མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བསོད་ནམས་མགོན་པོ་ཀློད་གྲོལ་བཏང་།

བོད་ཀྱི་དུས་བབ།
༢༠༡༦/༠༣/༢༣
Share on FacebookShare on TwitterShare on EmailShare on Whatsapp

ཟི་ཁྲོན་དཀར་མཛེས་ཁུལ་སེར་ཤུལ་རྫོང་། རྫ་ཆུ་ཁ་རྫ་དབོན་པོ་དགོན་གྱི་གྲྭ་བསོད་ནམས་མགོན་པོ་ལགས་ཉིན་ཤས་གོང་ཀློད་གྲོལ་བཏང་སྟེ་ཕྱིར་ནང་དུ་འབྱོར་ཡོད་པ་ཤེས་རྟོགས་བྱུང་ཡོད་ཀྱང་། ཁོང་ཚེས་གྲངས་ག་དུས་ཀློད་གྲོལ་བཏང་བ་དང་ད་ལྟའི་གཟུགས་གཞིའི་གནས་སྟངས་སོགས་ཤེས་རྟོགས་མི་འདུག

8359_10206047821975571_559849014383269126_nགྲྭ་བསོད་ནམས་མགོན་པོ་ལགས་ནི་ ༢༠༡༢ ཟླ་ ༡༢ པའི་ཚེས་ ༡༢ གྱི་ཞོགས་པ་ཆུ་ཚོད་བརྒྱད་པ་ཡས་མས་སུ་དབོན་པོ་དགོན་ནང་ནས་འཛིན་བཟུང་བྱས་འདུག་ལ། ཁོང་དང་མཉམ་དུ་དབོན་པོ་དགོན་རྨང་གཞིའི་རིག་གནས་སློབ་གླིང་གི་སློབ་མ་བསོད་ནམས་ཆོས་དར་དང་། བློ་བཟང་མཁས་གྲུབ། བློ་བཟང་ནོར་བུ། བློ་བཟང་དབྱིག་གཉེན། བསྟན་འཛིན་དགེ་འདུན། བཅས་འཛིན་བཟུང་བྱས་རྗེས་ཟླ་མང་པོའི་རིང་གར་སོང་ཆ་མེད་དུ་གྱུར་ཏེ། ༢༠༡༣ ཟླ་ ༩ ཚེས་ ༡༡ ཉིན་བསོད་ནམས་ནམས་མགོན་པོ་དང་། བསོད་ནམས་ཆོས་དར་གཉིས་ལ་ལོ་བཞི་རེའི་ཁྲིམས་ཆད་དང་། གཞན་རྣམས་རིམ་པས་ཀློད་གྲོལ་ཐོབ་ཡོད།

ཁོང་རྣམས་འཛིན་བཟུང་བྱེད་དགོས་པའི་ཉེས་འཛུགས་གཙོ་བོ་ནི་ ༢༠༡༢ ཟླ་ ༢ པའི་ནང་དུ་དགོན་པའི་ཉེ་མཁོར་ཡུལ་ཚོའི་སློབ་རའི་ནང་གི་རྒྱ་ནག་གི་དར་དམར་མར་ཕབ་ཏེ་བོད་ཀྱི་དར་སེང་བསྒྲེངས་ནས་སྦྱར་ཡིག་དང་འགྲེམས་སྤེལ་བྱས་པར་བརྟེན་དམག་མི་འབོལ་ཆེན་ཡོང་སྟེ་ཟླ་གཅིག་ལྷག་རིང་སུན་བཙིར་འཇིགས་སྐུལ་བྱས་ཡོད་ཀྱང་སྐབས་དེར་མི་སུ་ཡང་འཛིན་བཟུང་བྱེད་ཐུབ་མེད་པ་དང་།   ལོ་དེའི་ཕྱི་ཟླ་ ༩ བའི་ནང་བསླར་ཡང་དར་དམར་མར་ཕབ་སྟེ་སེང་དར་བསྒྲེངས་ནས་ཡིག་ཆ་མང་པོ་གང་སར་བཀྲམས། ཟླ་དེའི་ཚེས་ ༡༥ ཡི་མཚན་མོར་དམག་མི་མང་པོ་འབྱོར་ནས་ཡང་བསྐྱར་སུན་བཙིར་བཟོ་མགོ་བརྩམས་ཏེ། ༢༠༡༢ ཟླ་ ༡༠ ཚེས་ ༡༥ ནས་ ༢༤ བར་དུ་གྲྭ་ཆོས་དར་དང་། སྐྱ་པེ། མི་འཁྲུགས་སོགས་སེར་སྐྱ་ ༢༧ ཡས་མས་ཤིག་འཛིན་བཟུང་བྱས་ཏེ། རྡུང་རྡེག་ཚད་མེད་བཏང་རྗེས་ཆོས་དར་དང་སྐྱ་པེ། མི་འཁྲུགས་གསུམ་ཟླ་ངོ་མང་པོའི་རང་གར་སོང་ཆ་མེད་དུ་གྱུར་བ་དང་། གཞན་རྣམས་རིམ་པས་ཀློད་གྲོལ་ཐོབ་ཡོད།

དེ་བཞིན། གོང་གསལ་ལྟར་ ༢༠༡༢ ཟླ་ ༡༢ ཚེས་ ༡༢ ཉིན་བསོད་ནམས་མགོན་པོ་སོགས་འཛིན་བཟུང་བྱས་པའི་གནས་ཚུལ་བྱུང་། མཇུག་མཐར་ཆབ་སྲིད་གནད་དོན་དེ་དག་དང་འབྲེལ་ཡོད་ཉེས་འཛུགས་ཀྱིས་ ༢༠༡༣ ཟླ་ ༩ ཚེས་ ༩ གྲྭ་ཆོས་དར་ལ་ཁྲིམས་ཆད་ལོ་གཅིག་དང་སྐྱ་པེ་དང་། མི་འཁྲུགས་གཉིས་ལ་ལོ་བཞིའི་ཆབ་སྲིད་ཁེ་དབང་མེད་པ་བཟོས་པ་མ་ཟད། འབྲེལ་ཡོད་ཚོར་ཆབ་སྲིད་ལས་དོན་ལ་མི་ཞུགས་པའི་འགན་ཁུར་བཅུགས་ཏེ་ཀློད་གྲོལ་བཏང་ཡོད། བསོད་ནམས་མགོན་པོ་དང་། བསོད་ནམས་ཆོས་དར་གཉིས་ལ་ལོ་ ༤ རེའི་ཁྲིམས་ཐག་བཅད་ཡོད་ཀྱང་བསོད་ནམས་ཆོས་དར་ལ་ཁྲིམས་ཆད་ལོ་བཞི་ཚང་ཡོད་ནའང་ད་དུང་ཀློད་གྲོལ་བཏང་མེད།

སྦེལ་ཀོབ་ས་གནས་གསར་འགོད་པ་དོན་འགྲུབ་བཀྲ་ཤིས།

འབྲེལ་ཡོད་གསར་འགྱུར།

Mobile App

མི་རིགས་ཀྱི་ཤུལ་བཞག་རིག་དངོས་རྩ་གཏོར་བྱེད་པ་ནི་ཁྲིམས་དང་འགལ་བའི་བྱ་སྤྱོད་ཡིན།

ཆུ་ཚོད་ ༡༨ སྔོན་ལ།
འཛམ་གླིང་རྐང་སྤོལ་སྐར་ཆེན་བཞི། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༦།༧།༡༤
Mobile App

འདི་ལོའི་རྐང་སྤོལ་རྩེད་འགྲན་གྱི་གསེར་བུམ་བདག་པོ་དེ་སུ་ཡིན་ནམ།

ཆུ་ཚོད་ ༡༩ སྔོན་ལ།
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་ཀྱིས་བོད་མིའི་སྙིང་སྟོབས་མཚོན་ཞེས་གསུངས། 

༢༠༢༦/༠༧/༡༣
Mobile App

གཅེས་ཕྲུག་གསུམ་ལ་ཨ་མའི་སྙིང་གཏམ། རྒྱལ་གཅེས་རིང་ལུགས་ཀྱི་ས་བོན།

༢༠༢༦/༠༧/༡༣
༸གོང་ས་མཆོག གསར་འགྱུར།

རང་གཞུང་ལྷོ་སྤྱི་ལས་ཁུངས་དང་སྒོ་མང་གྲྭ་ཚང་ཟུང་སྦྲེལ་ཐོག་བྷང་ལོར་ཁུལ་དུ་༸སྐུའི་འཁྲུངས་སྐར་སྲུང་བརྩི་རྒྱ་ཆེར་ཞུས་པ།

༢༠༢༦/༠༧/༡༣
Mobile App

རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱིས་བོད་དོན་གླེང་སློང་ངེས་པར་དུ་གནང་དགོས་པའི་ངོ་རྒོལ་ལས་འགུལ་སྤེལ།

༢༠༢༦/༠༧/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese