མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སེ་རི་ཡའི་སྐྱབས་བཅོལ་བ་ཞིག་གིས་ཡུ་རོབ་མཐུན་ཚོགས་ལ་བརྡ་ལན།

བོད་ཀྱི་དུས་བབ།
༢༠༡༦/༠༤/༠༦
Share on FacebookShare on TwitterShare on EmailShare on Whatsapp

ལེ་ཡེ་ལས་བཤད།

སྐལ་ལྡན་གྱིས་བསྒྱུར།

་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ང་ཚོས་དམག་འཐབ་ལས་གཡོལ་ཏེ་ནང་མི་ལྷན་འཛོམས་བྱེད་འདོད་ཀྱང་། ཡུ་རོབ་མཐུན་ཚོགས་ཀྱིས་ང་ཚོའི་མི་ཚེ་དེ་བས་ཡ་ང་བ་བཟོ་དོན་ཅི།

tibettimes-1

ང་ཚོ་དང་ཐོག་འདིར་ཡོང་སྐབས་ཁ་ཟས་ཕྲན་བུ་ཉོ་བའི་དངུལ་ཡོད། དེ་དག་རྫོགས་ཟིན་པ་རེད། ད་ཆ་ང་ཚོས་ཚེ་མ་སྡེབ་བཙིར་ sandwich ཞིག་གི་དོན་དུ་ཆུ་ཚོད་མང་པོ་བང་བསྒྲིགས་ཏེ་ལང་དགོས་ཀྱི་འདུག ཉེ་ཆར་ངའི་བཟའ་ཟླས་གསར་འགོད་པ་ཞིག་ལ་ “མི་རྣམས་ཞེན་པ་ལོག་ཚར་འདུག སང་ཉིན་རྒྱ་སྒོ་གཏོར་ཏེ་ས་མཚམས་སུ་འུར་བསྐྱོད་བྱེད་མི་སྲིད་པ་མ་རེད།” ཅེས་བཤད་སོང་། གསར་འགོད་པ་དེས་ “ཁྱོད་ཚོར་མཚོན་ཆ་ག་ཚོད་ཡོད་དམ།” ཞེས་དྲིས་བྱུང་། གལ་ཏེ་ང་ཚོས་མཚོན་ཆར་ལག་པ་འཆང་ཤེས་པ་དང་འཆང་འདོད་ཡོད་པ་ཡིན་ན། སེ་རི་ཡ་ནས་བྲོས་དགོས་དོན་མེད། ང་ཚོ་མི་གསོད་ཁྲག་སྦྱོར་གྱིས་ཡིད་ཐང་ཆད་བསྡད་ཡོད། ང་ཚོར་དགོས་པ་ནི་ཞི་བདེ་ཡིན།

ང་ཚོ་དམག་འཁྲུག་ལས་བྲོས་བྱོལ་དུ་ཡོང་བ་ཡིན། ད་ཆ་ཡུ་རོབ་མཐུན་ཚོགས་ཀྱིས་ང་ཚོར་དམག་འདྲེན་གྱི་ཡོད་རེད། བསམ་བློའི་དམག་འཐབ་འདྲེན་གྱི་འདུག ང་ཚོ་ཡུ་རོབ་ལ་འགྲོ་སྐྱོད་ཆོག་པའི་དཀྲོག་གཏམ་རེ་གོ་སྐབས། ང་ཚོས་རྟེན་འབྲེལ་རེ་བྱེད་ཀྱི་ཡོད། མགོ་ཁྲིད་དེ་དག་གིས་ང་ཚོར་རེ་བ་ཞིག་བྱིན་པ་དང་ལྷན། རེ་བ་དེ་དག་གར་སོང་ཆ་མེད་དུ་གྱུར་གྱི་འདུག ཁྱོད་ཚོས་སྐྱབས་བཅོལ་བར་སྒོ་མོ་ཕྱེ་དོན་ཅི་ཡིན་ནམ། ཁྱོད་ཚོས་མི་རྣམས་ལ་སྣེ་ལེན་བྱེད་དོན་ཅི་ཡིན་ནམ། གལ་ཏེ་ཁྱོད་ཚོས་སྔོན་ཚུད་ནས་བཀག་འགོག་བྱས་ཡོད་ཚེ། ང་ཚོ་འདིར་ཡོང་དགོས་དོན་མེད། ང་དང་ངའི་ཕྲུ་གུ། མི་སྣ་སྟོང་ཕྲག་མང་པོས་སྲོག་ཉེན་ལ་མ་འཛེམས་པར་ས་མཚམས་རྒལ་དགོས་དོན་མེད།

ང་ནི་ལོ་ན་སོ་དགུར་སོན་པའི་གྲོང་ཁྱེར་ཧཱ་སཱ་ཀའི་རུ་གནས་སྡོད་ཀུར་སྡེའི་མི་རིགས་ཤིག་ཡིན། གྲོང་ཁྱེར་ཧཱ་སཱ་ཀའི་ནི་ད་ཆ་གསར་འགྱུར་བརྒྱུད་ལམ་ཁག་ཏུ་མཐོང་ཐོས་སུ་གྱུར་བ་བཞིན། ཨི་སི་ལམ་དྲག་སྤྱོད་རིང་ལུགས་ཀྱི་ཉེན་ཁའི་འོག་གནས་ཡོད། དེ་སྔོན་དཔྱིད་ཀའི་དུས་སུ་ཉིན་ལྟར་གྲོང་ཁྱེར་གྱི་མཐའ་སྐོར་ནས་སྲིད་གཞུང་གིས་སྲུང་སྐྱོབ་བྱེད་དགོས་ཀྱི་ཡོད། སྐབས་རེར་གང་ཡོང་ཆ་མེད་ཀྱི་སྒྱོགས་བདེལ་འཁྱམ་པོ་ང་ཚོའི་ཉེ་འགྲམ་དུ་འཛག་གི་ཡོད།

ཉིན་ཞིག་གི་ཞོགས་པའི་ཆུ་ཚོད་ལྔ་པའི་ཐོག་ང་ཚོས་སྒྱོགས་བདེལ་གྱི་སྐད་སྒྲ་ཐོས་བྱུང་། ཨི་སི་ལམ་དྲག་སྤྱོད་པ་སླེབས་ཟིན་པ་ཤེས་བྱུང་། ངས་རང་ཉིད་ཀྱི་ཕྲུ་གུ་དང་སྒྱེ་མོ་གཉིས་འཁྱེར་ཏེ་བྲོས་ཡོང་བ་ཡིན། དུས་སྐབས་དེར་མི་ཚང་མས་སྒྱེ་མོ་གཉིས་རེ་སྔོན་ཚུད་ནས་གྲ་སྒྲིག་ཨང་གསར་བྱེད་ཀྱི་རེད། སྒྱེ་མོ་གཅིག་ནི་གལ་ཆེའི་ཡིག་རིགས་བླུག་སྣོད་ཡིན་པ་དང་། གཞན་དེ་ནི་གྱོན་གོས་སོགས་ཉེར་མཁོའི་དངོས་ཆས་བླུག་སྣོད་རེད། ང་ཚོས་རྐམ་ལ་ཉེ་བའི་གཙང་པོ་ཞིག་བརྒྱུད་རྐང་ཚིགས་བར་འདམ་ཆུ་འཛར་འཛར་ངང་ཡོང་བ་ཡིན།

ཨི་སི་ལམ་དྲག་སྤྱོད་པ་ཚོའི་ཉེན་ཁ་ལས་ཐར་ཡང་ཀུར་སྡེའི་དམག་དཔུང་གི་འཇིགས་པ་ནི་དེ་བས་ཆེ། ང་ཚོར་མེ་ཁ་གསོ་བའི་ཤིང་ཡང་མེད། ཉིན་ཞིག་ངས་རང་ཉིད་ཀྱི་བཟའ་ཟླར་ “གལ་ཏེ་ང་ཚོས་ཁང་ཐོག་གི་གདུང་མ་གཉིས་ལས་གཅིག་བུད་ཤིང་གི་ཆེད་བེད་སྤྱད་ཚེ། གདུང་མ་གཞན་དེས་ཁང་ཐོག་འཛིན་ཐུབ་བམ།” ཞེས་དྲིས་པར། ངའི་བཟའ་ཟླ་གད་མོ་ཤོར་བཞིན་དུ་ “འཛིན་ཐུབ་ཀྱི་མ་རེད། དེ་ལྟར་བྱས་ཚེ་ང་ཚོ་སྲང་ལམ་འདི་ནས་གནས་མཐོ་ཤོས་སུ་བསྡད་པ་རེད།” ཅེས་བཤད་བྱུང་།

གལ་ཏེ་ཧཱ་སཱ་ཀའི་གྲོང་ཁྱེར་དུ་ཁྱོད་ལ་ཕྲུ་གུ་བུ་ཞིག་ཡོད་ཚེ། ཁོ་པ་དམག་འཐབ་ཏུ་འགྲོ་དགོས་པ་རེད། ཕྲུ་གུ་དེ་ཁྱོད་ཀྱི་གཅེས་ཕྲུག་གཅིག་པོ་དེ་ཡིན་མིན་གྱི་ཁྱད་པར་མེད་ལ། ཁོ་པ་སློབ་སྦྱོང་བྱེད་མཁན་ཞིག་ཡིན་མིན་གྱི་ཁྱད་པར་མེད། གལ་ཏེ་ཁྱོད་ཀྱི་ཁྱིམ་རྒྱུད་དུ་བུ་མེད་ཚེ་བུ་མོ་ཞིག་དམག་འཐབ་ཏུ་གཏོང་དགོས་པ་ཡིན། ས་གནས་དེར་སྡོད་འདོད་ཡོད་ཚེ་ཁྱིམ་རྒྱུད་རེ་ནས་མི་རེ་དམག་འཐབ་ཏུ་གཏོང་དགོས་པ་རེད། ཀུར་སྡེའི་དཔུང་དམག་གིས་ངའི་བུ་མོ་དམག་ཁྲལ་དུ་སྐུལ་ཐབས་བྱས་པར་བརྟེན། ངས་ཁོ་མོ་ཊར་ཀིའི་ཡུལ་དུ་ཁྲིམས་འགལ་གྱིས་མ་གཏོང་ཐབས་མེད་བྱུང་།

ངའི་ནང་མི་ཕལ་མོ་ཆེ་བ་ཇར་མན་དུ་ཡོད། ང་ཚོས་དེར་འགྲོ་རྒྱུ་ཐག་བཅད་པ་ཡིན། ང་ཚོས་ཊར་ཀིར་མ་ཡོང་གོང་ཟླ་བ་གཉིས་ཙམ་རིང་ས་མཚམས་སུ་བསྡད་པ་ཡིན། ཊར་ཀིའི་ནི་ངའི་བཟའ་ཟླ་ལས་ཀ་བྱ་ཡུལ་དེ་ཡིན། ང་ཚོས་ངོ་དེབ་བརྒྱུད་གཉན་སྒྲིག་གི་འབྲེལ་ལམ་ཡོད་པའི་ནག་ཚོང་བ་ཞིག་དང་འབྲེལ་བ་བྱས་ཏེ། མཁའ་ལམ་བརྒྱུད་ཨི་ཛི་མིར་བསླེབས་པ་ཡིན། ཉིན་གཉིས་ཀྱི་རྗེས་ང་ཚོ་མི་གྲངས་སོ་ལྔ་མུན་ནག་ཁྲོད་ཊར་ཀིའི་མཚོ་འགྲམ་ཞིག་ཏུ་བསྡད་པ་ཡིན།

ང་དང་ངའི་བུ་མོ། ཁོ་མོའི་བཟའ་ཟླ་དང་ཕྲུ་གུ་བཅས་ནི་མཚོ་མཐར་ལུས་པའི་མི་རྣམས་ཡིན། ངའི་བུ་མོས་མིག་ཆུ་འདོན་བཞིན་མཚོ་ཐོག་ཏུ་འགྲོ་འདོད་བྱེད་ཀྱི་མི་འདུག ངས་རང་ཉིད་ཀྱིས་ནག་ཉེས་བསགས་པའི་ཚོར་བ་ཞིག་དང་ལྷན་ཅི་བྱ་གཏོལ་མེད་དུ་གྱུར། གློ་བུར་དུ་གཞོན་ནུ་ཞིག་གིས་ངའི་བུ་མོ་དང་ཁོ་མོའི་ཕྲུ་གུ་གཉིས་རྨི་ལམ་རྨིས་པ་ལྟར་འཁྱེར་ཏེ་གྲུ་གཞོང་ནང་བླུགས་སོང་། མཚོ་མཐར་ལུས་པ་ནི་ང་ཁོ་ན་རེད། ངས་ནུས་ཤུགས་ཡོད་རྒུས་ཆུར་བརྒལ་ཏེ་གྲུ་གཞོང་ཕྱོགས་སུ་ཕྱིན་པ་ཡིན། ནག་ཚོང་བ་ཞིག་གིས་ང་ཡར་འདེགས་རོགས་བྱས་པ་དང་ངའི་ཚ་བོས་གྲུ་གཞོང་ནས་འཐེན་རོགས་བྱས་བྱུང་།

ང་ཚོ་འདི་ག་ཨའི་ཌོ་མེ་ནིར་སླེབས་སྐབས། སྐྱབས་བཅོལ་བ་བར་མ་ཆད་པར་ས་མཚམས་བརྒལ་ཏེ་མ་སེ་ཌོ་ནི་ཡར་འཛུལ་གྱི་འདུག ང་ཚོའི་བསམ་པར་དཀའ་ཚེགས་ཆེ་ཤོས་ཀྱི་ལམ་བུ་ནི་མཚོ་ཐོག་བརྒྱུད་རྒྱུ་དེ་ཡིན་པ་དང་། ད་ཆ་ང་ཚོ་འགྲོ་ཡུལ་དུ་སླེབས་ཟིན་པ་རེད་སྙམ་བྱུང་།

ཨ་རབ་ཀྱི་བཤད་རྒྱུན་ཞིག་ལ། “ལྷ་ཡུལ་ཡིན་ཡང་མི་མེད་ན་བཟོད་མི་ཐུབ།” ཅེས་ཟེར་བ་རེད། ང་ལ་མཚོན་ན་ཇར་མན་དུ་སྤུན་མཆེད་གཅེན་པོ་གསུམ་དང་གཅེན་མོ་གསུམ་ཡོད། ཡུ་རོབ་མཐུན་ཚོགས་ཀྱིས་ང་ཚོ་གཅེན་གཅུང་ཡུལ་ལུང་ཐ་དད་དུ་ཁ་བྲལ་གཏོང་རྩིས་བྱེད་ཀྱི་ཡོད། གལ་ཏེ་ང་ཚོས་ཡུ་རོབ་མཐུན་ཚོགས་ཀྱི་གནས་སྤོའི་འཆར་གཞི་བཞིན་མིང་རྟགས་བཀོད་ཚེ། ང་ཚོ་ས་ཁུལ་གང་དུ་སླེབས་པའི་ཡུལ་དེའི་མི་སེར་གྱི་ཐོབ་ཐང་སྤྲོད་སྲིད་པ་རེད། འབྱུང་འགྱུར་ང་ཚོས་ཇར་མན་དུ་ཡོད་པའི་རང་ཉིད་ཀྱི་ནང་མི་ཐུག་འཕྲད་བྱེད་ཐུབ་བམ། ངའི་བསམ་པར་སླར་ཡང་སྲིད་བྱུས་འགྱུར་ལྡོག་གིས་ང་ཚོ་དེ་ནས་ཀྱང་འགྲོ་སྐྱོད་མི་ཐུབ་པ་བཟོ་ངེས་རེད།

ང་ཚོ་རང་ཉིད་ཀྱི་ལུང་པར་ཡང་ཁ་བྲལ་འདོད་མེད་པར། གཞན་ཡུལ་དུ་ཁ་བྲལ་བྱེད་པ་ཇི་ལྟར་བློ་ཡུལ་དུ་ཤོང་ངམ། ཨཡེ་ཌོ་མེ་ནིར་སླེབས་པའི་མི་ཚང་མར་རང་ཉིད་ཀྱི་ནང་མི་ཟླ་སྒྲིལ་གཏོང་འདོད་ཀྱི་བསམ་པ་ཡོད་པ་ཤ་སྟག་རེད། དེ་ལྟར་མེད་ཚེ་ཡ་ཡུག་ཆེ་བའི་ལམ་བུ་དེར་སུས་ཀྱང་འཇུག་གི་མ་རེད། སྡོད་གུར་ཕྱི་མ་དེར་རང་ཉིད་ཀྱི་ཁྱོ་ག་ལོ་གཉིས་རིང་ཐུག་འཕྲད་མ་བྱུང་བའི་བུད་མེད་གཉིས་ཡོད། ཁྱོ་ག་གཉིས་པོ་ཇར་མན་དུ་ཡོད་ཀྱང་རང་ཉིད་ཀྱི་བཟའ་མི་བུ་ཕྲུག་འཐེན་ཐུབ་ཀྱི་མེད།

tibettimes-22

ཡུ་རོབ་ཀྱི་དཔོན་རིགས་ཚང་མས་ངའི་རེ་འབོད་ལ་གསན་པའི་རེ་བ་ཞུ་བཞིན་ཡོད། གལ་ཏེ་ཁྱེད་རྣམ་པས་རང་ཉིད་ཀྱི་བུ་ཕྲུག་དང་གཉེན་ཉེ། ཚ་བོ་བཅས་དང་ཁ་བྲལ་ཏེ་སྡོད་རྒྱུ་ཁས་ལེན་བྱེད་ཐུབ་ཚེ། ངས་ཀྱང་དེ་ལྟར་ཞུ་ཆོག

གལ་ཏེ་ང་ཚོ་མུ་འཐུད་ད་ལྟའི་གནས་སྟངས་འོག་འཇོག་འདོད་ཡོད་ཚེ། ང་ཚོས་འདིར་ཡོང་སྟེ་བློས་བཏང་གང་བྱས་གུན་གསབ་བྱས་ཏེ་ང་ཚོ་སེ་རི་ཡར་སློག་རོགས་གནང་། གལ་ཏེ་ང་ཆ་རྒྱུས་མེད་པའི་མི་དང་འགྲོག་འདོད་ཚེ། ངས་ཁེ་ན་ཌའི་ཐོངས་མཆན་ཞུས་ཀྱང་ཆོག་པ་ཡིན། གལ་ཏེ་ཁྱོད་ནད་ཀྱིས་མནར་ཚེ། ཁྱོད་ལ་ལྟ་རྟོག་སུས་བྱེད་དམ། ནད་ཀྱིས་མནར་སྐབས་ཁྱོད་ལ་གཅེན་པོ་དགོས་ལ་གཅེན་མོ་དགོས། ཨ་མ་དགོས་ལ་པ་ཕ་ཡང་དགོས་པ་ཡིན།

ལེ་ཡ་ལ་ནི་ཆེད་ལས་སྐྲ་བཟོ་བ་ཞིག་ཡིན་པ་དང་། ཁོ་མོས་སེ་རི་ཡར་ལུས་པའི་རང་ཉིད་ཀྱི་ནང་མི་སྤུན་མཆེད་ལ་དཀའ་སྡུག་ཡོང་དོགས་དང་། རང་ཉིད་ཀྱིས་སྐྱབས་བཅོལ་ཞུ་བའི་གནད་དོན་ལ་དོ་ཕོག་ཡོང་དོགས་ཀྱིས་ཁེའི་རོ་ས་གནས་སུ་རྟེན་གཞི་བྱས་པའི་གསར་འགོད་པ་ལའོ་ར། དྷིན་ལ་རང་ཉིད་ཀྱི་རུས་མིང་དང་ལོ་རྒྱུས་གསང་ཉར་བྱེད་དགོས་པར་བཤད་ཡོད།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།/༢༧
Mobile App

ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ཁ་མཆུ་ཨང་ ༢༢ པ་རྒྱུན་སྐྱོང་མ་ཐུབ་པའི་ཐག་གཅོད་གནང་འདུག

༢༠༢༦/༠༦/༢༧
སྐུ་པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦/༦/༢༧
༧གོང་ས་མཆོག གསུང་འཕྲིན།

ཝེ་ནེ་སུ་ཝེ་ལར་ས་ཡོམ་གྱི་གོད་ཆག་བྱུང་བར་ཐུགས་སྨོན་མཛད།

༢༠༢༦/༠༦/༢༧
ལྡོག་གཏུག་གི་ཁ་མཆུ་རྩིས་མེད་བཏང་ཡང་ཁ་མཆུ་ ༢༢ པ་རང་འཇགས་གནས་ཡོད། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༥།༢༦
Mobile App

ལྡོག་གཏུག་གི་ཁ་མཆུ་རྩིས་མེད་བཏང་ཡང་ཁ་མཆུ་ ༢༢ པ་རང་འཇགས་གནས་ཡོད།

༢༠༢༦/༠༦/༢༦
Mobile App

བོད་རང་བཙན་གཙང་མ་ཡིན་པའི་ལོ་རྒྱུས་ཀྱི་བདེན་དཔང་བློས་གཏོང་ཐུབ་ཀྱི་མེད།

༢༠༢༦/༠༦/༢༦
རྒྱ་ནག་གཞུང་གིས་གངས་ལྗོངས་གནའ་དེང་ཤེས་རིག་སློབ་གླིང་སྒོ་བརྒྱབ། བོད་ཀྱི་དུས་བབ་ཀྱི་པར།
Mobile App

རྒྱ་ནག་གཞུང་གིས་གངས་ལྗོངས་གནའ་དེང་ཤེས་རིག་སློབ་གླིང་སྒོ་བརྒྱབ།

༢༠༢༦/༠༦/༢༥
སེན་ཊི་པོལ་གྲོང་ཁྱེར་དུ་༸སྐུའི་འཁྲུངས་སྐར་བྱམས་བརྩེའི་ཉིན་མོར་སྲུང་གཙི་ཞུ་རྒྱུའི་གཏན་འབེབས་གནང་། སྐུ་པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
༸གོང་ས་མཆོག གསར་འགྱུར།

སེན་ཊི་པོལ་གྲོང་ཁྱེར་དུ་༸སྐུའི་འཁྲུངས་སྐར་བྱམས་བརྩེའི་ཉིན་མོར་སྲུང་གཙི་ཞུ་རྒྱུའི་གཏན་འབེབས་གནང་།

༢༠༢༦/༠༦/༢༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese