མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྤང་རི་སྣ་རིན་པོ་ཆེ་ཀློད་གྲོལ་བཏང་ཡོད་འདུག

བོད་ཀྱི་དུས་བབ།
༢༠༡༦/༠༤/༡༨
Share on FacebookShare on TwitterShare on EmailShare on Whatsapp

གནས་ཚུལ་འབྱོར་གསལ་ལྟར་ན། ཁ་སང་ཕྱི་ཟླ་ ༤ ཚེས་ ༡༧ ཉིན། དཀར་མཛེས་སྤང་རི་སྣ་རིན་པོ་ཆེ་མཆོག་རྒྱ་ནག་གི་བཙོན་འོག་ནས་ཀློད་གྲོལ་བཏང་ཡོད་ཀྱང་། ད་སྔ་ཁོང་ཇི་ལྟར་ཀློད་གྲོལ་བཏང་མིན་དང་སྐུ་གཟུགས་གནས་སྟངས་སོགས་ཤེས་རྟོགས་ཐུབ་མ་སོང་།

13015493_1709153999350955_451527486370667846_n༢༠༠༨ ཟླ་ ༠༥ ཚེས་ ༡༨ ཉིན་གྱི་ཐོ་རངས་ལ་རྒྱ་ནག་གཞུང་གི་ཉེན་རྟོག་པ་དང་དམག་མིས་རིན་པོ་ཆེའི་གཟིམ་ཆུང་མཐའ་སྐོར་ཏེ་འཛིན་བཟུང་བྱས་ཡོད་པ་མ་ཟད་རིན་པོ་ཆེའི་གཟིམ་ཤགས་ཀྱང་སྔོག་བཤེར་བྱས་ཡོད་ལ། དམག་མི་དང་ཉེན་རྟོག་པ་མང་པོས་དུས་ཡུན་རིང་པོར་སྤང་རི་སྣ་དང་ཡར་སྟེང་བཙུན་དགོན་གཉིས་ལ་དམ་དྲག་ཆེན་པོ་བྱས་ཡོད།

རིན་པོ་ཆེ་འཛིན་བཟུང་བྱས་རྗེས་ཟླ་བ་མང་པོའི་རིང་གར་སོང་ཆ་མེད་དུ་གྱུར་ཡོད་པ་དང་། ༢༠༠༩ ཟླ་ ༡༢ ཚེས་ ༢༣ ཉིན་དཀར་མཛེས་ཁུལ་དར་མདོ་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་རིན་པོ་ཆེ་མཆོག་ལ་ལོ་ ༨ དང་ཟླ་ ༦ གི་བཙོན་འཇུག་ཁྲིམས་ཐག་བཅད་དེ་རྒྱ་ནག་ཁྲིན་ཏུའུ་མན་ཡཱང་བཙོན་ཁང་དུ་བཙོན་འཇུག་བྱས་ཡོད།

རིན་པོ་ཆེ་མཆོག་ལ་ཁྲིམས་ཐག་གཅོད་སྐབས་ཁྲིམས་བཤེར་སོགས་ཀྱི་གོ་རིམ་གང་ཡང་བརྒྱུད་མེད་པ་མ་ཟད། དེ་སྔོན་ཁྲིམས་རྩོད་པ་གཉིས་གླས་ཡོད་པའང་ཁྲིམས་རྭར་བཅར་བཅུག་མེད་པ་དང་། ནང་མི་གཉེན་འབྲེལ་ཚོས་རིན་པོ་ཆེ་མཆོག་ལ་ནག་ཉེས་གང་བཙུགས་ཡོད་པའང་གསལ་བོ་ཤེས་རྟོགས་བྱུང་མེད།

ཕྱི་ལོ་ ༢༠༡༤ ཟླ་ ༨ པའི་ནང་གནས་ཚུལ་ཐོན་པར། རིན་པོ་ཆེ་མཆོག་གི་སྐུ་གཟུགས་ཀྱི་གནས་སྟངས་ཧ་ཅང་སྐྱོ་བོ་ཆགས་ཡོད་པ་དང་། ཁོང་གི་ནང་མི་དང་རྗེས་འཇུག་སློབ་རྒྱུན་ཚོས་རིན་པོ་ཆེ་མཆོག་ལ་སྐུ་གཟུགས་སྨན་བཅོས་ཆེད་གང་མགྱོགས་ཀློད་གྲོལ་གཏོང་ཐབས་སུ་རྒྱལ་སྤྱིའི་ཚོགས་སྡེ་ཁག་གིས་རྒྱབ་རོགས་དང་རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲོད་དགོས་པའི་འབོད་སྐུལ་ཞུས་ཡོད་པ་རེད།

རྒྱ་ནག་གཞུང་གིས་སྤང་རི་སྣ་དང་ཡར་སྟེང་བཙུན་དགོན་གཉིས་ཀྱི་བཙུན་མ་ཚོར་རྒྱལ་གཅེས་ཆོས་གཅེས་སློབ་གསོ་སྤེལ་སྐབས་བཙུན་མ་ཚོས་ངོ་རྒོལ་བྱས་པ་དང་། ༸གོང་ས་མཆོག་ལ་སྐྱོན་བརྗོད་གྱི་ཡིག་ཆའི་སྟེང་མཚན་རྟགས་མ་བཀོད་པ། དེ་བཞིན། ཕྱི་ལོ་ ༢༠༠༨ ཟླ་ ༥ ཚེས་ ༡༤ ཉིན་སྤང་རི་སྣ་དགོན་པའི་བཙུན་མ་ ༥༤ ཙམ་གྱིས་དཀར་མཛེས་རྫོང་ཐོག་ཏུ་ཞི་བའི་ཁྲོམ་སྐོར་བྱས་པ་སོགས་ནི་སྤང་རི་སྣ་རིན་པོ་ཆེའི་ཇུས་འགོད་ཡིན་པ་དང་། ༢༠༠༢ ལོར་གནས་མཆོག་རྡོ་རྗེ་གདན་དུ་༸གོང་ས་མཆོག་གློ་བུར་སྐུ་སྙུང་བཞེས་སྐབས། སྤང་རི་སྣ་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག་དཀར་མཛེས་མི་མང་ནས་༸གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་དང་ཞབས་རིམ་བསྒྲུབས་པ་སོགས་ཆབ་སྲིད་ནག་ཉེས་སུ་བརྩིས་ཡོད་འདུག

སྤྲུལ་སྐུ་སྤང་རི་སྣ་རིན་པོ་ཆེའམ་ཕུར་བུ་ཚེ་རིང་མཆོག་ནི། ཕྱི་ལོ་ ༡༩༥༧ ཟླ་ ༡ ཚེས་ ༢ ཉིན་སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ། དཀར་མཛེས་རྫོང་། བེ་རི་སྡེ། གསེར་མཁར་ཡུལ་ཚོ། མཆིག་རིང་གྲོང་ཡབ་ཚེ་དབང་དར་རྒྱས་དང་། ཡུམ་དབྱངས་ཅན་ལྷ་མོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས་ཤིང་། རིན་པོ་ཆེ་མཆོག་དཀར་མཛེས་སྤང་རི་སྣ་བཙུན་དགོན་དང་ཡར་སྟེང་བཙུན་དགོན་གཉིས་ཀྱི་དགོན་བདག་ཡིན་པ་དང་སྤང་རི་སྣ་སྒེར་གྱི་རྒན་གསོ་ཁང་གི་འགན་འཛིན་ཡང་ཡིན་འདུག

 

འབྲེལ་ཡོད་གསར་འགྱུར།

བོད་ཀྱི་གྲངས་འཛིན་དཔེ་མཛོད་ཀྱི་མཉམ་འདུས་ཚོགས་སྡེའི་ཚོགས་ཆེན་ཐེངས་གསུམ་པ་འཚོགས། ༢༠༢༦།༣།༡༣ དུས་བབ་ཀྱི་པར།
Mobile App

སྟོབས་དང་ནུས་པ་གང་ཡོད་པ་ངོས་བཟུང་ནས་ང་ཚོའི་ཞན་ཆ་ཉུང་དུ་གཏོང་དགོས་ཞེས་གསུངས།

༢༠༢༦/༠༣/༡༣
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་བཀའ་ཡིག བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༣།༡༣ 
༧གོང་ས་མཆོག གསུང་འཕྲིན།

བོད་མི་ནང་ཁུལ་བོད་སྐད་ཡིག་སྦྱོང་སྤྱོད་དགོས་པའི་བཀའ་སློབ་ནན་པོ་ཕེབས་འདུག

༢༠༢༦/༠༣/༡༣
Mobile App

བུད་མེད་སྒེར་ལངས་ཐེངས་ ༦༧ པ་སྲུང་གཙི་ཞུས་སོང་།

༢༠༢༦/༠༣/༡༢
རྟག་བརྟན་ལའི་བགྲོད་ལམ། བོད་ཀྱི་དུས་བབ་ཀྱི་པར། ༢༠༢༦།༣།༡༢
Mobile App

ཆར་དུས་བསླེབ་རྒྱུར་ཟླ་གསུམ་ལྷག་ལས་མེད་པས་གཙུག་ལག་ཁང་གི་གཤམ་འོག་གཞུང་ལམ་ཞིག་གསོ་མ་ཐུབ་ན་འགྲོ་ལམ་རྦད་དེ་ཆད་ཉེན་འདུག

༢༠༢༦/༠༣/༡༢
བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་ཁང་དུ་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བརྒྱད་པ་དབུ་འཛུགས་གནང་བཞིན་པ། ༢༠༢༦།༣།༡༢ དུས་བབ་གསར་ཁང་གི་པར།
Mobile App

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གལ་སྲིད་འཛམ་གླིང་ནང་ཞི་བདེ་དགོས་ན་རྒྱ་ནག་ནང་ཞི་བདེ་ཡོང་དགོས་ཞེས་གསུངས།

༢༠༢༦/༠༣/༡༢
གསུམ་བཅུའི་དུས་དྲན་ཉིན་ཨོ་གླིང་གྲོས་ཚོགས་འོག་མའི་ནང་གྲོས་ཚོགས་འཐུས་མི་ཌི་ཝི་ཌི་སི་མི་ཐི་ལགས་ཀྱིས་བོད་དོན་ཐོག་གཏམ་བཤད་གནང་། པར་ཐད་གཏོང་ནས་བླངས།
Mobile App

ཨོ་གླིང་གྲོས་ཚོགས་ནང་བོད་དོན་ཐོག་གྲོས་འཆར་བཏོན།

༢༠༢༦/༠༣/༡༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese