང་མོད། དེང་སྐབས་མང་ཚོགས་ལ་གཡོལ་མཁན་ཞིག་ཏུ་གྱུར་འདུག མི་མང་གི་རྒྱལ་སྐྱོར་དགོས་ན་མི་མང་དང་ཁ་ཐག་ཉེ་རུ་གཏོང་དགོས་པ་ལས་རིང་དུ་གཏོང་ཉན་ལེ་མ་རེད། མང་ཚོགས་ལ་རང་ཉིད་ཀྱིས་ཅི་ཞིག་འཇོན་གྱི་ཡོད་དང་། རང་ངོས་ནས་ཅི་ཞིག་བསྒྲུབ་འདོད་ཡོད་འགྲེལ་བཤད་གསལ་བོ་གནང་སྟེ་རང་ཉིད་ལ་ཡིད་ཆེ་སྐྱེས་འཇུག་དགོས།

    Reply
  6. ཉི་མ་བསམ་གཏན། says:
    ལོ་ 10 སྔོན།

    བཀྲ་ཤིས་སྟོབས་རྒྱལ་ལགས་ཀྱིས་བཙན་བཀའི་འོག་བགྲོ་གླེང་ཚོགས་པ་དེ་མང་གཙོ་དམར་བསད་གཏང་བ་དང་ཚུངས།

    Reply
  7. འཇམ་དབྱངས། says:
    ལོ་ 10 སྔོན།

    སྲིད་སྐྱོང་ག་དུས་ཡིན་ནའང་གཡོལ་གང་ཐུབ་གནང་གི་འདུག་་་ ད་འོས་བསྡུ་ཆེན་པོ་སླེབས་ལ་ཉེ་བས་མི་མང་ནང་ལ་ཐོན་ནས་ལོ་བཞི་དང་ཕྱེད་ཀའི་རིང་མ་འཇོན་མ་འཐུས་མེད་པ་གསལ་པོ་བཟོ་དགོས། བྱུང་ན་མི་མང་ནང་ལ་ཁྱེད་གཉིས་བགྲོ་གླེང་ཉུང་མཐའ་ལའང་གསུམ་ཙམ་བྱེད་དགོས། སྲིད་སྐྱོང་མཆོག་་་ད་ནས་བཟུང་བགྲོ་གླེང་ལ་ཕེབས་རོགས། མ་གཡོལ་རོགས། སྐུ་མཁྱེན།།།

    Reply
  8. lobsang says:
    ལོ་ 10 སྔོན།

    རང་སེམས་ན་སྡིག་པ་མེད་ན། གཤིན་རྗེ་ན་འཇིགས་པ་ཅི་ཡོད། སྲིད་སྐྱོང་ལགས།

    Reply
  9. Machu Kalsang says:
    ལོ་ 10 སྔོན།

    བོད་པ་ཚོ། འདི་དག་ཚང་མ་ངོས་བདེན་དང་དྲང་རྐྱང་ཞིག་མ་རེད་ཆབ་སྲིད་ཀྱི་གཡོ་བྱུང་ཞིག་རེད་འདུག་གང་ལྟར་ཡང་
    ད་ལྟའི་དུས་ལ་ང་ཚོ་ཚང་མའི་ཞེན་ཁོག་སྟོང་བ་དེ་གཙོ་པོར་མི་བྱེད་པར་གུ་ཡངས་དང་དབྱོད་ཤེས་བེད་སྤྱོད་བྱེད་བའི་དུས་སུ་བབས། ལྷག་པར་དུ་ཤེས་ཡོན་གྱི་རྨང་གཞི་ཡོད་བ་རྣམས་ཀྱི་སྣེ་ཁྲིད་ལམ་ལྟོན་བྱེད་དགོས་རེད།
    ང་ཚོའི་མང་གཙོའི་རྒྱལ་ཁབ་ཨ་རི་སོགས་ལ་མིག་དཔེ་བལྟ་དགོས། ཁོང་ཚོའི་འོས་མི་རྣམས་ཀྱི་སོ་སོའི་ཁྱད་ཆོས་དང་ཡོན་ཏན་མཇོན་ཐང་སོགས་མི་མང་ལ་འགྲེལ་ཅིང་ཕན་ཚུན་སྐྱོན་འཛུག་སོགས་ཇི་ལྟར་བྱས་ཀྱང་།
    མི་མང་གིས་འཚབ་འཚུབ་ཅི་ཡང་མེད་པར་བག་ཕེབས་ངང་བལྟ་ཞིང་ཉན། མི་མང་ཕན་ཚུན་རྩོད་བ་ཧ་ཅང་ཉུང་།
    སྐབས་སུ་བབས་དུས་སོ་སོའི་སེམས་ལ་གྲ་སྒྲིག་ཡོད་པའི་འོས་མི་ལ་རང་དབང་གིས་དབང་ཆ་བཀོལ་ཏེ་རྒྱབ་སྐྱོར་བྱེད།
    ངའི་མཐོང་སྣང་ལ་ང་ཚོ་དེ་ལས་ལྡོག་དེ་འོག་གི་མི་མང་གིས་ཕན་ཚུན་སྐྱོན་བརྗོད་དང་རྩོད་བ་བྱེད་ཐ་ན་འཁྲིག་བ་ཡང་བྱེད་བ་བྱུང་བ་འདྲ། གནས་ཚུལ་དེ་དག་ཧ་ཅིང་བློ་ཕམ་དང་གླེན་རྟགས་རེད་འདུག།

    Reply
  10. ཊྲ་བོ་བློ་གཅེས། says:
    ལོ་ 10 སྔོན།

    གོ་ཐོས་ལྟར་ན། སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་དེང་སྐབས་བགྲོ་གླེང་དང་བཅར་འདྲི། གཏམ་བཤད་སྐབས་མི་མང་ལ་དྲི་བ་དྲིས་ལན་སོགས་ལ་གཡོལ་ཅི་ཐུབ་གནང་གི་ཡོད་པ་རེད་ཟེར།
    རྡ་རམ་ས་ལ་ནས། 1)འགྲོ་བ་མིའི་ཐོབ་ཐང་ཚོགས་པ་དང་། 2)མང་གཙོ་ཚོགས་པ། 3)བུད་མེད་ལྷན་ཚོགས། 4)བོད་ཀྱི་དུས་བབ་གསར་ཁང་། 5)ནོར་ཝེ་རླུང་འཕྲིན་ཁང་། 6)སྤྲེའུ་ལོའི་སྲིད་སྐྱོང་གླེང་སྟེགས། ཨ་རི་ནས། 7)ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་། 8)ཨ་རིའི་རླུང་འཕྲིན་ཁང་། 9)བོད་རིགས་སྤྱི་མཐུན་ཚོགས་པ་སོགས་ཀྱིས་བགྲོ་གླེང་གོ་སྒྲིག་བྱེད་པའི་འཆར་གཞི་ཡོད་ན་ཡང་བློ་བཟང་སེང་གེ་མཆོག་གིས་ཁས་ལེན་གནང་ཡོད་པ་མ་རེད་ཟེར་བཞིན་འདུག

    ནོར་ཝེ་རླུང་འཕྲིན་ཁང་གིས་ཐོག་མ་སྲིད་སྐྱོང་འོས་མི་ལྔ་ལ་དྲི་བ་ལྔ་རེ་གོ་སྒྲིག་བྱས་པ་ཡང་བློ་བཟང་སེང་གེ་ཡིས་ངོས་ལེན་གནང་མེད་པའི་དབང་གིས་རྡ་རམ་ས་ལར་ལབ་གླེང་མང་པོ་བྱུང་བའི་དབང་གིས་རྗེས་སུ་ཁོ་རང་གིས་བཅར་འདྲི་དང་ལེན་བྱས་སྐབས་རྡ་རམ་ས་ལ་༼བཀའ་མོལ་བཟོ་གྲྭ༽རེད་ཅེས་མདོར་བསྡུས་ན་བོད་གཞུང་གི་ལས་བྱེད་རྣམས་ལ་ཁྱད་གསོད་བྱས་པ་རེད་ཅེས་ལབ་གླེང་ཡོང་གི་འདུག དེ་མ་ཚད་བློ་བཟང་སེང་གེ་ཡིས་བགྲོ་གླེང་རྩ་བ་ཉིད་ནས་ངོས་ལེན་མ་བྱས་སྟབས། འུ་ཐུག་སྟེ་ཨ་རིའི་རླུང་འཕྲིན་ཁང་དང་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གཉིས་མཉམ་དུ་བློ་བཟང་སེང་གེ་ཡིས་ངོས་ལེན་གནང་མིན་ལ་མ་ལྟོས་པར། བགྲོ་གླེང་ལས་རིམ་བསྒྲིགས་སྟེ་ཉེ་ཆར་རིང་ལ་ཚེས་གྲངས་ཁ་གསལ་མེད་པའི་གསལ་བསྒྲགས་དེ་གནང་བ་རེད་ཟེར།

    Reply
  11. wangden says:
    ལོ་ 10 སྔོན།

    བཀའ་ཤག་གི་ཚང་མ་སྦུག་སྦུག་རེད་འདུག གསར་འགོད་གསལ་བསྒྲགས་སྤེལ་སྐབས་གསར་འགོད་པར་དྲི་བའི་གོ་སྐབས་མི་སྟེར་བ་དང་། ཉེ་ཆར་ལྷོ་ཕྱོགས་སུ་སྲིད་སྐྱོངས་ཕེབས་སྐབས་མི་མང་ལ་དྲི་བ་དྲིས་ལན་གྱི་གོ་སྐབས་མི་སྤྲོད་པ་སོགས་བྱེད་ཀྱིན་འདུག་པས་ཁོང་ཚོས་གང་འདྲ་ཞིག་སྦས་གབ་བྱེད་ཀྱིན་ཡོད་མེད་ཤེས་དཀའ་བ་ཞིག་རེད།
    དོན་དངོས་བཤད་ན་བཀྲ་ཤིས་སྟོབས་རྒྱལ་བླུན་དྲགས་པ་རེད་མ་གཏོགས་སྲིད་སྐྱོང་སྤྱི་འཐུས་ཚོགས་གཙོ་མཉམ་སྡིངས་ཆ་གཅིག་ནས་ལངས་པའི་སྤོབས་པ་མེད་པ་ཚོད་དཔག་ཐུབ་དགོས་པ་ཞིག་རེད། ཡིན་ནའང་། རིང་མིན་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese