མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ངས་སྲིད་སྐྱོང་འོས་མི་གཉིས་ཀ་ངོ་ཤེས་ཀྱི་མི་འདུག་ཟེར།

བོད་ཀྱི་དུས་བབ།
༢༠༡༦/༠༣/༢༠
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་སྔ་དྲོའི་ཆུ་ཚོད་ ༩ ནས་ཕྱི་དྲོའི་ཆུ་ཚོད་ ༥ པ་བར་བཞུགས་སྒར་དྷ་རམ་ས་ལར་ཕྱི་ལོ་ ༢༠༡༦ ལོའི་བཙན་བྱོལ་བོད་མིའི་དངོས་གཞིའི་འོས་བླུག་བཞིན་འདུག་ལ། འོས་འཕེན་པ་མང་པོས་པར་དང་མིང་སོགས་ཡོད་ཀྱང་སྤྱི་འཐུས་མང་པོར་རྒྱུས་མེད་སྟབས་འོས་བླུགས་མེད་སྐོར་བརྗོད་བྱུང་།

IMG_9986དེ་རིང་སྔ་དྲོའི་ཆུ་ཚོད་ ༩ པ་ཐོག དྷ་ས་ཐེག་ཆེན་གཙུག་ལག་ཁང་གི་ཆོས་རའི་ནང་དུ། བཙན་བྱོལ་བོད་མིའི་འོས་བསྡུ་ཆེན་མོའི་དངོས་གཞིའི་འོས་བླུགས་སོང་བ་དང་། ཆོལ་ཁ་རེ་རེ་བྱས་ནས་འོས་མིའི་འགེངས་ཤོག་ལེན་ས་དང་འོས་འཕེན་པའི་ཐོ་འགོད་བྱེད་ས་བཟོས་འདུག་ལ། དྷ་ས་རམ་ལ་ནི་བཙན་བྱོལ་བོད་མིའི་ལྟེ་གནས་ཆགས་ཡོད་སྟབས། ཞོགས་པའི་ཆུ་ཚོད་ ༧ པ་ཡོལ་ཙམ་ནས་བཟུང་མི་མང་པོ་གཙུག་ལག་ཁང་ཏུ་འབྱོར་ཏེ། འོས་འཕེན་པར་གྲ་སྒྲིག་བྱས་ཏེ་བང་བསྒྲིགས་ནས་བསྡད་འདུག འདི་ལོའི་བཙན་བྱོལ་བོད་མིའི་འོས་བསྡུ་ཆེན་མོར་རྟོག་ཞིབ་སླད་ཆེད་དུ་ཕེབས་པའི་ཧྥ་རན་སི་དང་འཇར་མན། ཁེ་ན་ཌ། ཨོ་སི་ཊོ་ལི་ཡ་སོགས་ནས་ཕེབས་པའི་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་རྟོག་ཞིབ་སྐུ་ཚབ་ཚོགས་ཆུང་གི་ཚོགས་མི་རྣམ་པ་ཡང་གཙུག་ལག་ཁང་དུ་ཡོང་སྟེ། དངོས་སུ་གཟིགས་ཞིབ་གནང་བ་དང་འབྲེལ་ཡུལ་དངོས་ནས་གསར་འགོད་པར་བཙན་བྱོལ་བོད་མིའི་འོས་བསྡུའི་སྤྱི་ཡོངས་ཀྱི་མཐོང་སྣང་སོགས་བརྗོད་བྱུང་ལ། བོད་མི་འོས་འཕེན་པ་ཁ་ཤས་ཤིག་ལ་འོས་བསྡུ་དང་འབྲེལ་བའི་བསམ་ཚུལ་ཁག་ཅིག་དྲིས་ཡོད།

འདི་གའི་གསར་འགོད་པས་རྟོག་ཞིབ་ཚོགས་ཆུང་གི་ཚོགས་མི་དང་ཧྥ་རན་སིའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཨན་ཌ་རི་གྷ་ཊོ་ལེན་ (Andre Gattolin) ལགས་ལ། དེ་རིང་གི་བཙན་བྱོལ་བོད་མིའི་འོས་བསྡུའི་ཐད་ཁྱེད་རང་ལ་མཐོང་སྣང་ག་རེ་བྱུང་ཞེས་དྲིས་པར་ཁོས། ཧ་ཅང་དགའ་འོས་པ་ཞིག་རེད། ངས་སྐྱབས་བཅོལ་བོད་མིའི་འོས་བསྡུ་ཐོག་དང་པོ་མཐོང་བ་ཡིན། ང་རང་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མི་དང་བཙན་བྱོལ་བོད་མིའི་འོས་བསྡུ་རྟོག་ཞིབ་ལས་དོན་གྱི་སྐུ་ཚབ་ཏུ་ཡོང་བ་ཡིན། ཁྱེད་ཚོའི་འོས་བསྡུའི་སྒྲིག་འཛུགས་ཡག་པོ་འདུག་ལ། ཁྱེད་རང་ཚོའི་ལག་དེབ་ལྗང་ཁུ་དེབ་སྐྱེལ་དང་ཞིབ་བཤེར། འོས་བླུགས་རྗེས་སེན་རྟགས་སྔོ་ནག་རྒྱག་པ་དང་། འོས་འཕེན་མི་མང་གིས་འོས་བསྡུའི་སྒྲིག་སྲོལ་བརྩི་བ་སོགས་ངས་དེ་རིང་གི་འོས་བསྡུ་འདི་ཧ་ཅང་ཡག་པོ་མཐོང་སོང་། སྤྱིའི་ཆ་ནས་ཁྱེད་རང་ཚོས་བཙན་བྱོལ་ནང་འོས་བསྡུ་བྱེད་ཀྱི་ཡོད་དུས། ང་ཚོའི་ལུང་པ་དང་ཁྱེད་རང་ཚོ་བཙན་བྱོལ་བོད་མིའི་འོས་བསྡུ་གཉིས་འདྲ་ཡི་མེད་པ་བཤད་མ་དགོས་པ་རེད། ཅེས་སོགས་བརྗོད་བྱུང་།

དགེ་འདུན་པ་ཞིག་གིས་འོས་བསྡུའི་སྐྱོན་ཆ་སྐོར་ལ་བསམ་ཚུལ་བརྗོད་དོན། འོས་བསྡུའི་སྔོན་འགྲོ་དང་དངོས་གཞི་གཉིས་བར་དུ་དུས་ཚོད་རིང་དྲགས་པའི་སྐྱོན་འདུག་བསམ་གྱི་ཡོད། ད་ལྟའི་གནས་ཚུལ་འདྲ་པོ་ཡིན་ན་ཕྱོགས་གཅིག་ནས་བགྲོ་གླེང་ཡག་པོ་བྱུང་གི་ཡོད་པ་དང་། ཕྱོགས་གཅིག་ནས་བགྲོ་གླེང་མང་དྲགས་ནས་སྐྱོན་ཞིག་བསླེབ་གྲབས་བསླེབ་གྲབས་བྱེད་ཀྱི་ཡོད་པ་རེད། སྔོན་འགྲོ་ཕྱི་ལོ་ ༢༠༡༥ ལོའི་ཟླ་ ༡༠ ཚེས་ ༡༨ ནས་དེ་རིང་ཕྱི་ཟླ་ ༣ ཚེས་ ༢༠ བར་ཟླ་བ་གང་ལ་གང་འཚམ་ཞིག་ཕྱིན་ཚར་བ་རེད། དེ་འདྲ་ཡིན་དུས་སྔོན་འགྲོ་དང་དངོས་གཞིའི་བར་དུ་དུས་ཚོད་རིང་དྲགས་པའི་སྐྱོན་ཞིག་ང་རང་གིས་མཐོང་གི་འདུག ཅེས་དང་།

ཡང་གསར་འགོད་པས་སྲིད་སྐྱོང་འོས་མི་སུ་ལ་འོས་བླུགས་ཡོད་དྲིས་པར་ཁོང་གིས། སྲིད་སྐྱོང་འོས་མི་གཉིས་ཀྱིས་བགྲོ་གླེང་མང་པོ་ཞེ་དྲགས་ཤིག་གནང་ཡོད་པ་དང་། ང་རང་གི་དམིགས་ཡུལ་ནང་ཁོང་གཉིས་ཀྱི་ནང་ནས་སུས་གཞིས་ལུས་མི་མང་གི་སྙིང་སྟོབས་དང་ལྷག་བསམ། རེ་བ་བཅས་ཀྱི་སྐོར་ལ་བཀའ་མོལ་དང་དབྱེ་ཞིབ། འཆར་གཞི་མང་བ་འདུག་དེར་བལྟས་ནས་འོས་བླུགས་ཡོད། ཅེས་བརྗོད་བྱུང་།

དགེ་འདུན་པ་ཞིག་ལ་ཐེངས་འདིའི་འོས་བསྡུ་བརྒྱུད་མ་འོངས་པའི་འོས་བསྡུ་ལ་བསམ་ཚུལ་ག་རེ་འདོན་རྒྱུ་ཡོད་ཅེས་དྲིས་པར་ཁོང་གིས། མ་འོངས་པར་སྲིད་སྐྱོང་ཡིན་ན་རེད། སྤྱི་འཐུས་ཡིན་ནའང་རེད་བོད་མི་རིགས་ཀྱི་རྩ་དོན་ཡག་ཐག་ཆོད་སྒྲུབ་མཁན་ཞིག་དགོས་ཀྱི་འདུག ཕྱི་གསལ་ནང་གསལ་དང་བཀའ་མོལ་ཡིན་ནའང་བོད་སྤྱི་པར་འགན་འཁུར་བའི་ཐོག་ནས་གནང་དགོས་ཀྱི་འདུག་མ་གཏོགས། སོ་སོར་རྐུབ་སྟེགས་རག་པ་ཡིན་ན་སྒེར་དོན་རྐྱང་རྐྱང་སྒྲུབ་བསྡད་པ་འདྲ་པོ་མཐོང་གི་འདུག དེ་འདྲ་བྱས་བསྡད་པ་ཡིན་ན་བོད་ནང་ལོགས་ཀྱི་བོད་མི་མང་པོར་བློ་ཕམ་ཡོང་གི་ཡོད་ས་རེད་དཱ། ངས་བསམ་བློ་བཏང་ན་མ་འོངས་པར་སྲིད་སྐྱོང་དང་སྤྱི་འཐུས་སུ་གདམ་པ་ཡིན་ནའང་བོད་སྤྱི་པར་དངོས་གནས་དྲང་གནས་ཕན་ཐོགས་མཁན་ཞིག་གདམ་དགོས་པ་ཧ་ཅང་གལ་ཆེན་པོ་རེད་ཅེས་ཟེར།

བོད་ནས་གསར་དུ་ཡོང་བའི་ཕོ་གསར་ཞིག་ལ་སྤྱི་འཐུས་ག་ཚོད་བདམས་ཡིན་དྲིས་པར་ཁོང་གིས། ངས་སྤྱི་འཐུས་དགུ་མ་གཏོགས་གདམ་རྒྱུ་རག་མ་སོང་། གང་ཡིན་ཟེར་ན། གཙོ་ཆེ་བ་སོ་སོར་ཆ་རྒྱུས་ཡོད་དགོས་པ་རེད། དེ་འདྲ་ཡིན་དུས་ངས་སྤྱི་འཐུས་མི་དགུ་བདམས་ཡོད། ཅེས་བརྗོད་བྱུང་བ་དང་། ཡང་འོས་ཐེངས་དང་པོ་འཕེན་མཁན་བུ་མོ་ཞིག་གིས། ངས་སྤྱི་འཐུས་གཉིས་བདམས་ཡོད། ཁོང་གཉིས་ངའི་རོགས་པ་ཞིག་གིས་ཡག་པོ་ཡོད་པ་རེད་ཟེར་གྱི་འདུག་པས་བདམས་པ་ཡིན། གཞན་པ་རྣམས་ངོ་ཤེས་ཀྱི་མི་འདུག་ལ། རྒྱུས་ཀྱང་མེད་པས་བདམས་མེད་ཅེས་བརྗོད་བྱུང་།

ཨ་ནེ་ཞིག་ལ་ཁྱེད་ཀྱིས་སྲིད་སྐྱོང་འོས་མི་སུ་ལ་བླུགས་ཡོད་ཅེས་དྲིས་པར་མོས། ངས་ཁོང་གཉིས་ཀ་ངོ་ཤེས་ཀྱི་མེད། གང་ལྟར་ཤོག་བུའི་སྒང་ལ་པར་འདུག་པས་དེ་གཉིས་ཀྱི་ནང་ནས་གཅིག་ལ་འོས་རྟགས་ཤིག་བརྒྱབ་ནས་སྤྲད་བཞག་ཡིན། ཅེས་བརྗོད་བྱུང་། ཡང་ཨ་མ་ལགས་ཤིག་གིས་འོས་ཀྱི་འགེངས་ཤོག་ནང་འོས་མི་ཚང་མའི་པར་འདུག་སྟེ། ནམ་རྒྱུན་མཐོང་བསྡད་པའི་མི་དང་པར་གཉིས་ཀྱི་བར་དུ་མ་འདྲ་བ་ཆེན་པོ་ཡོད་དུས་ཡག་པོ་ཞིག་ངོ་ཤེས་ཀྱི་མི་འདུག དེ་ནས་ངོ་ཤེས་པ་དང་ཡག་པོ་ཡོད་བསམ་པའི་སྤྱི་འཐུས་འོས་མི་ ༦ ལ་འོས་རྟགས་བརྒྱབ་ཡིན། ཞེས་བརྗོད་བྱུང་།

IMG_0047བོད་ནས་ཡོང་བའི་བུད་མེད་ཅིག་ལ་སྲིད་སྐྱོང་གི་འོས་སུ་ལ་བླུགས་ཡོད་དྲིས་པར་ཁོང་མོས། ངས་སྲིད་སྐྱོང་དངོས་གནས་བོད་སྤྱི་པའི་དོན་དུ་ཕན་ཐོགས་སྒྲུབ་མཁན་ཞིག་དང་། ལྷག་པར་དུ་༧རྒྱལ་བ་རིན་པོ་ཆེའི་བཀའ་དགོངས་སེམས་ཀྱི་དཀྱིལ་ལ་ཉར་མཁན་ཞིག་ལ་འོས་བླུགས་ཡོད། སྔོན་མ་ཡིན་ན་ངེད་ཚང་གི་བཟའ་མི་གསུམ་གྱིས་བློ་བཟང་སེང་གེ་མཆོག་ལ་བླུགས་ཡིན། ད་ལན་ལྷག་བསམ་དང་དྲང་ཚུགས་གང་ཅིའི་ཆ་ནས་སྤེན་པ་ཚེ་རིང་ཡག་པོར་མཐོང་སྟེ་ཁོང་ལ་བླུགས་ཡོད། ཡིན་ནའང་། མ་འོངས་པར་ཁོང་གཉིས་ཀྱི་སུ་ལ་རྒྱལ་ཁ་འཐོབ་པ་ཡིན་ནའང་རྒྱབ་སྐྱོར་ཡོད་ཅེས་ཟེར།

ཨ་མ་ལགས་ཤིག་ལ་བསམ་བློ་ག་འདྲ་ཞིག་འཁུར་ཏེ་སྲིད་སྐྱོང་འོས་མི་སུ་ལ་འོས་བླུགས་ཡིན་དྲིས་དུས་མོས། ངས་བློ་བཟང་སེང་གེ་ལགས་ལ་འོས་བླུགས་ཡོད། གང་ཡིན་ཟེར་ན། ངའི་རྐང་པ་ནད་པ་ཡིན་པས་ཡར་མར་འགྲོ་ཐུབ་ཀྱི་མེད་ཀྱང་བརྙན་འཕྲིན་དེ་འདྲའི་ནང་ནས་༧རྒྱལ་བ་རིན་པོ་ཆེས་བློ་བཟང་སེང་གེ་ལགས་ཁོང་རང་སྐྱེས་ས་རྒྱ་གར་དང་རྒྱ་གར་ལ་སློབ་སྦྱོང་བྱས་པ་དང་། དེ་ནས་ཕྱི་རྒྱལ་དུ་སློབ་སྦྱོང་བྱས་ཏེ་དེང་དུས་ཀྱི་ཤེས་ཡོན་ཆ་ཚང་ཡོད་པ་དཔེ་མི་སྲིད་པའི་ཡག་པོ་ཡོད། གོ་ཆོད་པོ་ཞེ་དྲགས་ཡོད་ཅེས་མང་པོ་གསུངས་སོང་། དེ་འདྲ་ཡིན་དུས་ང་རང་གི་འོས་གཅིག་པུ་དེའང་ཁོང་ལ་ཕུལ་ཡིན། ཞེས་བརྗོད་བྱུང་།

དགེ་འདུན་པ་ཞིག་ལ་ཐེངས་འདིའི་འོས་བསྡུར་མཐོང་སྣང་ག་རེ་བྱུང་བ་དང་། མ་འོངས་པར་ཡིད་གཟབ་དགོས་པ་ག་རེ་འདུག་དྲིས་པར་ཁོང་གིས། ད་ལན་གྱི་འོས་བསྡུའི་བརྒྱུད་རིམ་ནང་ང་ལ་མཐོང་ཚུལ་ག་རེ་བྱུང་ཟེར་ན། མི་སྒེར་དང་ཚོགས་པ་ག་རེ་ཡིན་ནའང་སྤྱི་ཡོངས་ཀྱི་འོས་བསྡུའི་བརྒྱུད་རིམ་ནང་འགན་ལེན་སྟངས་དེར་ངེས་པར་དུ་ཡིད་གཟབ་བྱེད་དགོས་པ་མང་པོ་ཞིག་མཐོང་སོང་། དཔེར་ན། ང་ཚོར་ཆོལ་ཁ་ལོགས་སུ་ཡོད་དུས་ཆོལ་ཁ་རང་གི་ངོས་ནས་སྲིད་སྐྱོང་གི་འོས་མི་འདོན་པ་དེ་ཚོ་ཧ་ལས་པའི་དམངས་གཙོའི་འཕེལ་རིམ་ནང་ནོར་འཁྲུལ་ཆེན་པོ་ཞིག་ཆགས་ཀྱི་ཡོད་པ་རེད་བསམ་གྱི་འདུག་ལ། ངས་དེ་ནོར་འཁྲུལ་ཞིག་ཏུ་ངོས་འཛིན་བྱེད་བཞིན་ཡོད། ད་ལྟའི་བོད་ཀྱི་གནས་སྟངས་འདི་འདྲ་ཆགས་པ་དེ་ང་ཚོ་ཆིག་སྒྲིལ་མེད་པའི་རྐྱེན་གྱིས་བྱུང་བ་རེད། ང་ཚོའི་སྤྱི་ཚོགས་ནང་ཆོལ་ཁ་ཟེར་བའི་མིང་འདི་གོ་བ་ཙམ་གྱིས་མི་སུ་འདྲ་ཞིག་ཡིན་ནའང་རང་བཞིན་ལྷན་སྐྱེས་ཀྱིས་དེའི་ཕྱོགས་ལ་བསམ་བློ་བཏང་སྟེ་དམངས་གཙོའི་ལམ་ཀར་འགྲོ་མ་ཐུབ་པའི་བར་ཆད་ཞེ་དྲགས་ཤིག་སླེབ་ཡོང་གི་ཡོད་པ་རེད། དེ་འདྲ་ཡིན་དུས། མ་འོངས་པར་ང་ཚོས་སྲིད་སྐྱོང་འོས་མི་དེ་གང་ཐུབ་ཀྱིས་དཔེར་ན་རྒྱལ་ཡོངས་མང་གཙོ་ཚོགས་པ་ནང་བཞིན་གྱི་ཚོགས་པ་རང་ནས་ཐེ་ཇུས་བྱེད་པ་མ་གཏོགས་ཆོལ་ཁའི་ཐོག་ནས་འདོན་པ་དེ། ང་ཚོའི་དམངས་གཙོའི་འཕེལ་རིམ་ནང་ནོར་འཁྲུལ་ཆེན་པོ་རེད་བསམ་གྱི་ཡོད། ཅེས་བརྗོད་བྱུང་།

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

བསམ་ཚུལ།

ཁྱེད་བཞུད་ཤུལ་ན།

ཆུ་ཚོད་ ༤ སྔོན་ལ།
དྷ་ས་འཛིན་སྐྱོང་སྦྱོང་བརྡར་ཁང་དུ་རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐེངས་བཞི་པ་དབུ་འཛུགས་གནང་བཞིན་པ། ༢༠༢༦།༧།༣ དུས་བབ་གསར་ཁང་གི་པར།
Mobile App

རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐེངས་བཞི་པ་དབུ་འཛུགས་གནང་།

ཆུ་ཚོད་ ༢༣ སྔོན་ལ།
བློ་བཟང་དཔལ་ལྡན་གྱིས་རྒྱལ་ཚོགས་ཀྱི་མདུན་ཐང་དུ་རང་ལུས་མེ་བསྲེགས་གནང་།  པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས། ༢༠༢༦།༧།༣
Mobile App

རང་བཙན་བློ་དགའ་ཡིས་རྒྱལ་ཚོགས་ཀྱི་མདུན་ཐང་དུ་རང་ལུས་མེ་བསྲེགས་གནང་། 

ཆུ་ཚོད་ ༢༤ སྔོན་ལ།
(File image) Sikyong Penpa Tsering and Representative Thinlay Chukki with Hon. Michael Brand, Member of the German Parliament and Parliamentary State Secretary to the German Government.
Mobile App

རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཟེར་བར་ངོ་རྒོལ་བསྒྲགས་གཏམ་སྤེལ། 

༢༠༢༦/༠༧/༠༢
China Steps Up Road Works In Arunachal Area It Controls Since 1959. Photo: Satellite Image 2026 Vantor
Mobile App

རྒྱ་ནག་གཞུང་གིས་བོད་ཧིན་མཐའ་མཚམས་སུ་གཞུང་ལམ་གསར་རྒྱག་བྱས་འདུག 

༢༠༢༦/༠༧/༠༢
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་བཅའ་ཁྲིམས་ལག་བསྟར་བྱས་པར་ངོ་རྒོལ། ༢༠༢༦།༧།༡ པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས།
Mobile App

གཞུང་ཁོངས་མིན་པའི་ཚོགས་སྡེ་ཁག་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བའི་ཁྲིམས་ལག་བསྟར་བྱས་པར་ངོ་རྒོལ་ལས་འགུལ་སྤེལ།

༢༠༢༦/༠༧/༠༡

མཆན། 1

  1. རྡོ་རིང་བསྟན་འཛིན་ཕུན་ཚོགས་ says:
    ལོ་ 10 སྔོན།

    སྲིད་སྐྱོང་བློ་སེང་ལ་ཐོབས་པར་དགའ་སུ་བཞུ་བ་དང་ཆབས་ཅིག་ཚོགས་ཟུར་ཐོན་མཁན་སྤེན་ཚེ་བཀའ་བློན་དུ་བསྐོ་བཞག་ཡོང་རྒྱུའི་རེ་བ་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese