མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གིས་ཕྱི་མི་བཙན་ཁྲིད།

བོད་ཀྱི་དུས་བབ།
༢༠༡༦/༠༢/༠༦
Share on FacebookShare on TwitterShare on EmailShare on Whatsapp

ཨ་རིའི་གསར་དེབ་ཁང་ (Wall Street Journal) གི་དཔྱད་བརྗོད། པདྨ་རྒྱལ་གྱིས་བོད་སྒྱུར་བྱས།

 

_____པེ་ཅིན་གཞུང་གིས། ཁྱོད་རང་ཡུལ་ལུང་གང་དུ་བྱོལ་ཡང་ང་ཚོའི་གསང་བའི་མི་སྣས་ཁྱོད་ཧོབ་འཕྲོག་རྒྱག་ངེས་ཡིན། ཞེས་པའི་སྡིགས་མོའི་བརྡ་འཕྲིན་སྤྲིངས་པ།

 

Screen Shot 2016-02-06 at 11.12.48 AMརྒྱ་ནག་དམར་ཤོག་ཚོགས་པའི་ཁ་གཏད་དུ་ལང་མཁན་རྒྱ་རིགས་གསར་འགོད་པ་ལེ་ཞེན་ (Li Xin) ལགས་ཕྱི་ ༡ ཚེས་ ༡༡ ཉིན་ཐའེ་ལན་ཌི་ནས་བློ་བུར་གར་སོང་ཆ་མེད་དུ་གྱུར་ཅིང་། རེས་གཟའ་ལྷག་པའི་ཉིན་ཁོས་རང་གི་བཟའ་ཟླར་འཕྲིན་ཡིག་ཅིག་བྲིས་པའི་ནང་། ངས་རྒྱ་ནག་གི་ཞིབ་བཤེར་དང་དུ་བླངས་ནས་ཕྱིར་རྒྱ་ནང་ལ་འབྱོར་ཡོད་ཅེས་འཁོད་འདུག སྐུ་ཞབས་ལེ་ཞེན་གྱི་བཟའ་ཟླ་ཧི་ཧྥན་མའེ་ (He Fangmei)ལགས་རྒྱ་ནག་གི་གཡོ་འོག་ཏུ་མ་ཚུད་པར་ཁོ་མོས་ཨ་རིའི་གསར་དེབ་ཁང་ (Wall Street Journal) ལ། ངས་ཁོ་ཚོའི་སྐད་ཆ་དེ་ཧ་གོ་སོང་། རྒྱ་ནག་གཞུང་གིས་ལེ་ཞེན་རང་གི་སྨོན་འདུན་ལ་རྒྱབ་འགལ་གྱི་སྐད་ཆ་དེ་བཙན་གྱིས་ཤོད་དུ་བཅུག་པ་རེད། ཅེས་བརྗོད།

 

ལྕམ་ཧི་ཧྥན་མའེ་ཡི་སྐད་ཆ་དེ་ཡིད་རྟོན་ཆོག་པ་ཞིག་སྟེ། ཉེ་བའི་ཟླ་བ་འདི་དག་རིང་རྒྱ་ནག་དམར་ཤོག་ཚོགས་པའི་ཁ་གཏད་དུ་ལང་མཁན་ཚོ་སྔ་རྗེས་སུ་ཐའེ་ལན་ཌི་དང་ཧོང་ཀོང་གྲོང་ཁྱེར་གཉིས་ནས་གློ་བུར་གར་སོང་ཆ་མེད་དུ་གྱུར་ཅིང་། ཕྱིས་སུ་གོ་ཐོས་ལྟར་ན། ཁོ་ཚོ་རང་གི་རེ་འདུན་ལྟར་ཕྱིར་རྒྱ་ནག་ནང་ལོག་པ་དང་། འཛམ་གླིང་མི་མང་གིས་དེ་ལ་བྱུས་གཏོགས་གང་ཡང་བྱས་མེད་ཅིང་། ཁོ་ཚོའི་ནང་མི་དང་ཉེ་གྲོགས་ཚོས་བཤད་ན། ཁོ་ཚོས་རང་གི་ནང་མི་དང་ཉེ་གྲོགས་ཚོར་བཏང་བའི་ཡིག་ཐོག་གི་སྐད་ཆ་དེ་དག་རྒྱ་ནག་གཞུང་གི་བཙན་སྐུལ་འོག་ཤོད་བཅུག་པ་ཞིག་ཡིན་རབས་འདུག

 

རྒྱ་ནག་ནང་གཏན་འགོག་བྱེད་བཞིན་པའི་དཔེ་ཚོང་གཉེར་མཁན་སི་ཝི་ཌན་ (Sweden) གྱི་མི་སེར་གུ་མེན་ཧྭེ་ (Gui Minhai) ཕྱི་ཟླ་ ༡༠ ཚེས་ ༡༧ ཉིན་གློ་བུར་གར་སོང་ཆ་མེད་དུ་གྱུར་ཅིང་། ཐའེ་ལན་གྱི་དཔོན་རིགས་ཚོས་ཁོ་ག་དུས་ཞིག་ལ་ཐའེ་ལན་ཌི་ནས་ཕྱིར་རྒྱ་ནག་ནང་ལོག་པའི་གནས་ཚུལ་མ་ཤེས་ཚུལ་བཤད་འདུག ཕྱི་ཟླ་ ༡ ཚེས་ ༡༧ ཉིན་རྒྱ་ནག་གཞུང་འབྲེལ་བརྙན་འཕྲིན་སྟེང་སྐུ་ཞབས་གུ་མེན་ཧྭེ་ཡིས་སྔར་བྱས་ལ་གནོང་འགྱོད་སྐོར་གྱི་གནས་ཚུལ་ཞིག་བསྒྲགས་པའི་ནང་། གུ་མེན་ཧྭེ་རང་འགུལ་གྱིས་ཕྱིར་རང་རྒྱལ་དུ་ལོག་ནས་ཕྱི་ལོ་ ༢༠༠༣ ལོར་ཆང་རག་འཐུང་སྟེ་རླངས་འཁོར་བསྐོར་བའི་ཉེས་ཆད་དང་ལེན་བྱས་ཡོད་ལུགས་བཤད་ཡོད་པ་མ་ཟད། ཕྱི་ཟླ་ ༡༠ བའི་ནང་གུ་མེན་ཧྭེ་ཡི་ལས་རོགས་རྒྱ་རིགས་གཞན་གསུམ་རྒྱ་ནག་ལ་ནང་མིར་ཐུག་འཕྲད་དུ་ཕྱིན་པའི་སྐབས་སུ་གློ་བུར་བོར་བརླག་བྱུང་ཡོད་པ་རེད།

 

དེ་མིན་གུ་མེན་ཧྭེའི་ལས་རོགས་གཞན་ཞིག་སྟེ་མིང་ལ་ལི་པོ་ (Lee Bo) ཟེར་བས་གསར་འགོད་པར། ཁོ་ཡུན་རིང་ལ་ཧོང་ཀོང་གྲོང་ཁྱེར་ནང་སྡོད་རྒྱུར་སྐྲག་གི་མེད་སྐོར་བརྗོད་ཅིང་། ཕྱི་ཟླ་ ༡༢ བའི་ཚེས་ ༣༠ ཉིན་ཁོ་ཧོང་ཀོང་གྲོང་ཁྱེར་གྱི་ཚོང་ཁང་ཆེན་པོ་ཞིག་ནས་གློ་བུར་གར་སོང་ཆ་མེད་དུ་གྱུར་ཅིང་། ཧོང་ཀོང་ས་གནས་སྲིད་གཞུང་གིས་ཁོ་ཕྱིར་རྒྱ་ནག་ནང་ལོག་ཡོད་མེད་ལ་གསལ་ཁ་མེད་ཚུལ་བཤད་འདུག སྐུ་ཞབས་ལི་པོ་ཡིས་ཧྲིན་ཀྲིན་ (Shenzhen) གྲོང་ཁྱེར་དུ་སྡོད་པའི་ཁོའི་བཟའ་ཟླར་ཁ་པར་བཏང་སྟེ། ཁོས་ས་གནས་ཞིབ་བཤེར་ཉེན་རྟོག་པར་རོགས་བྱེད་ཀྱི་ཡོད་སྐོར་བརྗོད་ཅིང་། ཁོས་སྔ་གཞུག་ཐེངས་གཉིས་ལ་འཕྲིན་ཡིག་བཏང་བའི་ནང་། ཁོས་ཞིབ་བཤེར་ཉེན་རྟོག་པར་རོགས་བྱེད་འདོད་མེད་སྐོར་འཁོད་ཡོད་པ་དང་། སྐུ་ཞབས་ལི་པོ་ནི་དབྱིན་ཇིའི་མི་སེར་ཞིག་ཡིན་ནའང་། ཁོ་དང་གུ་མེན་ཧྭེ་གཉིས་རྒྱལ་ཁབ་སོ་སོའི་དོན་གཅོད་ཁང་གི་དཔོན་རིགས་ཚོར་ཐུག་འཕྲད་བྱེད་བཅུག་མེད།

 

རེ་གཟའ་ཟླ་བའི་ཉིན་ཨ་རིའི་རྒྱལ་སྲུང་ལྷན་ཁང་གི་མགྲིན་ཚབ་ལས་རོགས་གཞོན་པ་ཇོན་ཁེར་བྷེ་ (John Kirby) ཡིས། ད་ལྟའི་བར་ཧོང་ཀོང་གྲོང་ཁྱེར་ནང་དཔེ་ཚོང་གཉེར་མཁན་རྒྱ་རིགས་ ༥ གློ་བུར་གར་སོང་ཆ་མེད་དུ་གྱུར་ཡོད་སྟབས། ཧོང་ཀོང་གྲོང་ཁྱེར་གྱི་རང་སྐྱོང་བདག་དབང་ལ་འཇིག་ཉེན་ཐེབས་སྲིད་པར་སེམས་འཚབ་ཡོད་པའི་སྐོར་ལ་ཁོང་གིས། ང་ཚོས་རྒྱ་ནག་གཞུང་གིས་སྔ་རྗེས་སུ་དཔེ་ཚོང་གཉེར་མཁན་རྒྱ་རིགས་ ༥ གར་སོང་ཆ་མེད་དུ་གྱུར་བའི་གནས་ཚུལ་དང་། ད་ལྟའི་གནས་སྟངས་ལ་གསལ་བཤད། ཁོ་ཚོ་ཕྱིར་སོ་སོའི་ཡུལ་ལ་ལོག་འཇུག་དགོས་པའི་ཛ་དྲག་གི་འབོད་སྐུལ་ཞུ་རྒྱུ་ཡིན། ཞེས་བརྗོད་འདུག

 

རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ལུ་ཀང་ (Lu Kang) ཟེར་བས། ཁོང་ཁྲོའི་ངང་ནས་ཧོང་ཀོང་གྲོང་ཁྱེར་རྒྱ་ནག་གི་ཆ་ཤས་ཡིན་སྟབས། ཕྱིའི་རྒྱལ་ཁབ་ཁག་ལ་ཇུས་གཏོགས་བྱེད་པའི་དབང་ཆ་མེད། ཅེས་བརྡ་ལན་ཞིག་སྤྲད་ཡོད་པ་དང་། ཁོས་དཔེ་ཚོང་གཉེར་མཁན་དེ་ཚོ་གློ་བུར་གར་སོང་ཆ་མེད་དུ་གྱུར་བའི་རྒྱབ་ལོགས་ན་རྒྱ་ནག་གི་དཔོན་རིགས་ཚོ་ཡོད་པ་ངོས་ལེན་བྱས་ཡོད་ཀྱང་། ཁོས་ད་དུང་རྒྱ་ནག་གི་དཔོན་རིགས་ཚོས་ཕྱིའི་རྒྱལ་ཁབ་ཀྱི་རྩ་ཁྲིམས་ལ་གཏོར་བརླག་བྱེད་ཀྱི་མེད་པའི་སྐོར་ལ། གལ་ཏེ་ང་ཚོར་ཕྱིའི་རྒྱལ་ཁབ་ཀྱི་སྲིད་གཞུང་ཁག་དང་ལྷན་དུ་མཉམ་ལས་ལག་བསྟར་བཅའ་ཁྲིམས་ཤིག་དགོས་ཀྱི་ཡོད་ན། བཅའ་ཁྲིམས་དེ་གཞིར་བཟུང་གིས་ཕན་ཚུན་བར་མོས་མཐུན་གྱི་གྲོས་ཆོད་བཞག་ཆོག ཅེས་བརྗོད་ཡོད་པ་རེད།

 

གཅིག་བྱས་ན་ཐའེ་ལན་སྲིད་གཞུང་གིས་ལེ་ཞེན་དང་གུ་མེན་ཧྭ་གཉིས་བཙན་ཁྲིད་བྱེད་བཅུག་ཡོད་སྲིད་དེ། བྷན་ཁོ་ཁི་སྲིད་གཞུང་གིས་དེ་སྔོན་ནས་པེ་ཅིན་གཞུང་གི་བཀོད་འདོམས་ལ་ཉན་ཏེ་གནད་དོན་འདིའི་ཐད་མི་སྨྲ་བའི་རྟུལ་ཞུགས་བཟུང་ཡོད་པ་རེད། ཕྱི་ཟླ་ ༡༡ པའི་ནང་ཐའེ་ལན་གཞུང་གིས་རྒྱ་ནག་གིས་འཚོལ་བཞིན་པའི་རྒྱ་རིགས་ཏུང་ཀུང་ཕེན་ (Dong Guangping) དང་ཅིང་ཡེ་ཧྥི་ (Jiang Yefei) གཉིས་རྩིས་སྤྲོད་བྱས་ཡོད་ནའང་། ཨ་རིའི་གཞུང་གིས་ཁོ་གཉིས་རྒྱལ་ཁབ་གཞན་ནང་གནས་སྡོད་བྱེད་བཅུག་ཡོད་པ་རེད། དེར་མ་ཟད་ཕྱི་ཟླ་ ༧ པའི་ནང་བྷན་ཁོ་ཁི་སྲིད་གཞུང་གིས་ཡུ་གུར་སྐྱབས་བཅོལ་བ་མི་ ༡༠༩ བཙན་གྱིས་ཕྱིར་རྒྱ་ནག་ནུབ་རྒྱུད་ཀྱི་ཡུ་གུར་མི་རིགས་རང་སྐྱོང་ཟེར་བའི་ནང་ཕྱིར་འཕུད་བཏང་བ་རེད།

 

རྒྱ་ནག་སྐམ་ས་ཆེན་མོའི་བདེ་འཇགས་དཔོན་རིགས་ཚོས་དུས་ཡུན་རིང་བོར་ས་གནས་སྲིད་གཞུང་གི་ཆོག་མཆན་མ་ཞུས་པར་གང་འདོད་དུ་ཧོང་ཀོང་གྲོང་ཁྱེར་ནང་རྟོག་ཞིབ་བྱས་ཡོད་པ་དང་། སྐུ་ཞབས་ལི་པོ་གནད་དོན་དེ་འདྲ་ཞིག་གི་ཐོག་ནས་བཙན་ཁྲིད་བྱས་ཡོད་པ་མ་ཟད། རྒྱ་ནག་གི་ཉེན་རྟོག་པ་ཚོས་ད་དུང་མཱ་ཁུ་ (Macau) གྲོང་ཁྱེར་གྱི་མི་མང་འཛིན་བཟུང་བྱས་ཡོད་པ་རེད། ཧོང་ཀོང་སྲིད་འཛིན་ས་ཁུལ་གྱི་གཙོ་འཛིན་ལུང་ཀྲུན་ཡེན་ (Leung Chun-ying) གྱིས་ཉེན་རྟོག་ལྷན་ཁང་ལ་རྩོད་པ་རྒྱག་གི་ཡོད་སྟབས། ཧོང་ཀོང་གྲོང་ཁྱེར་གྱི་དཔོན་རིགས་འགའ་རེས་རྒྱ་ནག་གི་སྡིགས་མོ་དང་ལྟ་རྟོག་ལ་བསྟུན་ཏེ་རྒྱ་ནག་སྐམ་ས་ཆེན་མོའི་དཔོན་རིགས་ཚོ་དང་ལྷན་དུ་མཉམ་ལས་བྱེད་བཞིན་ཡོད་པ་དེར་ཧ་ལས་དགོས་པ་གང་ཡང་མི་འདུག

 

པེ་ཅིན་གཞུང་གིས་ཉེས་ཅན་ཕྱིར་སྤྲོད་ཀྱི་བཅའ་ཁྲིམས་སྣང་མེད་ལ་བཏང་སྟེ། རྒྱལ་སྤྱིའི་སྟེང་རང་གི་ཆེ་མཐོང་ལ་གོད་ཆག་བཟོ་འདོད་ཡོད་པ་འདྲ། རྒྱ་ནག་ནས་བཏང་བའི་བརྡ་ཁྱབ་དེའི་ནང་། གལ་ཏེ་ཁྱོད་རང་དམར་ཤོག་ཚོགས་པའི་ཁ་གཏད་དུ་ལངས་ན། འཛམ་གླིང་སྒང་འདིར་ཁྱེད་རང་སྐུང་གནས་ཤིག་ནམ་ཡང་མེད་པ་གསལ་བོར་བསྟན་འདུག

 

མ་རྩོམ་འབྲེལ་ཐག http://www.wsj.com/articles/chinas-overseas-abductions-1454633130

འབྲེལ་ཡོད་གསར་འགྱུར།

Mobile App

སྐབས་ ༡༧ པའི་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པ་མཇུག་སྒྲིལ་སོང་།

ཆུ་ཚོད་ ༡ སྔོན་ལ།
Mobile App

ཀ་ལུ་མན་གྲོང་དུ་ཟླ་གཅིག་དང་ཕྱེད་ཀ

ཆུ་ཚོད་ ༢ སྔོན་ལ།
Mobile App

རྩིས་ལོ་ ༢༠༢༦་་༢༠༢༧ ནང་དགོས་དངུལ་བཀའ་འཁྲོལ་ཧིན་སྒོར་ས་ཡ་ ༣༤༠༨ ལྷག་སྤྱི་མོས་གཏན་འབེབས་གནང་།

ཆུ་ཚོད་ ༤ སྔོན་ལ།
དགེ་འདུན་པ་ཨོ་རྒྱན་བྱང་ཆུབ། འབྲེལ་ཡོད་ཀྱིས་མཁོ་སྤྲོད་བྱས། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

དགེ་འདུན་པ་ཨོ་རྒྱན་བྱང་ཆུབ་ལགས་འཛིན་བཟུང་བྱས་ཏེ་གཅར་རྡུང་བྱས།

༢༠༢༦/༠༣/༢༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་དབྱིན་ཇིའི་ཆོས་དཔོན་ས་ར་མུ་ལ་ལི་ལགས་སུ་འཚམས་འདྲི་མཛད།

༢༠༢༦/༠༣/༢༨
Sikyong Penpa Tsering Extends Sincere Congratulations to Nepal’s New Prime Minister, Honourable Balendra Shah. Photo Credit: tibet.net
Mobile App

སྲིད་སྐྱོང་མཆོག་གིས་བལ་ཡུལ་གྱི་སྲིད་བློན་གསར་པ་བྷ་ལེན་དྷ་ར་ལགས་སུ་འཚམས་འདྲི་ཞུས།

༢༠༢༦/༠༣/༢༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese