མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འཕྲོད་བསྟེན་བཀའ་བློན་མཆོག་གིས་ཐུགས་གཟབ་གནོངས་ཨ།

བོད་ཀྱི་དུས་བབ།
༢༠༡༥/༠༣/༢༨
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་སྤྱི་འཐུས་གྲོས་ཚོགས་ནང་སྦེལ་ཀོབ་འཚོ་བྱེད་སྨན་ཁང་གི་རྙོག་གླེང་ཐོག་འཕྲོད་བསྟེན་བཀའ་བློན་མཆོག་གི་ཕྱག་ལས་གནང་སྟངས་དང་འབྲེལ་ནས་མ་འོངས་པར་ཡིད་གཟབ་གནང་དགོས་པའི་འབོད་སྐུལ་ལམ་ཉེན་བརྡའི་གྲོས་ཆོད་ཅིག་བཞག་སོང་།

དེ་རིང་སྐབས་བཅོ་ལྔ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དགུ་བའི་ལས་ཉིན་བཅུ་གཉིས་པ་དང་ཉིན་མཐའ་མའི་ཞོགས་ཚོགས་སྟེང་། སྦེལ་ཀོབ་འཚོ་བྱེད་སྨན་ཁང་གི་རྙོག་གླེང་དང་། གནས་ཚུལ་དེའི་ཐོག་འཕྲོད་བསྟེན་བཀའ་བློན་མཆོག་གི་ཕྱག་ལས་གནང་སྟངས་བཅས་ཀྱི་ཐད་གྲོས་ཚོད་དོན་ཚན་གཉིས་བཞག་སོང་།

དོན་ཚན་དང་པོའི་ནང་། གྲོས་ཚོགས་ནང་བགྲོ་གླེང་དང་སྤྱི་འཐུས་རྒྱུན་ལས་ཀྱི་ཚོགས་ཆུང་གི་སྙན་ཐོའི་ནང་དོན། དཔལ་ལྡན་བཀའ་ཤག་གིས་བཀའ་བློན་མཆོག་ལ་ཉེན་བརྡ་གནང་དགོས་གྱུར་ཡོད་པ་བཅས་ལ་བརྟེན་ཏེ། དཔལ་ལྡན་འཕྲོད་བསྟེན་བཀའ་བློན་མཆོག་གིས་སླད་མར་མཚན་གནས་རྗེས་འབྲེལ་གྱི་ཕྱག་ལས་གང་ཅིར་ཐུགས་སྣང་ཡིད་གཟབ་གནང་དགོས་ཞེས་བཀོད་འདུག

དོན་ཚན་གཉིས་པའི་ནང་། སྦེལ་ཀོབ་འཚོ་བྱེད་སྨན་ཁང་གི་སྨན་པ་དང་ལས་བྱེད་བཅས་ཀྱི་ལས་དོན་རྣམས་ལས་གནས་མང་ཚོགས་ལ་ཕན་ཐོགས་ངེས་སུ་འགྱུར་བའི་གནང་པྱོགས་དགོས་རྒྱུ། ཞེས་བཀོད་འདུག

རྙོག་གླེང་འདི་ནི་ ༢༠༡༤ ཟླ་ ༢ པའི་ནང་སྦེལ་ཀོབ་འཚོ་བྱེད་སྨན་ཁང་གི་ལས་བྱེད་གཉིས་ཀྱིས་སྨན་ཁང་འགན་འཛིན་ལྷག་པ་ཚེ་རིང་གིས་སྨན་ཁང་གློག་གསོག་སྣོད་སོགས་ཅ་དངོས་ཁག་ཅིག་ཉོས་པའི་རིན་འབབ་ལས་སྡབ་གཅིག་གི་ལྷག་མ་སོང་ཡོད་སྐོར་དང་འབྲེལ་ནས་ལྐོག་ཟ་རུལ་སུངས་ཀྱི་གནས་ཚུལ་ཡོད་པའི་སྙན་ཞུ་ཞིག་བཀའ་ཤག་ལ་ཕུལ་ཡོད་འདུག གནད་དོན་དེར་འཕྲོད་བསྟེན་བཀའ་བློན་ཚེ་རིང་དབང་ཕྱུག་མཆོག་གིས་ཞིབ་འཇུག་ཚོགས་ཆུང་ཞིག་བཙུགས་ཀྱང་། རྗེས་སུ་ཚོགས་ཆུང་གི་ཞིབ་འཇུག་སྙན་ཐོ་འབྱོར་སྐབས་འཕྲོད་བསྟེན་བཀའ་བློན་མཆོག་གིས་ངོས་ལེན་གནང་མེད།

དེའི་རྗེས་འཕྲོད་བསྟེན་བཀའ་བློན་མཆོག་ལྷོ་ཕྱོགས་ཁུལ་དུ་ཕྱོགས་སྐྱོད་ཅིག་དང་འབྲེལ་ཏེ། ལྷག་པ་ཚེ་རིང་གིས་ཅ་དངོས་ཉོ་སའི་རྒྱ་གར་ཚོང་བདག་སར་ཕེབས་ཏེ་འདྲི་བརྩད་གནང་སྐབས། ལྷག་པ་ཚེ་རིང་གིས་ཅ་དངོས་ཉོས་པའི་ཡིག་ཆ་རྫུན་བཟོ་བྱས་ཚུལ་བརྗོད་ཡོད་ཀྱང་། རྗེས་སུ་སྐད་ཆར་འགྱུར་བ་ཐེབས་ཏེ་ཉིན་དེར་བཀའ་བློན་མཆོག་གིས་འཇིགས་སྐུལ་བྱས་པར་བརྟེན་ཏེ་སྐད་ཆ་དེ་ལྟར་ལབ་ཚུལ་བརྗོད་ཡོད།

རྙོག་གླེང་དེ་ཐོག་མར་བྱུང་སྐབས། འཕྲོད་བསྟེན་བཀའ་བློན་མཆོག་གི་བཀའ་མངགས་ལྟར། འཕྲོད་བསྟེན་དྲུང་ཆེས་སྣེ་འཁྲིད་པའི་ཞིབ་འཇུག་ཚོགས་ཆུང་ཞིག་བཙུགས་པའི་གྲུབ་དོན་སྙན་ཐོའི་ནང་། སྦེལ་ཀོབ་འཚོ་བྱེད་སྨན་ཁང་གི་འགན་འཛིན་ལྷག་པ་ཚེ་རིང་ལ་ལྐོག་ཟ་རུལ་སུངས་ཀྱི་གནད་དོན་མེད་པར་ངོས་འཛིན་གནང་ཡོད་སྟབས། ཞིབ་འཇུག་གྲུབ་དོན་དེ་འཕྲོད་བསྟེན་བཀའ་བློན་མཆོག་གིས་རྩིས་མེད་བཏང་ཡོད།

དེའི་རྗེས་བསྐྱར་དུ་བཀའ་ཤག་གིས་ནང་སྲིད་དྲུང་ཆེས་སྣེ་འཁྲིད་པའི་ཞིབ་འཇུག་ཚོགས་ཆུང་ཞིག་བཙུགས་པའི་ཞིབ་འཇུག་སྙན་ཐོའི་ནང་། སྦེལ་ཀོབ་འཕྲོད་བསྟེན་སྨན་ཁང་གི་འགན་འཛིན་ལྷག་པ་ཚེ་རིང་གིས་སྤྱི་དངུལ་ཧིན་སྒོར་ ༣༠༤༨༣༠ ཙམ་གྱོང་གུན་བཏང་ཡོད་པ་ཕྱིར་སློག་དགོས་པ་དང་། འཚོ་བྱེད་སྨན་ཁང་གི་གནད་དོན་འདི་དང་འབྲེལ་བ་ཡོད་པའི་ལས་བྱེད་ཡོངས་རྫོགས་འཕོ་འགྱུར་འགྲོ་དགོས་པ། དེ་བཞིན། འཕྲོད་བསྟེན་བཀའ་བློན་མཆོག་གིས་ཀྱང་གནས་ཚུལ་དེའི་ཐོག་ཐད་ཀར་ཐེ་གཏོག་གནང་སྟེ། འབྲེལ་ཡོད་རྒྱ་གར་ཚོང་པར་འཇིགས་སྣང་སྐུལ་བའི་གནས་ཚུལ་ཡོད་པའི་ངོས་འཛིན་ཐོག་འཕྲོད་བསྟེན་བཀའ་བློན་ལའང་ཉེན་བརྡའི་ཚུལ་དུ་སློབ་གསོའི་ཕྱག་ཡིག་ཅིག་ཕུལ་ཡོད་འདུག

དེའི་རྗེས་ལྷག་པ་ཚེ་རིང་ལགས་ཀྱིས་བཀའ་ཤག་གི་ཐག་གཅོད་དེ་དྲང་མོ་བྱུང་མེད་པའི་སྙན་ཞུ་ཞིག་སྤྱི་འཐུས་རྒྱུན་ལས་ལ་འབྱོར་བ་དང་། སྤྱི་འཐུས་རྒྱུན་ལས་ངོས་ནས་ཀྱང་གནད་དོན་ཁག་ཅིག་གི་ཐོག་བཀའ་ཤག་ལ་འདྲི་བརྩད་བྱས་པར་དོགས་གཞི་བྱུང་སྟབས། སྤྱི་འཐུས་རྒྱུན་ལས་ཀྱིས་བསྐྱར་དུ་འཕྲོད་བསྟེན་བཀའ་བློན་མཆོག་གི་ཕྱག་ལས་གནང་སྟངས་ཐོག་ཞིབ་འཇུག་ཚོགས་ཆུང་བཙུགས་པའི་གྲུབ་དོན་སྙན་ཐོའི་ནང་། གནད་དོན་འདིའི་ཐད་འཕྲོད་བསྟེན་བཀའ་བློན་མཆོག་གི་ཕྱག་ལས་གནང་སྟངས་ལ་ནོར་འཁྲུལ་ཤོར་ཡོད་པ་མ་ཟད། དེ་མིན་གྱི་ལས་དོན་གནང་ཕྱོགས་ཁག་ཅིག་གི་ཐོག་ཏུའང་ནོར་འཁྲུལ་ཡོད་པའི་ངོས་འཛིན་བྱས་ཡོད།

སྤྱི་འཐུས་རྒྱུན་ལས་ཀྱི་ཞིབ་འཇུག་སྙན་ཐོ་ཟླ་འདིའི་ཚེས་ ༢༦ ཉིན་གྲོས་ཚོགས་ནང་སྙན་གསེང་ཞུས་སྐབས། སྤྱི་འཐུས་ཁག་ཅིག་གིས་དེ་སྔོན་བཀའ་ཤག་གིས་ཉེས་པ་ཞིག་བཏང་ཟིན་པ་དེའི་སྟེང་། ད་རེབ་གྲོས་ཚོགས་ནས་གྲོས་ཆོད་ཅིག་བཞག་སྟེ་འགྲིག་པ་བྱས་ན་ལེགས་ཚུལ་བརྗོད་པ་དང་། ཁག་ཅིག་གིས་དེ་ཙམ་གྱིས་འགྲིག་གི་མེད་སྟབས་བསྐྱར་དུ་ཞིབ་འཇུག་ཚོགས་ཆུང་བཙུགས་ཏེ་དཀར་པོ་ནག་པོ་འཁྲུན་ཐག་ཆོད་པ་ཞིག་གནང་རྗེས། ཉེས་པ་ཆད་པ་གང་འབབ་ལག་བསྟར་བྱེད་དགོས་ཚུལ་སོགས་བརྗོད་ཡོད།

སྦེལ་ཀོབ་འཚོ་བྱེད་སྨན་ཁང་གི་རྙོག་གླེང་དང་། གནད་དོན་དེའི་ཐོག་འཕྲོད་བསྟེན་བཀའ་བློན་མཆོག་གི་ཕྱག་ལས་གནང་ཕྱོགས་བཅས་ཀྱི་ཐོག་སྔ་ཕྱིར་ཞིབ་འཇུག་ཚོགས་ཆུང་ ༣ བཙུགས་ཡོད། དེ་རིང་ཞོགས་པར་སྤྱི་འཐུས་གྲོས་ཚོགས་ནང་གྲོས་ཆོད་དེ་སྙན་གསེང་ཞུས་སྐབས་སྤྱི་འཐུས་ཁག་ཅིག་གིས་དགག་པ་བརྒྱབ་ཡོད་ཀྱང་མཐའ་མར་མང་པོས་ཐོག་ནས་གཏན་འབེབས་གནང་སོང་།

འབྲེལ་ཡོད་གསར་འགྱུར།

Brahma Chellaney  is an Indian geostrategist and columnist.Photo : Sri Lanka Campaign for Peace & Justice
Mobile App

རྒྱ་ནག་གིས་ཞིབ་བཤེར་གྱི་ལག་པ་རིང་དུ་བརྐྱངས་ནས་རྒྱལ་སྤྱིའི་ལྟ་སྟངས་ལ་འགྱུར་བ་གཏོང་བཞིན་ཡོད།

ཆུ་ཚོད་ ༡༧ སྔོན་ལ།
Mobile App

ཁ་མཆུ་ཨང་ ༢༣ པའི་གཏན་འབེབས་ཀྱི་ཉན་ཞིབ་འཚོགས། 

ཆུ་ཚོད་ ༡༨ སྔོན་ལ།
Mobile App

ཨ་རིའི་གྲོས་ཚོགས་གོང་མའི་ནང་བོད་ཀྱི་མ་འོངས་འགན་སྲུང་ཁྲིམས་འཆར་ངོ་སྤྲོད་གནང་།

ཆུ་ཚོད་ ༢༡ སྔོན་ལ།
Editorials

ཤོད་མཁན་ཇེ་མང་། ཉན་མཁན་ཇེ་ཉུང་།

༢༠༢༦/༠༨/༡༡
Taiwan's President Lai Ching-te (2nd-L) and Defence Minister Wellington Koo (3rd-L) (Photo by I-Hwa Cheng / AFP via Getty Images)
Mobile App

ཐའེ་ཝན་གྱིས་དམག་ཤུགས་བསྐྱེད་ནས་རྒྱ་ནག་གི་བཙན་འཛུལ་ལ་འགོག་རྒོལ་བྱ་རྒྱུ་ཡིན་འདུག 

༢༠༢༦/༠༨/༡༡
TTT
Mobile App

འབྲས་སྤུངས་ཁྲི་ཟུར་རྗེ་བཙུན་དཀོན་མཆོག་དཔག་བསམ་དཔལ་བཟང་པོ་མཆོག་དགོངས་པ་རྫོགས།

༢༠༢༦/༠༨/༡༡

མཆན། 5

  1. སྡེ་དགེ་རྒྱལ་པོ་ནས་ says:
    ལོ་ 11 སྔོན།

    སྤྱི་འཐུས་རྣམས་པའི་མང་པོས་ཐོག་ནས་གཏན་འབེབས་གནང་བ་དེ་འགྲིག་མེད་པ་ཤེས་དགོས། སྐབས་བཅུ་དྲུག་པའི་འོས་མི་སུ་བླུག་དགོས་མིན་གནས་ཚུལ་འདི་དག་ལ་རྟག་དཔྱོད་ལེགས་པ་བྱས་ན་གསལ་བོ་ཤེས་ཀྱི་རེད་ཞུ། དེང་སངས་འཚོ་བྱེད་སྨན་ཁང་ནང་དུ་་་་དྲང་པོའི་གསལ་བཤད་བྱེད་མཁན་དྲང་བདེན་ཅན་དང་ལྷག་བསམ་ཅན་མི་དེ་ཚོ་ད་ལྟ་ལས་དཀའ་སྤྲོད་མེད་པ། གཞུང་ལས་མ་རག་ནས་སྒེར་ལས་ལ་བརྩོན་གྱི་འདུག་དངོས་གནས་བློ་ཕམ་རེད། སྤྱི་འཐུས་རྣམས་པའི་ཞི་འཇུག་གནང་ས་དེ་ཚོ་མིན་ན་གང་ཡིན། དེ་ཚོ་ཡིན་ན་ཁོང་རྣམས་པ་ལ་གཟེངས་སྟོད་མེད་ཀྱང་། དེ་ཚོ་ལ་འགྲོ་སྟངས་མི་བཟོ་བ་གྲོས་ཆོད་དོན་ཚན་གཉིས་ག་རེ་ཡིན་ན། ཕྱོགས་ལྷུང་གི་སྐད་ཆ་མ་ཡོང་ན་ཁྱོད་རྣམས་ལ་བྱེད་ཡ་མེད་པ་ཡིན་ན། སྐབས་རྗེས་མའི་སྤྱི་འཐུས་གསར་པ་མ་ཡོང་ན་འགྲིག་གི་པ་འདིའི་སྟོན་ཡོད་

    Reply
  2. མི་རྒོད། says:
    ལོ་ 11 སྔོན།

    འདི་ཡོང་གཞི་ཡིན་པས་ཧ་ལས་རྒྱུ་ཅི་ཡང་མེད། ཡིནའང་བོད་པ་དངུལ་ལ་དགའ་པོ་དང་ རྡ་ཡང་གིས་བསླུས་ཡོད་པས་དེར་གཟབ་དགོས་པ་དང་ འདི་རིགས་འགོག་དགོས་པ་མ་ཟད་ལས་དོན་འདིའི་ཆེད་མང་ཚོགས་ནས་སྤྱི་འཐུས་གདམ་པ་རེད།

    བདེན་པ་ཉིད་རྟག་ཏུ་རྒྱལ་གྱུར་ཅིག།།།

    Reply
  3. འཇང་གཡུ་ལྷ་ཐོགས་འགྱུར says:
    ལོ་ 11 སྔོན།

    འཕྲོད་བསྟེན་བཀའ་བློན་གནས་དབྱུང་གཏོང་རོགས།

    Reply
  4. བདེ་རྒྱལ། says:
    ལོ་ 11 སྔོན།

    བཀའ་བློན་ཞིག་གྲོས་ཚོགས་ཀྱིས་ཐུགས་གཟབ་དགོས་པའི་ཉེན་བརྡ་སླེབས་པ་དེ། ལོ་རྒྱུས་ནང་སྡོད་དགོས་སྟབས། དེ་ལས་ལྷག་ཅིག་གི་ཉེས་པ་ཞིག་མེད། ང་ཡིན་ན་ངོ་ཚ་ནས་གདོང་སྟོན་ནུས་ས་མ་རེད།

    Reply
  5. བོད་དགའ། says:
    ལོ་ 11 སྔོན།

    འཇིག་རྟེན་འདིའི་སྟེང་ལ་ལྟད་མོ་མང་གི་ཡ། མི་ཆེན་ཚོས་ནོར་ན་ཐུགས་གཟབ་གནང་དགོས་ཀྱི་བསླབ་བྱ་སྙིང་རྗེ་མོ་རེ། འབངས་ཚོས་ནོར་ན་དཀར་ནག་གི་ཐག་གཅོད་ནན་མོ་རེ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese