མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྔོན་ལ་ན་ཚ་ངོ་མར་གདོང་ལེན་བྱེད་དོ།

བོད་ཀྱི་དུས་བབ།
༢༠༡༦/༠༣/༡༩
Share on FacebookShare on TwitterShare on EmailShare on Whatsapp

སྨན་པ་དོན་གྲུབ་བཀྲིས་དང་བསྟན་འཛིན་བདེ་གསལ་ནས་བརྩམས།

ལྷ་སྒང་ཆོས་གྲགས་ཀྱིས་བསྒྱུར།

ད་ལྟའི་འགྲོ་བཞིན་པའི་སྲིད་སྤྱི་གཉིས་ཀྱི་འོས་བསྡུའི་བརྒྱུད་རིམ་ནང་དུ་གླེང་སློང་དང་བགྲོ་གླེང་ཚ་ཚ་འུར་འུར་གྱིས་འགྲོ་བཞིན་ཡོད་པ་རྣམས་ལས། ང་ཚོས་མཐོང་བ་ནི་བཙན་བྱོལ་ནང་གི་མང་གཙོའི་གྱུར་འགྲོས་དང་འཕེལ་རིམ་ཞིག་ཡིན་ཡང་། སྐབས་རེ་དེའི་ནང་དུ་གོ་སྐབས་ལོག་སྤྱོད་དང་གཞི་མེད་སྒྲོ་བསྐུར་གྱི་རིགས་མཁས་བླུན་ཚང་མས་བསམ་ཚུལ་འདོན་གྱིན་ཡོད། འོན་ཀྱང་། བློ་ཕམ་པ་ཞིག་ལ་དེ་དག་ཁྲོད་དུ་བོད་མིའི་འཕྲོད་བསྟེན་དང་འབྲེལ་བའི་དོན་དངོས་ཀྱི་གནས་ཚུལ་ཐད་ལ་སུ་ཞིག་གིས་ཀྱང་གླེང་སློང་གནང་མ་སོང་། དཔེར་ན། བོད་པའི་སློབ་གྲྭ་ཁག་ཏུ་ཁྱབ་སྤེལ་འགྲོ་བཞིན་པའི་གློ་གཅོང་གི་ནད་གཞི་དང་། གཞོན་སྐྱེས་ཁྲོད་དུག་ཟས་སྣ་ཚོགས་སྤྱོད་བཞིན་པ་རྣམས་ལ་ང་ཚོའི་དབུ་ཁྲིད་ཀྱིས་ངོས་ནས་འཕྲོད་བསྟེན་གྱི་ལམ་ལུགས་ཚད་ལྡན་ཞིག་བསྐྲུན་ཐུབ་ཡོད་མེད་ཀྱི་སྐོར་སོགས་རེད། རྩོམ་ཡིག་འདིའི་ནང་དུ་འབྱུང་གྱུར་ལམ་ལུགས་བཟོ་མཁན་གྱི་དབུ་འཁྲིད་དང་། ཁོང་རྣམས་འདེམས་མཁན་གྱི་མི་མང་གིས་ངོས་ནས་བཙན་བྱོལ་ནང་གི་འཕྲོད་བསྟེན་གྱི་ཐོག་ལ་བསམ་ཞིབ་ནན་མོ་ཞིག་གནང་རོགས་ཞེས་རེ་བསྐུལ་ཞུ་བཞིན་ཡོད། དེ་ཡང་། གཞི་རིམ་འཕྲོད་བསྟེན་གྱི་དགོས་མཁོ་ནི་རང་བཞིན་གྱིས་ང་ཚོའི་སྤྱི་ཚོགས་ཀྱི་ཆོས་སྲིད་གང་ལའང་འབྲེལ་བ་དམ་ཟབ་ཡོད་པས་ཡིན།

༸སྤྱི་ནོར་༸གོང་ས་ཏཱ་ལའི་བླ་མ་སྐུ་ཕྲེང་བཞི་པ་ཆེན་པོ་དང་མི་རབས་རྒན་པ་རྣམས་ཀྱིས་སྐུ་ལས་ཚད་མེད་བསྐྱོན་ཞིང་། ང་ཚོ་གཞོན་སྐྱེས་ཚོར་ཤེས་ཡོན་དང་སློབ་གསོ་གནང་ནས་མ་འོངས་པའི་སོན་རྩར་བརྩི་འཇོག་གནང་བ་རེད། ད་ལྟ་ང་ཚོའི་འཐབ་རྩོད་ནི་ཆེ་ཛ་དྲག་ཅན་གྱི་གནས་སྟངས་ཤིག་ཏུ་ཡོད། ༸གོང་ས་མཆོག་དང་མི་རབས་རྒན་པ་རྣམས་ཀྱིས་འཕྲལ་ཕུགས་ཀྱི་འཆར་སྣང་དང་ལས་གཞི་དག་ང་ཚོའི་སྣ་ཁུག་གི་མདུན་དུ་དེ་ལྟར་སྦོ་ལུགས་ནས་འགྲོ་བཞིན་པར། ང་ཚོས་ཁ་ཁུ་སིམ་མེར་གོ་མེད་ཚོར་མེད་ཀྱིས་སྡོད་ཐབས་མེད་པ་ཞིག་རེད།

གཞོན་སྐྱེས་སུ་ཁས་ཆེ་བ་མང་པོ་ཞིག་གིས་ཕལ་ཆེར་ “ང་ཆབ་སྲིད་ལ་དོ་སྣང་མེད།” ཅེས་ལབ་སྲིད་པ་ཞིག་རེད། འོན་ཀྱང་། ང་ཚོའི་འཐབ་རྩོད་འདི་གསོན་པོར་གནས་པའི་སླད། དུས་སྐབས་འདིར་ང་ཚོས་གནད་དོན་མང་པོ་ཞིག་འདོད་མོས་ཡོད་མེད་ལ་མ་ལྟོས་པར་དེ་དག་གི་ནང་དུ་ཆ་ཤས་ལེན་རྒྱུ་དང་གཅིག་སྒྲིལ་གྱིས་བསམ་བློ་སྤུངས་རྒྱུ་ནི་གལ་ཆེན་རེད།

དེ་ན་འཕྲོད་བསྟེན་ལས་ཁུངས་ནི་བོད་མིའི་སྒྲིགས་འཛུགས་ལ་ལྷན་ཁང་བདུན་ཡོད་པའི་ནང་ནས་གཅིག་ཡིན་ཞིང་། དེའི་ལས་དོན་གཙོ་བོ་ནི་རྒྱ་བལ་འབྲུག་གསུམ་དུ་ཁ་ཐོར་ནས་ཡོད་པའི་སྨན་ཁང་དང་འཕྲོད་བསྟེན་ལྟེ་གནས་དེ་དག་བརྒྱུད། བོད་མི་བཙན་བྱོལ་བ་རྣམས་ཀྱི་གཞི་རིམ་འཕྲོད་བསྟེན་གྱི་དགོས་མཁོ་རྣམས་ལ་བལྟ་སྐྱོང་གནང་རྒྱུ་དེ་ཕྱག་ལས་གཙོ་བོ་དེ་རེད། དེ་ལྟར་མོད་ད་ལྟའི་བོད་མིའི་སྤྱི་ཚོགས་སུ་ལག་བསྟར་བྱེད་ཀྱིན་པའི་འཕྲོད་བསྟེན་ལམ་ལུགས་ཀྱི་གནས་སྟངས་ནི་ར་ལང་བྱ་ལང་ངང་ཆག་གྲུམ་དུ་གྱུར་ཚར་འདུག་པས། བོད་མི་ཚོར་འཕྲོད་བསྟེན་ལྟ་སྐྱོང་ཐད་འཆར་གཞི་དང་ལམ་ལུགས་ཡག་པོ་ཞིག་དགོས་པ་ནི་ཁ་ཚ་དགོས་གཏུགས་སུ་གྱུར་འདུག ང་ཚོར་ད་ལྟའི་བར་འཕྲོད་བསྟེན་དང་འབྲེལ་བའི་དཀའ་ངལ་དཔེར་ན། གློ་གཅོང་གི་གནད་གཞི་དང་། མཆིན་ནད་(Hepatitis B ) ཕོ་སྐྲན་བཅས་ནད་གཞི་ཆེ་གྲས་ལ་འཐུས་སྒོ་ཚང་བའི་ལྟ་སྐྱོང་ལམ་ལུགས་ཤིག་བྱུང་མེད་པ་ནི་འཐུས་ཤོར་ཞིག་རེད།

སྨན་རྩིས་ཁང་དང་བདེ་ལེགས་སྨན་ཁང་གཉིས་ནི་སྲོལ་རྒྱུན་དང་གཉེན་ནད་ཀྱི་སྨན་བཅོས་ལྟ་རྟོགས་བྱེད་མཁན་གྱི་འདབ་གཤོག་གཉིས་ལྟ་བུ་ཡིན་ཞིང་། སྡེ་ཚན་གཉིས་པོ་དེ་ནི་རང་སྐྱོང་གིས་འཛིན་སྐྱོང་བྱེད་བཞིན་པ་དང་ལྷན་འཕྲོད་བསྟེན་བཀའ་བློན་མཆོག་ནི་དེའི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་ཡིན། ཚོགས་སྡེ་དེ་གཉིས་མིན་པར་ད་དུང་ང་ཚོར་འཕྲོད་སྟེན་དང་འབྲེལ་ཡོད་ཀྱི་རང་སྐྱོང་སྡེ་ཚན་དང་ཚོགས་སྡེ་གཞན་དག་མང་པོ་ཡོད་པ་ནི། ལྕགས་པོ་རི་སྨན་རྩིས་ཁང་དང་དགའ་བྱང་སྨན་ཁང་། རྣམ་གྲོལ་གླིང་སྨན་ཁང་། སེར་ར་སྨན་ཁང་། དཔལ་སྤུངས་སྨན་ཁང་སོགས་ཡོད་རེད།

བོད་མི་ཚོར་གློ་གཅོང་ནད་གཞིའི་འགོས་ཁྱབ་ཀྱི་འཇིགས་སྣང་ནི་ཧ་ཅང་གི་མངོན་གསལ་དོད་པོ་ཞིག་རེད། སྨན་གྱི་རིགས་མང་པོས་ཀྱང་དྲག་བསྐྱེད་དཀའ་བའི་གློ་གཅོང་གི་ནད་གཞི་ཨེམ་ཌི་ཨར(MDR)ཞེས་པའི་ན་ཚའི་ཚད་གཞི་ནི། བོད་པའི་གཞོན་སྐྱེས་ཚོའི་ཁྲོད་དུ་མངོན་གསལ་གྱི་འཕར་བཞིན་ཡོད་ལ། ལྷག་པར་དུ་སློབ་གྲྭ་ཁག་དང་འདུས་སྡེ་ཁག་དུ་ཛ་དྲག་གི་གནས་སྟངས་སུ་གྱུར་ཡོད། འཛམ་གླིང་འཕྲོད་བསྟེན་ལྷན་ཁང་ལྟར་ན་གློ་གཅོང་གི་ནད་པ་མི་གཅིག་གིས་ལོ་རེར་ཉུང་མཐར་མི་བཅུ་དང་བཅོ་ལྔར་ན་ཚ་འགོས་སྤྲོད་བྱེད་ཐུབ་པར་བཤད།

1947541_10206002945053676_8644319085908736855_n
བདེ་ལེགས་སྨན་ཁང་གི་གློ་གཅོང་ནད་གཞིའི་ཐོ་གཞུང་ལས་བཤུས།
10343027_10206002945533688_8880638501973689335_n
བདེ་ལེགས་སྨན་ཁང་གི་གློ་གཅོང་ནད་གཞིའི་ཐོ་གཞུང་ལས་བཤུས།

འདས་པའི་བཀའ་ཤག་གིས་ལོ་བཞི་དང་ལྔའི་རིང་ལ་བོད་མིའི་འདུས་སྡོད་གཞིས་ཆགས་ཁག་ཏུ་ལག་ལེན་དངོས་ཀྱི་སྟེང་ནས་འཕྲོད་བསྟེན་ཀྱི་ལམ་ལུགས་ཐད་ཡར་རྒྱས་བཏང་བ་ལས་ལྡོག་ཏེ་འཐུས་ཤོར་དང་མར་རྒུད་དུ་ཕྱིན་ཡོད། ལྷོ་ཕྱོགས་སུ་ཡོད་པའི་འཚོ་བྱེད་ཁང་གསར་གྱི་སྨན་ཁང་ཟླ་བ་གཅིག་ཙམ་རིང་ལྐོག་བཟའ་རུལ་སུངས་ཀྱི་རྩོད་རྙོག་དང་འབྲེལ་ལས་ཀ་བྱ་མ་ཐུབ་པར་ལུས་པ་དང་གྲུབ་འབྲས་ཐོན་མེད་པའི་ཞིབ་འཇུག་རང་བཞིན་ཅན་དུ་གྱུར་བ་རེད། འཕྲོད་བསྟེན་བཀའ་བློན་མཆོག་གིས་ཐོལ་བྱུང་དང་སྐབས་འཕྲལ་གྱི་ལམ་སྟོན་འོག གློ་གཅོང་གི་ནད་ཚ་སྔོན་འགོག་སྟངས་འཛིན་གྱི་ལས་གཞི་ཚགས་ཚུད་ཡོང་རྒྱུར་འཐུས་ཤོར་ཕྱིན་ཡོད། དེ་ལྟར་ཕྱིན་པའི་དཔང་རྟགས་ནི་བོད་པའི་གཞོན་སྐྱེས་སློབ་ཕྲུག་གི་ཁྲོད་དུ་གློ་གཅོང་གི་ནད་གཞི་ཨེམ་ཌི་ཨར(MDR)གྱི་ནད་པ་མང་དུ་འགྲོ་བཞིན་ཡོད་པ་དེ་རེད།

དེ་ཡང་ཡིན་ཏེ། འཕྲོད་བསྟེན་ལས་ཁུངས་དང་བོད་པའི་སྨན་ཁང་གཞན་དག་དབར་འབྲེལ་ལམ་སྐྱོ་རུ་འགྲོ་བཞིན་ཡོད་ཀྱང་། འཕྲོད་ལས་ཀྱིས་སྤྱི་ཚོགས་བརྡ་ཁྱབ་ལས་འགུལ་ནང་དུ་གློ་གཅོང་ནད་གཞིའི་ཐད་གོ་རྟོགས་སྤེལ་རྒྱུ་ལས་“སྨན་བཅོས་ལྟ་སྐྱོང་ལས་གཞི་”ཁྱབ་བསྒྲགས་བྱ་རྒྱུར་བརྩི་མཐོང་ཆེ་བ་བྱས་ཡོད། ཕྱི་ལོ་ ༢༠༡༥ གཅིག་པོར་ཡང་བདེ་ལེགས་སྨན་ཁང་དུ་གློ་གཅོང་གི་ནད་གཞི་ཨེམ་ཌི་ཨར(MDR)གྱི་ནད་པ་ ༣༥ ཙམ་ཐོན་ཡོད་པའི་ནང་ནས། ༡༡ སློབ་ཕྲུག་ཡིན་ཞིང་། གྲངས་འབོར་དེ་ནི་ལོ་སྔོན་མ་ལས་ལྡབ་གསུམ་འཕར་ཡོད་པ་རེད། མང་ཚོགས་ཀྱི་ཁྲོད་གློ་གཅོང་ནད་གཞིའི་སྐོར་གོ་རྟོགས་སྤེལ་རྒྱུ་འཐུས་ཤོར་ཕྱིན་པའི་དབང་གིས། ནད་པ་དེ་དག་ཁྲོད་ནས་མང་པོ་ཞིག་གློ་གཅོང་གི་ནད་རྟགས་གློ་རྒྱག་པ་དང་བྲང་ཁ་ན་བ། ཚ་བ་འཕར་བ། ཟས་ཀྱི་དངས་ཁ་ཉམ་པ། རྔུལ་ཆུ་ཤོར་བ། གཟུགས་པོའི་ལྗིད་ཚད་ཆག་པ། ཁ་ལུད་ནང་དུ་ཁྲག་ཐོན་པ་སོགས་ཡོད་བཞིན་དུ་སྤྱི་ཚོགས་སྟེང་གོ་རྟོགས་གང་ཡང་མེད་པར་ཟླ་བ་མང་པོ་བསྡད་མྱོང་ཡོད་པ་ཤ་སྟག་རེད་འདུག

10446501_10206002944853671_7530771782454025749_n
བདེ་ལེགས་སྨན་ཁང་གི་གློ་གཅོང་ནད་གཞིའི་ཐོ་གཞུང་ལས་བཤུས།
10639437_10206002945853696_7008208254120526583_n
བདེ་ལེགས་སྨན་ཁང་གི་གློ་གཅོང་ནད་གཞིའི་ཐོ་གཞུང་ལས་བཤུས།

གཞན་ཡང་། དེ་སྔ་ཡིན་ན་གསར་དུ་སློབ་ཐོན་བྱས་པའི་(MBBS)སྨན་པ་རྣམས་འཕྲོད་བསྟེན་ལས་ཁུངས་སུ་འཛུལ་བཞུགས་ཀྱིས། དུས་ཡུན་གང་མཚམས་རིང་བདེ་ལེགས་སྨན་ཁང་གི་སྨན་པ་རྒན་གྲས་རྣམས་ཀྱིས་ལམ་སྟོན་འོག་ཉམས་མྱོང་གསོག་སྒྲུབ་བྱེད་པ་དང་། དེས་ཁོ་ཚོར་བོད་མིའི་འཕྲོད་བསྟེན་གནས་སྟངས་ཤེས་རྟོགས་དང་བོད་པའི་སྤྱི་ཚོགས་ཀྱི་འཕྲོད་བསྟེན་ལམ་ལུགས་ཡར་རྒྱས་གཏོང་ཕྱོགས། ལྷག་པར་གློ་གཅོང་ནད་གཞིའི་གདོང་ལེན་བྱེད་ཕྱོགས་ཐད་གོ་རྟོགས་དང་ཉམས་མྱོང་མི་ཉུང་བ་ཐོབ་ཀྱི་ཡོད། འོན་ཀྱང་། ད་ལྟའི་གནས་སྐབས་སུ་དེ་འདྲའི་ལས་གཞི་དང་ལག་ལེན་ལ་འབད་རྩོན་གང་ཡང་མཐོང་རྒྱུ་མེད་པ་མ་ཟད། ད་དུང་འཕྲོད་བསྟེན་བཀའ་བློན་མཆོག་གིས་བོད་པའི་སྨན་པ་ཚོར་འཛིན་སྐྱོང་བཀའ་ཤག་གིས་ཐད་ཀའི་སྟངས་འཛིན་འོག་ཏུ་མེད་པའི་རང་སྐྱོང་གི་སྨན་ཁང་དང་སྡེ་ཚན་ཁག་ཏུ་འཛུལ་བཞུགས་བྱ་རྒྱུར་འགོག་རྐྱེན་གྱི་སེམས་ཤུགས་བཅག་པ་དང་། སྡེ་ཚན་དེ་དག་ཏུ་འཛུལ་བཞུགས་བྱས་པའི་སྨན་པ་དང་སྨན་ཞབས་སོགས་ལ་འཕྲོད་ལས་ཀྱིས་གོ་སྒྲིག་བྱས་པའི་ཟབ་སྦྱོང་ཁག་ཏུ་གོ་སྐབས་མ་སྤྲད་པ་སོགས་བྱས་ཡོད།

དེ་མིན་འཕྲོད་བསྟེན་ལས་བྱེད་རྒན་གྲས་མང་པོ་ཞིག་རྒན་ཡོལ་མ་ཚང་གོང་ནས་བཙན་བཞུགས་ཀྱིས་ལས་འཁྱུར་བྱེད་བཅུག་ཡོད། དེ་ཡང་ཆབ་སྲིད་ཀྱི་ལམ་ནས་ཁོ་ཚོ་སེམས་ཤུགས་གཅོག་ཆེད་དུ་མི་གཅིག་གིས་ལས་ཀ་སྣེ་མང་བྱེད་བཅུག་པ་དང་། བསྒྲུབ་མི་ཐུབ་པའི་ལས་དོན་མང་པོ་བཀུར་བ་སོགས་ལས་ཁོ་ཚོ་མང་པོ་ཞིག་ཧ་ཅང་བློ་ཕམ་དང་བཅས་གཞིས་ཆགས་ཁག་གི་སྨན་ཁང་སོགས་ནས་དགོངས་པ་ཞུ་དགོས་བྱུང་ཡོད། འཕྲོད་ལས་པ་རྒན་གྲས་དེ་དག་ནི་ལོ་ངོ་མང་པོའི་རིང་ང་ཚོའི་སྤྱི་ཚོགས་ཀྱི་ས་ཆ་ཐག་རིང་ཐུང་ཁུག་ཁྱོག་ཡོད་ཚད་དུ། རང་ཉིད་ཀྱི་མི་ཚེ་ཧྲིལ་པོ་བློས་གཏོང་གིས་དགོས་ངེས་ཀྱི་དུས་སྐབས་སུ་ཞབས་ཕྱི་ཧུར་ཐག་ཞུས་མྱོང་མཁན་ཏག་ཏག་རེད། ཁོ་ཚོའི་སེམས་ཁམས་ལ་ཕོག་ཐུག་ཤོར་བ་ནི་གང་གིས་ཀྱང་ཁ་གསབ་བྱ་མི་ནུས་པ་ཞིག་རེད། དེ་བཞིན་བོད་མིའི་གཞིས་ཆགས་ཁག་མང་པོར་གློ་གཅོང་ནད་པ་ཚོར་ཐད་ཀར་སྨན་ཞབས་པས་ལྟ་སྐྱོང་སྨན་བཅོས་ ‘Directly Observed Treatment ’ བྱེད་སྲོལ་ཡོད་པ་དེ་ཉམས་ཞན་དུ་གྱུར་ཡོད་པ་རེད།

གཞན་ཡང་། ང་ཚོའི་སྤྱི་ཚོགས་སུ་ཡོངས་ཁྱབ་ཀྱིས་ཁྱབ་བརྡལ་དུ་ཕྱིན་ཡོད་པའི་ནད་གཞི་གཞན་ཞིག་ནི་མཆིན་ནད་(Hepatitis B ) རེད། ན་ཚ་དེས་ཚེ་སྲོག་འཕྲོག་པ་དང་རིགས་རྒྱུད་སྟོང་བཅུག་པ་སོགས་ཀྱི་ཐད་འགྲེལ་བརྗོད་བྱ་མི་དགོས་པ་ཞིག་རེད། ནད་ཚ་དེས་མནར་བའི་ནད་པ་ཞིག་ཡིན་ཚེ། དེའི་བརྟག་དཔྱད་དང་སྨན་རིན་གྱི་འགྲོ་སོང་སོགས་ལ་གདོང་ལེན་གྱི་དཀའ་ངལ་ཇི་ཙམ་ཆེན་པོ་ཞིག་ཡོད་མིན་ཤེས་གསལ་རེད། དེས་རྐྱེན་པས་མཆིན་པའི་སྐྲན་ཀྱང་ཡོང་བ་ནི་འཇིགས་སྣང་ཅན་ཞིག་རེད། འཕྲོད་བསྟེན་ལས་ཁུངས་ནས་དཔལ་འབྱོར་མཐུན་རྐྱེན་སོགས་གང་ཡང་མེད་པའི་ནད་དེས་མནར་གྱིན་པའི་བོད་མི་མང་པོ་ཞིག་ཡོད་པ་མ་ཟད། སྨན་བཅོས་བལྟ་སྐྱོང་གི་ལས་གཞིའི་ནང་དུ་ཡོད་པའི་ནད་པ་དག་ལའང་ཆ་རྐྱེན་ཞིག་གི་འོག་ནས་ནད་དེའི་ཐོག་མཐུན་རྐྱེན་རག་གི་མེད། འཕྲོད་བསྟེན་བཀའ་བློན་གྱིས་མཆིན་ནད་འགོག་སྲུང་གི་ལས་གཞིར་འཐུས་ཤོར་བཏང་ཡོད། མོན་གྷོར་ཡོད་པའི་དགའ་ལྡན་བྱང་རྩེ་གྲྭ་ཚང་རང་སྐྱོང་གིས་གཉེར་བཞིན་པའི་སྨན་ཁང་གི་མཆིན་ནད་འགོག་སྲུང་ལ་གྲུབ་འབྲས་འབུར་དུ་ཐོན་ཡོད་པའི་སྟབས་བདེའི་ལས་འཆར་ལའང་འཕྲོད་ལས་ཀྱིས་དོ་ཟླ་མི་ཐུབ་པ་ཞིག་རེད།

བོད་མིའི་ནང་དུ་འཆི་རྐྱེན་མང་ཤོས་ཤིག་ནི་ཕོ་བའི་སྐྲན་ནད་ལས་ཡོང་བཞིན་ཡོད། ད་ལྟའི་འཕྲོད་བསྟེན་བཀའ་བློན་ལས་ཐོག་པས་དཀའ་ངལ་དེ་ཉུང་དུ་གཏང་རྒྱུར་ལོ་བཞི་དང་ཕྱེད་ཀའི་ནང་ཕྱག་ལས་གང་ཞིག་གནང་ཡོད་དམ། དེའི་ཐོག་ཕྱག་ལས་གནང་བ་ནི་སྲིད་མཐའ་ཙམ་རེད། ཕོ་བའི་སྐྲན་ནད་ནི་(H.Pylori)ཞེས་པའི་ནད་འབུ་དེས་བཟོས་ཀྱིས་ཡོད་ལ། བོད་མིའི་ཁྲོད་དུ་དེ་རིགས་ཧ་ཅང་གི་མང་པོ་ཡོད་འདུག་ཀྱང་། འཕྲོད་བསྟེན་ལས་ཁུངས་ནས་(H.Pylori)ནད་འབུ་དེའི་ཐོག་བོད་མའི་གཞིས་ཆགས་ཁག་ཚང་མར་བརྟག་དཔྱད་སྨན་བཅོས་ཀྱི་མཐུན་རྐྱེན་གང་ཡང་བསྐྲུན་མེད་པར་འཐུས་ཤོར་དུ་ཕྱིན་ཡོད། འོན་ཀྱང་། རྒྱུད་སྟོད་གྲྭ་ཚང་གི་སྨན་ཁང་ཆུང་ཆུང་ཞིག་གིས་ངོས་ནས་ནད་གཞིའི་དེའི་ཐོག་དགེ་འདུན་པ་དང་དྷ་སའི་མི་མང་ལ་བརྟག་དཔྱད་ཀྱིས་གྲུབ་འབྲས་ཆེན་པོ་བླངས་ཡོད། དེ་ལྟའི་ཕོ་སྐྲན་གྱི་ནད་འབུ་དེ་བརྟག་དཔྱད་ཀྱི་ལམ་ནས་སྔོན་འགོག་བྱ་ནུས་པ་ཞིག་རེད།

གོང་དུ་བཤད་པའི་ནད་གཞི་དེ་དག་ལས་གཞན་ང་ཚོ་བོད་པའི་གཞོན་སྐྱེས་མང་པོ་ཞིག་སྨྱོ་རྫས་དང་བཟི་སྨན་སོགས་ལོང་ཤོར་དུ་གྱུར་བས་རྐྱེན་གྱིས་སྤྱི་ཚོགས་སྟེང་དུ། གཞོན་སྐྱེས་ཀྱི་ཚེ་སྲོག་ཤོར་ཚད་མང་དུ་འགྲོ་བཞིན་ཡོད། དེ་ཡང་། སློབ་ཕྲུག་དང་གཞོན་སྐྱེས་ལས་མེད། ས་མཚམས་སྲུང་མཁན་གྱི་དམག་མིའི་ཁྲོད་དུ་ཁྱབ་བརྡལ་དུ་འགྲོ་བཞིན་ཡོད། བོད་པའི་གཞོན་སྐྱེས་ཚོ་ནི་ང་ཚོའི་སྤྱི་ཚོགས་ཀྱི་སྒལ་ཚིགས་སུ་རྩི་བཞིན་ཡོད་སྟབས། བཀའ་བློན་མཆོག་ནས་དཀའ་ངལ་དེའི་ཐད་འབུར་ཐོན་གྱི་སྔོན་འགོག་ལས་འཆར་ངེས་པར་དུ་སྤེལ་དགོས་ཚོད་རེད།

1009893_10206002945213680_7697047703303468211_n
བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་གཞུང་འབྲེལ་ངོ་དེབ་ལས་བཤུས།
1474586_10206002946813720_631353643345515177_n
བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་གཞུང་འབྲེལ་ངོ་དེབ་ལས་བཤུས།

བློ་ཕམ་པ་ཞིག་ལ་འཕྲོད་བསྟེན་ལས་ཁུངས་ཀྱི་རོགས་དངུལ་རྣམས་སྨན་བཅོས་ལྟ་སྐྱོང་ལས་གཞིའི་ཁྱབ་བསྒྲགས་དང་དྲིལ་བསྒྲགས་སླད་སིམ་འགྲོ་བཞིན་ཡོད་པ་དེ་རེད། སྟབས་ཁེལ་བ་ཞིག་ལ་བཀའ་ཤག་གིས་སྨན་བཅོས་ལྟ་སྐྱོང་ལས་གཞི་དེ་ལའང་ཕྱི་ལོ་ ༢༠༡༢ ལོའི་ཕྱི་ཟླ་ ༤ པ་ལྐུག་པའི་ཟླ་བའི་(April fool)ཉིན་མགོ་བཙུགས་གནང་སོང་། སྨན་བཅོས་ལྟ་སྐྱོང་ལས་གཞི་ནི་ཚོང་གི་ཁེ་ལས་སྲིད་ཇུས་ལྟར་ཁྱབ་བསྒྲགས་གནང་སོང་བ་དང་། འདུ་འཛོམས་ཆེ་བའི་རྩིག་གྱང་ཡོད་ཚད་ལ་ལས་གཞིའི་སྦྱར་ཡིག་དང་ཁྱབ་བསྒྲགས་དཔར་གྱིས་ཁེངས་ནས་ཡོད་ཀྱང་། གློ་གཅོང་དང་མཆིན་ནད། ཕོ་སྐྲན་བཅས་བོད་མའི་ཁྲོད་ཀྱི་ཛ་དྲག་ཅན་གྱི་ནད་གཞི་རྣམས་ཁྱབ་བསྒྲགས་ཀྱི་སྦྱར་ཡིག་གཅིག་ཀྱང་མཐོང་རྒྱུ་མེད། མཆིན་ནད་ཅན་གྱི་བོད་པའི་ནད་པ་མང་པོ་ཞིག་ལ་ “བཙན་བྱོལ་བོད་མིའི་སྨན་བཅོས་ལྟ་སྐྱོང་ལས་གཞིའི་སྲིད་བྱུས་” ཀྱི་ཆ་རྐྱེན་དང་འབྲེལ་བའི་ལས་གཞི་དེའི་ནང་དུ་ཡོད་ཀྱང་སྨན་བཅོས་ཀྱི་ཁེ་ཕན་གང་ཡང་ཐོབ་ཀྱི་མེད། ནད་པ་རྒན་གྲས་རྣམས་ལའང་ལས་གཞིའི་འགྲོ་ལུགས་མགོ་རྙོག་ཅན་མང་པོ་ཞིག་གི་དབང་ལས། དེ་ལས་ཁེ་ཕན་ཐོབ་རྒྱུར་གདོང་ལེན་ཧ་ཅང་གི་ཆེན་པོ་བྱེད་དགོས་ཀྱི་ཡོད་འདུག མི་མང་པོ་ཞིག་གིས་བསམ་བློར་གྱུར་བ་ཞིག་ཕྱིན་པ་ནི་ལས་གཞི་དེས་ང་ཚོར་ལྟ་སྐྱོང་བྱེད་ཀྱིན་ཡོད་དམ། ང་ཚོས་ལས་གཞི་དེར་ལྟ་སྐྱོང་བྱེད་ཀྱིན་ཡོད་སྙམ་པ་དེ་རེད།

ཨ་རིའི་རོགས་ཚོགས་ནས་འཕྲོད་བསྟེན་ལས་ཁུངས་ལ་གློ་གཅོང་གི་ནད་གཞི་དང་མ་དང་བུའི་ལྟ་སྐྱོང་གི་ཆེད་དུ་ཨ་སྒོར་ས་ཡ་ ༣ དང་འབུམ་ ༢ ཀྱི་རོགས་དངུལ་གནང་བར་བཀའ་བློན་མཆོག་ནས་ཐུགས་རྗེ་ཆེ་ཞུས་ཡོད་ཀྱང་། རྒྱལ་ཁབ་མང་པོར་གློ་གཅོང་གི་སྨན་བཅོས་མཐུན་རྐྱེན་ཡོངས་རྫོགས་རིན་མེད་ཐོག་བྱེད་ཀྱི་ཡོད་པས་མི་མང་ནང་དུ་ཉེན་ཚབས་ཅན་གྱི་ནད་གཞི་མང་པོ་ཉུང་དུ་སོང་ཡོད། འོན་ཀྱང་། འཕྲོད་བསྟེན་ལས་ཁུངས་ནས་ཁེ་འབབ་ཅན་གྱི་ལས་གཞི་སྨན་བཅོས་ལྟ་སྐྱོང་ལྟ་བུར་ནུས་པ་འདོན་པ་ལས། དམིགས་བསལ་བོད་ཀྱི་གཞོན་སྐྱེས་སློབ་ཕྲུག་གི་ཁྲོད་དུ་ཁྱབ་བཞིན་པའི་གློག་གཅོང་གི་ནད་གཞི་རིན་མེད་ཐོག་སྨན་བཅོས་བྱ་བར་ཅི་ཕྱིར་མཐུན་རྐྱེན་སྦྱར་མ་ཐུབ་པ་རེད། ནད་པ་དེ་དག་མང་ཆེ་བ་ནི་མཉམ་སྡོད་ཅན་གྱི་སློབ་གྲྭ་དང་ཚོགས་སྡེ་ཁག་ཏུ་གནས་སྡོད་བྱེད་ཀྱི་ཡོད་པས་ན་ཚ་ཁྱབ་བརྡལ་འགྲོ་རྒྱུ་ནི་ཧ་ཅང་གི་ཉེན་ཚབས་ཆེ་བ་ཞིག་རེད།

བོད་མི་གློ་གཅོང་གི་ནད་གཞི་ཨེམ་ཌི་ཨར(MDR)ན་མཁན་གྱི་རིགས་ལ་འཕྲོད་བསྟེན་ལས་ཁུངས་ནས་དཔལ་འབྱོར་རོགས་སྐྱོར་བརྒྱ་ཆ་བལྔ་བཅུ་ཡས་མས་ཤིག་གནང་གི་ཡོད་པ་དོན་དངོས་ཡིན་ཡང་། མཐུན་འགྱུར་དེ་དག་གིས་ནི་ནད་པའི་སྨན་དོད་ཙམ་ཡང་ཁ་འདུམས་ཐུབ་ཀྱི་མེད་ལ། བརྟག་དཔྱད་དང་འཚོ་བསྣོན་སོགས་ན་ཚ་དྲག་བསྐྱེད་ཡོང་རྒྱུར་ཧ་ཅང་གིས་དགོས་མཁོ་ཆེ་བའི་མཐུན་རྐྱེན་རྣམས་དེ་བས་བསྐོངས་ཐུབ་ཀྱི་མེད་པས། ནད་པ་རང་ངོས་ནས་ཡོད་ཚད་མཁོ་སྒྲུབ་བྱ་དགོས་ཀྱི་ཡོད། སྤྱིར་བཏང་གློ་གཅོང་གི་ནད་གཞི་ཨེམ་ཌི་ཨར(MDR)གྱི་སྨན་རིན་གཅིག་པོའི་འགྲོ་སོང་ལའང་འབུམ་གཅིག་དང་གཉིས་ཀྱི་བར་འགྲོ་གི་ཡོད་ལ། སྨན་གྱིས་ཞོར་སྐྱོན་གྱི་དབང་གིས་སེམས་ཁམས་མི་བདེ་བ་ཆགས་པ་སོགས་དཀའ་ངལ་སྣ་ཚོགས་ཤིག་མྱོང་གི་ཡོད།

དོན་དག་སྙིང་པོ་ནི་གློ་གཅོང་ནད་པ་དབུལ་པོ་མང་པོས་སྒོར་མོ་འབུམ་ཕྲག་མང་པོ་འགྲོ་གྲོན་བཏང་ནས་ནད་གཞི་དེ་སྨན་བཅོས་བྱེད་དགོས་ཀྱི་ཡོད་ཀྱང་། སྨན་བཅོས་ལྟ་སྐྱོང་ལས་གཞིའི་ནང་དུ་མི་ཕྱུག་པོ་རྣམས་ཀྱི་པུས་མོ་བཟོ་བཅོས་དང་མཁྲིས་རྡོ་སྨན་བཅོས་སོགས་ལ་སྒོར་མོ་མང་པོ་འགྲོ་སོང་གཏོང་གི་ཡོད། སྨན་བཅོས་རིག་པའི་གཞུང་ལུགས་ནས་བཤད་ན། མི་རྒན་གྱི་པུས་མོ་དང་མཁྲིས་རྡོ་བཤགས་བཅོས་སོགས་ནི་གཞི་རིམ་མི་མང་གི་སྨན་བཅོས་ལྟ་སྐྱོང་གི་ལས་གཞིའི་ཁོངས་སུ་མེད་པ་ཞིག་རེད། དེ་ལས་ལྡོག་སྟེ་གློ་གཅོང་སོགས་ཛ་དྲག་ཅན་གྱི་ནད་གཞི་རྣམས་མི་མང་གི་འཕྲོད་བསྟེན་ལྟ་སྐྱོང་ནང་དུ་ངེས་པར་དུ་ཡོད་པའི་གནས་སྟངས་ཤིག་རེད།

1480583_10206002946493712_2835623983750338931_n
བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་གཞུང་འབྲེལ་ངོ་དེབ་ལས་བཤུས།

མཐའ་དོན་འདིར་མ་འོངས་པའི་འཕྲོད་བསྟེན་བཀའ་བློན་ལ་གུས་བརྩི་དང་ལྷན་ལྷག་བསམ་ཟོལ་མེད་ཀྱིས་དྲན་བསྐུལ་ཞུ་རྒྱུར། ཅིའི་ཕྱིར་ང་ཚོའི་སྤྱི་ཚོགས་ནང་དུ་གློ་གཅོང་དང་མཆིན་ནད་སྔོན་འགོག་བཅོས་ཐབས་ཀྱི་ཐབས་ལམ་ངེས་བརྟེན་ཞིག་འཚོལ་མ་ཐུབ་པ་རེད། དེ་ལས་ལྡོག་སྟེ་ང་ཚོས་ངེས་བརྟེན་མེད་པའི་ནད་གཞི་མང་པོ་ཞིག་ལ་ངང་སྒུག་བྱས་ནས་སྡོད་དགོས་སམ། བཀའ་བློན་འཕོ་གྱུར་འགྲོ་རུང་གློ་གཅོང་གི་ནད་གཞིའི་དཀའ་ངལ་རང་སར་ལྷག་ཡོད། ལྷག་པར་དུ་སྤྱི་སྒེར་ཚང་མས་འགན་འཁྲི་ཁྲག་ཏུ་འཁུར་ནས་ང་ཚོའི་སྤྱི་ཚོགས་ཀྱི་ཛ་དྲག་ཅན་གྱི་ནད་གཞི་དག་རྩ་མེད་བཟོ་དགོས་པ་དང་། ངེས་པར་དུ་འཕྲོད་བསྟེན་གྱི་ལས་དོན་བྱེད་ཕྱོགས་ལ་དོ་སྣང་གང་གཟབ་བྱ་དགོས་ཀྱི་འདུག དེ་རྗེས་གཞི་ནས་དབུ་མ་དང་རང་བཙན་གཉིས་ལ་བགྲོ་གླེང་ལྷུག་པོ་ཞིག་བྱ་ཆོག་གི་རེད།

 

བསྒྱུར་མཆན། རྩོམ་པ་པོ་གཉིས་པོ་ནི་བོད་མིའི་སྒྲིག་འཛུགས་ཀྱི་འོག་རྒྱ་གར་ཆེ་མཐོའི་སྨན་ཁང་ནས་MBBS སློབ་ཐོན་གནང་མྱོང་བ་ཞིག་རེད། སྨན་པ་ཟླ་གསལ་ལགས་ནི་ད་ལྟ་བདེ་ལེགས་སྨན་ཁང་དུ་གཏན་སྡོད་སྨན་པའི་ཕྱག་ལས་གནང་བཞིན་པ་དང་། སྨན་པ་དོན་གྲུབ་བཀྲ་ཤིས་ལགས་ནི་ལྷོ་ཕྱོགས་མོན་གྷོ་དགའ་བྱང་སྨན་ཁང་དུ་ཆེད་ལས་སྨན་པའི་ལས་ཀ་གཉེར་བཞིན་ཡོད་འདུག

 

མ་རྩོམ་འབྲེལ་ཐག http://www.phayul.com/news/article.aspx?c=4&t=1&id=37246&article=LET%27S+FIGHT+REAL+DISEASE+FIRST

འབྲེལ་ཡོད་གསར་འགྱུར།

Ren Quanniu said the Henan Provincial Justice Department revoked his licence over comments he made in court in a 2018 case [File: Leo Ramirez/ AFP]
Mobile App

རྒྱ་ནག་ནང་གི་ཁྲིམས་ཀྱི་ཁོར་ཡུག་རིག་གནས་གསར་བརྗེའི་དུས་སྐབས་དང་འདྲ་བོ་ཆགས་ཡོད་སྐོར་བརྗོད།

ཆུ་ཚོད་ ༡༨ སྔོན་ལ།
Foreign Ministry Spokesperson Mao Ning 
Mobile App

རྒྱ་ནག་གི་མགྲིན་ཚབ་པས་རྒྱ་གར་གྱི་སྲིད་བློན་མུ་དྷི་མཆོག་ལ་སྐྱོན་བརྗོད་བྱས།

ཆུ་ཚོད་ ༡༩ སྔོན་ལ།
A group of foreign tourists takes in the Palace Museum in Beijing, on April 7, 2024. (PROVIDED TO CHINA DAILY)
Mobile App

རྒྱ་ནག་གིས་རྒྱལ་ཁབ་ ༧༠ ལྷག་ལ་ཐོངས་མཆན་རིན་མེད་སྤྲོད་ཀྱི་ཡོད་ཀྱང་བོད་མི་ཁག་ཅིག་གནམ་ཐང་ནས་ཕྱིར་ལོག་བཏང་འདུག

ཆུ་ཚོད་ ༢༠ སྔོན་ལ།
Mobile App

གངས་ལྗོངས་ལྷ་མི་ཡོངས་ཀྱི་སྟོན་པ། (ཚན་པ་དང་པོ།)

ཆུ་ཚོད་ ༢༢ སྔོན་ལ།
༸གོང་ས་མཆོག་དགུང་གྲངས་ ༩༠ ལ་ཕེབས་པའི་གཞུང་འབྲེལ་འཁྲུངས་སྲུང་གཙི་ཞུས། ༢༠༢༥།༠༧།༠༦། དགའ་ལྡན་ཕོ་བྲང་གི་སྐུ་པར།
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་བྱང་ཆུབ་ཀྱི་སེམས་ཉམས་ལེན་བྱེད་ཐུབ་ན་དགའ་བོ་བྱེད་མཁན་རང་བཞིན་གྱིས་འདུས་ཡོང་སྐོར་བཀའ་སློབ་བསྩལ།

༢༠༢༥/༠༧/༠༧
Advertisement for App

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དགུང་གྲངས་ ༩༠ ལ་ཕེབས་པའི་སྐུའི་འཁྲུངས་སྐར་ལ་འཚམས་འདྲི་ཞུ།

༢༠༢༥/༠༧/༠༥

མཆན། 8

  1. གཡུ་ཐོག says:
    ལོ་ 9 སྔོན།

    སྤྱི་ཚོགས་འཕྲོད་བསྟེན་དང་བདེ་འཇགས་ཀྱི་འགན་ནི་དེར་ལས་གནས་སུ་བཞུགས་པའི་སྨན་པ
    གཙོ་བོར་འགྱུར་བའི་སྨན་ལས་པ་རྣམས་ལ་ཉིན་རེའི་འཚོ་བའི་ནང་འབྲེལ
    ཆགས་ཡོད་པས། སྤྱི་ཚོགས་འཕྲོད་བསྟེན་ཀྱི་གནས་བབ་དང་དེའི་གོ་རྟོགས་གོང་མཐོར་སླད་གཞུང་འཛིན་པ་ཡི་བསམ་བརྗོད་ཀྱིས་ཤུགས་རྐྱེན་མེད་པར་མི་མང་ཁྲོད་བརྗོད་པའི་རང་དབང་དང་འགན་ཡང་ཡོད། སྤྱི་ཚོགས་འཕྲོད་བསྟེན་ནི་ང་ཚོའི་མདུན་ལམ་གྱི་སྒྲོན་མེ་ཡིན་ལ་དེ་ནི་ཆབ་སྲིད་ཀྱི་ང་བོར་སོང་སྟེ་དོན་དངོས་ཀྱི་ནད་པའི་བལྟ་བསྐྱོང་ལ་ཉམས་རྒུད་སོང་བ་ཧ་ཅང་ཛ་དྲག་ཡིན་ལ་དེའི་ཐོག་གོ་རྟོགས་སྤེལ་བའི་འགན་ཡང་ཡོད།

    ་

    Reply
  2. བདེ་ན་པའི་རྒྱབ་ལངས། says:
    ལོ་ 9 སྔོན།

    འདི་སྐྱོན་བྗོད་ཁོ་ནར་ལྟས་ན་འགྲིག་ཐབས་ག་ལ་ཡོད། གནད་དོན་འདི་སྤྱི་ཚོགས་སུ་འགན་འཁུར་ཡོད་པའི་ཐོག་མི་མང་འཁྲོད་རྒྱུད་སྤེལ་གནང་བར་ཡིད་རང་བསྔགས་བརྗོད་ཞུ་རྒྱུ་ཡིན། ཞོར་དུ་རྩོམ་བསྒྱུར་བྱེད་མཁན་ལའང་ལེགས་སོ་ཞུ་ཡ་རང་ཡིན་ད།
    དེང་གི་སྤྱི་ཚོགས་འཁྲོད་རང་ཉིད་འདོད་བློ་མ་ཚིམ་པ་རྒྱུ་མཚན་དུ་བྱས་ནས་བྲིས་ཚད་བཤད་ཚད་ཁུངས་མེད་ལུང་མེད་དུ་རྩི་བ་ནི་སྙིང་རྗེ་ཡ་རང་རེད་ཁོང་ཚོར་ང་ཚོའི་ངོས་ནས་བྱམས་རྩེ་དང་བཟོད་སྒོམ་བྱེད་རྒྱུ་ནི་ང་ཚོའི་གཡོ་ཐབས་མེད་པའི་འོས་འགན་ཞིག་ཏུ་ངོས་འཛིན་ཐུབ་བྱེད་དགོས།

    Reply
  3. Tashi says:
    ལོ་ 9 སྔོན།

    སྦེལ་ཀོབ་འཚོ་བྱེད་སྨན་ཁང་གི་རྙོག་གླེང་ཐད་འཕྲོད་བསྟེན་བཀའ་བློན་མཆོག་གི་ལས་དོན་བྱེད་ཕྱོགས་ཐོག སྤྱི་འཐུས་རྒྱུན་ལས་ཀྱིས་བཙུགས་པའི་ཞིབ་འཇུག་ཚོགས་ཆུང་གི་སྙན་ཐོ་གྲོས་ཚོགས་ནང་སྙན་སྒྲོན་ཞུས་།
    གནད་དོན་དེའི་ཐད་འཕྲོད་བསྟེན་བཀའ་བློན་མཆོག་གི་ལས་དོན་གནང་ཕྱོགས་ལའང་ནོར་འཛོལ་ཤོར་ཡོད་པར་ངོས་འཛིན་གནང་ཡོད། དེ་བཞིན་ཐེངས་འདིའི་སྤྱི་འཐུས་རྒྱུན་ལས་ཀྱི་ཞིབ་འཇུག་སྙན་ཐོའི་ནང་འཕྲོད་བསྟེན་བཀའ་བློན་མཆོག་གི་ལས་དོན་ཐོག་ནོར་འཁྲུལ་ཁ་ཤས་བྱུང་ཡོད་པ་གསལ་སྟོན་གནང་འདུག
    སྙན་ཐོ་གྲོས་ཚོགས་ནང་སྒྲོགས་སྦྱང་གནང་རྗེས་སྤྱི་འཐུས་ཚོས་དགོངས་ཚུལ་གསུངས་སྐབས། སྤྱི་འཐུས་ཁག་ཅིག་གིས་གནད་དོན་དེར་བསྐྱར་དུ་ཞིབ་འཇུག་གནང་སྟེ་གནས་ཚུལ་ཁ་གསལ་བཟོ་དགོས་ཚུལ་དང་། ཁག་ཅིག་གིས་བཀའ་བློན་ཞིག་གི་ཕྱག་ལས་གནང་སྟངས་ཐོག་ནོར་འཁྲུལ་ཆེན་པོ་ཤོར་ཡོད་སྟབས་ཐག་གཅོད་ནན་པོ་གནང་དགོས་སྐོར། ཡང་ཁག་ཅིག་གིས་དེ་སྔོན་བཀའ་ཤག་གིས་སྦེལ་ཀོབ་སྨན་ཁང་ལ་ཉེས་པ་ཞིག་བཏང་བ་དང་། འཕྲོད་བསྟེན་བཀའ་བློན་ལའང་ཉེན་བརྡའི་ཚུལ་དུ་སློབ་གསོའི་ཡི་གེ་ཞིག་ཕུལ་ཡོད་པ་དེས་འཐུས་པ་བྱེད་དགོས་ཚུལ་སོགས་ཀྱི་དགོངས་ཚུལ་བརྗོད་སོང་།

    Reply
  4. Tashi says:
    ལོ་ 9 སྔོན།

    འཕྲོད་བསྟེན་བཀའ་བློན་མཆོག་གིས་ཐུགས་གཟབ་གནོངས་ཨ།
    བོད་ཀྱི་དུས་བབ། ༢༠༡༥/༠༣/༢༨

    https://tibettimes.net/wordpress/%E0%BD%A0%E0%BD%95%E0%BE%B2%E0%BD%BC%E0%BD%91%E0%BC%8B%E0%BD%96%E0%BD%A6%E0%BE%9F%E0%BD%BA%E0%BD%93%E0%BC%8B%E0%BD%96%E0%BD%80%E0%BD%A0%E0%BC%8B%E0%BD%96%E0%BE%B3%E0%BD%BC%E0%BD%93%E0%BC%8B%E0%BD%98-2/

    Reply
  5. Tashi says:
    ལོ་ 9 སྔོན།

    འཕྲོད་བསྟེན་བཀའ་བློན་མཆོག་གི་ལས་དོན་བྱེད་ཕྱོགས་ཐོག་ནོར་འཁྲུལ་ཡོད་པ་ར་འཕྲོད་ཡོད།
    བོད་ཀྱི་དུས་བབ། ༢༠༡༥/༠༣/༢༦
    https://tibettimes.net/wordpress/%E0%BD%A0%E0%BD%95%E0%BE%B2%E0%BD%BC%E0%BD%91%E0%BC%8B%E0%BD%96%E0%BD%A6%E0%BE%9F%E0%BD%BA%E0%BD%93%E0%BC%8B%E0%BD%96%E0%BD%80%E0%BD%A0%E0%BC%8B%E0%BD%96%E0%BE%B3%E0%BD%BC%E0%BD%93%E0%BC%8B%E0%BD%98/

    Reply
  6. ཀརྨ་དགེ་ལེགས། says:
    ལོ་ 9 སྔོན།

    སྒང་གི་པར་ལྔ་པ་དེའི་ནང་བློ་བཟང་སེང་གེ་པར་བཞག་པ་དང་། ཡི་གེའི་ནང་དུའང་དེ་བཞིན་བློ་བཟང་སེང་གེ་ཞེས་བཀོད་པ་དེ་ཡ་མཚན་མ་རེད་དམ།

    Reply
  7. སྒྲོལ་མ་མཚོ། says:
    ལོ་ 9 སྔོན།

    “སྟབས་ཁེལ་བ་ཞིག་ལ་བཀའ་ཤག་གིས་སྨན་བཅོས་ལྟ་སྐྱོང་ལས་གཞི་དེ་ལའང་ཕྱི་ལོ་ ༢༠༡༢ ལོའི་ཕྱི་ཟླ་ ༤ པ་ལྐུག་པའི་ཟླ་བའི་(April fool)ཉིན་མགོ་བཙུགས་གནང་སོང་།” སྐད་ཆ་འདི་ལ་ལྟོས་དང་སྐྱོན་བརྗོད་བྱ་རྒྱུ་རྫོགས་ཐག་ཆོད་པའི་རྟགས་ཤིག་སྟོན་མི་འདུག་གམ། རང་བསྟོད་བྱེད་དུས་རང་འཚམ་སྟོན་ཟེར་བའི་དཔེ་ལྟར། ཅིག་བཤད་པའི་ཁུལ་བྱེད་དུས་རང་འཚམ་དམར་རྗེན་སྟོན་འདུག

    ཆོ་མེད་ཀྱི་རྩོམ་ཡིག་ནི་དྲ་ཚིགས་རྫོབ་རོགས་ཡིན་ན་དེ་ལྟ་བུའི་རྩོམ་ཡིག་སྒྱུར་བ་ནི་དུས་ཚོད་འཕྲོ་བརླག་རང་རེད།

    Reply
    • བློ་བཟང་དཔལ་འབར་ says:
      ལོ་ 9 སྔོན།

      གོང་གི་འཆན་འགྲེལ་བ་ཁྱེད་གཉིས་ནད་རིགས་གང་ཡང་མེད་པའི་འཚོར་བ་ཞིག་དང་གཞན་ནད་ཀྱི་མནར་བ་ཉམས་ཐག་དཀའ་ངལ་ཅན་གྱི་ཕྲལ་ཕུགས་རྒྱང་གསུམ་ལ་དགོས་ངེས་ཕན་ཐོགས་སྨན་པ་མ་གཏོགས་མེད་པ་དངོས་ཡོད་ཡིན། ང་རང་གི་ཉམས་མྱོང་ཡོད་པའི་ཐོགས་ནས་སྨན་པ་ལྷན་གཉིས་ལ་གུས་བཏུད་ཞུ་བ་དང། འབྲེལ་ཡོད་ཁག་ནས་དོན་གནད་ཁག་ལ་བསམ་བློ་སྟིང་གཟབ་བཏང་ནས་འཆན་འགྲེལ་གནང་ན་སྤྱི་ཕན་ཡོང་་་་

      Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese