མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་མིའི་སྒྲིག་འཛུགས་ངོས་ལེན་མེད་པ་ཤེས་དགོས།

བོད་ཀྱི་དུས་བབ།
༢༠༡༦/༠༣/༡༨
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་རྒྱ་གར་ (PTI) གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན།

eca86bd9ddb416e9aad22e ཁ་སང་རེས་གཟའ་ཕུར་བའི་ཉིན་རྒྱ་ནག་གཞུང་གིས་རྒྱ་གར་ནང་སྐྱབས་བཅོལ་དུ་སྡོད་པའི་བོད་མིའི་སྒྲིག་འཛུགས་ལ་དུས་ནམ་ཡང་ངོས་ལེན་མེད་ཚུལ་དང་འཛམ་གླིང་རྒྱལ་ཁབ་ཁག་གིས་བོད་རང་བཙན་འཐབ་རྩོད་ཀྱི་སྡིངས་ཆ་མི་བསྐྲུན་པའི་འབོད་སྐུལ་བཏང་ཡོད་འདུག

བཙན་བྱོལ་བོད་མིའི་བཀའ་སྤྱི་གཉིས་ཀྱི་དངོས་གཞིའི་འོས་བསྡུ་ཚུགས་ལ་ཉེ་བའི་སྐབས་དང་བསྟུན་ཏེ། རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ལུ་ཁང་ (Lu Kang) ཟེར་བ་ཞིག་གིས། ཁྱོད་རང་ཚོས་ངེས་པར་དུ་རྒྱ་ནག་གིས་རྒྱ་གར་ནང་སྐྱབས་བཅོལ་དུ་སྡོད་པའི་བོད་མིའི་སྒྲིག་འཛུགས་ཟེར་བ་དེར་ནམ་ཡང་ངོས་ལེན་མེད་པའི་ལངས་ཕྱོགས་དེ་གསལ་བོར་ཤེས་དགོས། ཞེས་དང་། ཡང་གསར་འགོད་པ་ཞིག་གིས་ཁོ་ལ། ཟླ་འདིའི་ཕྱི་ཚེས་ ༢༠ ཉིན་རྒྱ་ནག་གཞུང་གི་འདོད་མོས་ཡོད་མེད་གང་ལྟར་ཡང་བོད་མིའི་སྒྲིག་འཛུགས་བཀའ་སྤྱི་གཉིས་ཀྱི་དངོས་གཞིའི་འོས་བསྡུ་ཚུགས་གྲབས་ཡོད་པའི་ཐད་ལྟ་ཚུལ་ག་རེ་ཡོད་མེད་དྲིས་པར་ཁོས། འཛམ་གླིང་རྒྱལ་ཁབ་ཁག་དང་ལྷག་པར་དུ་བོད་མི་ཁ་བྲལ་བར་འབྲེལ་འདྲིས་ཟབ་པའི་རྒྱལ་ཁབ་ཁག་གིས་བོད་རང་བཙན་འཐབ་རྩོད་ཀྱི་སྡིངས་ཆ་མི་བསྐྲུན་རྒྱུར་ང་ཚོས་རེ་བ་བྱེད་ཀྱི་ཡོད་ལུགས་སོགས་བཤད་འདུག

གནས་ཚུལ་འདིའི་ནང་མུ་མཐུད་དུ། ཕྱི་སྡོད་བོད་མིས་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། ད་ལྟའི་བར་བོད་རང་དབང་དང་༧གོང་ས་མཆོག་ཕྱིར་བོད་ནང་གདན་འདྲེན་དགོས་པའི་འབོད་སྐུལ་ཐོག་བོད་མི་ ༡༣༠ ལྷག་གིས་རང་ལུས་མེར་སྲེག་གནང་ཡོད་སྐོར་དང་། རྒྱ་གར་བྱང་ཕྱོགས་དྷ་རམ་ས་ལར་ཚུགས་པའི་བོད་མིའི་གྲོས་ཚོགས་ནང་ད་ཆར་འཐུས་མི་ ༤༤ གྲུབ་ཅིང་། བོད་མིའི་སྲིད་སྐྱོང་དེའང་བཙན་བྱོལ་བོད་མི་ ༡༥༠,༠༠༠ ལྷག་གིས་ཐད་ཀར་འོས་འདེམས་བྱེད་ཀྱི་ཡོད་སྐོར་སོགས་འཁོད་འདུག

གསར་འགོད་པ། པདྨ་རྒྱལ།

འབྲེལ་ཡོད་གསར་འགྱུར།

Brahma Chellaney  is an Indian geostrategist and columnist.Photo : Sri Lanka Campaign for Peace & Justice
Mobile App

རྒྱ་ནག་གིས་ཞིབ་བཤེར་གྱི་ལག་པ་རིང་དུ་བརྐྱངས་ནས་རྒྱལ་སྤྱིའི་ལྟ་སྟངས་ལ་འགྱུར་བ་གཏོང་བཞིན་ཡོད།

ཆུ་ཚོད་ ༢ སྔོན་ལ།
Mobile App

ཁ་མཆུ་ཨང་ ༢༣ པའི་གཏན་འབེབས་ཀྱི་ཉན་ཞིབ་འཚོགས། 

ཆུ་ཚོད་ ༤ སྔོན་ལ།
Mobile App

ཨ་རིའི་གྲོས་ཚོགས་གོང་མའི་ནང་བོད་ཀྱི་མ་འོངས་འགན་སྲུང་ཁྲིམས་འཆར་ངོ་སྤྲོད་གནང་།

ཆུ་ཚོད་ ༦ སྔོན་ལ།
Editorials

ཤོད་མཁན་ཇེ་མང་། ཉན་མཁན་ཇེ་ཉུང་།

༢༠༢༦/༠༨/༡༡
Taiwan's President Lai Ching-te (2nd-L) and Defence Minister Wellington Koo (3rd-L) (Photo by I-Hwa Cheng / AFP via Getty Images)
Mobile App

ཐའེ་ཝན་གྱིས་དམག་ཤུགས་བསྐྱེད་ནས་རྒྱ་ནག་གི་བཙན་འཛུལ་ལ་འགོག་རྒོལ་བྱ་རྒྱུ་ཡིན་འདུག 

༢༠༢༦/༠༨/༡༡
TTT
Mobile App

འབྲས་སྤུངས་ཁྲི་ཟུར་རྗེ་བཙུན་དཀོན་མཆོག་དཔག་བསམ་དཔལ་བཟང་པོ་མཆོག་དགོངས་པ་རྫོགས།

༢༠༢༦/༠༨/༡༡

མཆན། 3

  1. dakpa says:
    ལོ་ 10 སྔོན།

    “བོད་མི་ ༡༣༠ ལྷག་གིས་རང་ལུས་མེར་སྲེག་གནང་ཡོད་སྐོར་དང་། “ཞེས་༡༣༠་ལྷག་གིས་ཞེས་བྲིས་པ་འདི་ལ་བསམ་ན་དུས་བབས་ཚང་གིས་རང་ལུས་མེར་སྲེག་པའི་གྲངས་འབོར་ཏག་ཏག་ཅིག་མཁྱེན་གྱི་མེད་པའི་སྣང་བ་ཞིག་ཡོད་པ་མ་ཟད་དེ་ཐོག་དོ་སྣང་ཡང་མ་གནང་བའི་འདུ་ཤེས་ཤིག་ཡོང་གི་འདུག གང་ལྟར་གྲངས་ཀ་ཏག་ཏག་ཅིག་གི་སྒོ་ནས་གསུང་རྒྱུ་གལ་ཆེན་པོ་མཐོང་།

    Reply
    • བོད་ཀྱི་དུས་བབ། says:
      ལོ་ 10 སྔོན།

      དྲ་གྲོགས་ Dackpa ལགས། བོད་ཀྱི་དུས་བབ་ཀྱིས་བོད་ནང་བོད་མི་ག་ཚོད་ཀྱིས་རང་ལུས་མེར་བསྲེགས་གནང་ཡོད་པ་ཤེས་མིན་ལ་མ་ལྟོས་པར། གསར་འགྱུར་ཡོང་ཁུངས་ན་ཇི་ལྟར་བཀོད་ཡོད་ན་དེ་ལྟར་འགོད་དགོས་པ་གསར་འགྱུར་ལས་རིགས་ཀྱི་རྩ་དོན་རེད།

      Reply
  2. དཀར་མེ། says:
    ལོ་ 10 སྔོན།

    གང་ལྟར་ངོས་ལེན་མེད་ཅེས་ནན་བརྗོད་བྱེད་བཞིན་པ་འདིས། བོད་ཀྱི་གནད་དོན་འདི་རྒྱ་ནག་དམར་གཞུང་ལ་ཇི་འདྲའི་ཚོར་བ་ཞིག་བསླངས་ཡོད་པ་དེས་ཤེས་ཐུབ། ནམ་ཞིག་ངེས་ལེན་མེད་ཅེས་པའི་ཚིག་འདི་རིང་མིན་ངེས་ལེན་ཅན་དུ་འགྱུར་རྒྱུའི་མངོན་རྟགས་ཤིག་ཀྱང་ཅི་ལ་མིན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese