མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མཉམ་འབྲེལ་རྒྱལ་ཚོགས་ལ་མི་མང་གི་ཚབ་མཚོན་དབུ་ཁྲིད་ངོ་མ་འདེམ་པའི་གོ་སྐབས།

བོད་ཀྱི་དུས་བབ།
༢༠༡༦/༠༤/༡༩
Share on FacebookShare on TwitterShare on EmailShare on Whatsapp

སྐལ་ལྡན་གྱིས་བསྒྱུར།

འདས་ཟིན་མང་གཙོའི་ལམ་ལུགས་དང་འགལ་བའི་རྒྱུད་རིམ་ལ་སྒྱུར་བཅོས་ཀྱིས་ཐེངས་དང་པོར་རྒྱལ་ཚོགས་ཀྱི་ཁྱབ་ཁོངས་རྒྱལ་ཁབ་ ༡༩༣ གྱིས་འོས་འགྲན་པ་རྣམས་ལ་བཅར་འདྲི་བྱེད་ཆོག་པ་ཡིན།

Screen Shot 2016-04-19 at 12.32.31 PM

ལོ་ངོ་བདུན་བཅུ་འཁོར་ཟིན་པའི་མཉམ་འབྲེལ་རྒྱལ་ཚོགས་མུ་འཐུད་ཚགས་ཚུད་དང་། དུས་སྐབས་དང་འཚམ་པ། ནུས་པ་ལྡན་པ་བཅས་ཡོང་བར་བཅོས་སྒྱུར་བྱེད་དགོས་པ་ཧ་ཅང་གལ་ཆེན་པོ་ཡིན། འཛིན་སྐྱོང་དང་འབྲེལ་བའི་ལས་དོན་ལེགས་བཅོས་དང་གསར་གཏོད་ཀྱིས་ལྷན་ཁང་ཁག་དང་། ཡན་ལག མ་དངུལ་སྡེ་ཚན་སོགས་ཀྱི་བར་འབྲེལ་ལམ་དུས་དང་རྣམ་པ་ཀུན་ཏུ་འགྱུར་བ་འགྲོ་མུས་ཡིན། འོན་ཀྱང་དངོས་ཡོད་སྒྱུར་བཅོས་ནན་པོ་བྱེད་དགོས་ས་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་དང་སྲུང་སྐྱོབ་ལྷན་ཁང་སོགས་མཐོ་རིམ་སྡེ་ཚན་ཁག་ཆགས་ཡོད། ལོ་ངོ་བཅུ་ཕྲག་ཁ་ཤས་གྲོས་མོལ་བྱས་ཀྱང་བཟང་ཕྱོགས་ཀྱི་འགྱུར་བ་མ་ཕྱིན་པའི་གནས་སྟངས་དེར་ངེས་པར་སྒྱུར་བཅོས་མ་བྱས་ཐབས་མེད་ཆགས་ཡོད། འབྱུང་འགྱུར་རྒྱལ་ཚོགས་ཀྱི་དྲུང་ཆེ་དྲང་བདེན་དང་ཕྱི་གསལ་ནང་གསལ་གྱི་རྒྱུད་རིམ་ཐོག་འདེམ་སྐོ་བྱེད་ཐུབ་པ་བྱུང་ཚེ། གནད་དོན་དེས་རྒྱལ་ཚོགས་ཀྱི་ལངས་ཕྱོགས་ལ་འགྱུར་བ་འགྲོ་སྲིད་པ་རེད་ལ། ལས་དོན་ཐད་ལ་ཡང་གཡོ་འགུལ་ཐེབས་སྲིད་པ་ཞིག་རེད།

ཕྱི་ཟླ་ ༡༢ ཚེས་ ༣༠ ཉིན་དྲུང་ཆེ་བྷན། ཀི མུན་གྱི་དུས་བཀག་གཉིས་པའི་ལས་ཡུན་རྫོགས་འགྲོ་བཞིན་ཡོད་པ་དང་། ཁོང་གི་གོ་གནས་རྒྱུད་འཛིན་སླད་འོས་འགྲན་མི་སྣ་དགུས་དང་ལེན་བྱས་ཡོད། དེ་དག་ཁྲོད་འོས་འགྲན་པ་བཞི་ནི་བུད་མེད་ཡིན། དེ་སྔ་རྒྱལ་ཚོགས་ཀྱི་དྲུང་ཆེར་བུད་མེད་འོས་འདེམ་བྱས་པའི་ལོ་རྒྱུས་མེད། འོན་ཀྱང་བུད་མེད་འདེམ་སྐོ་བྱེད་མིན་དེ་སྔར་སྲོལ་དང་མི་འདྲ་བའི་གནད་དོན་གཅིག་པོ་དེ་མ་ཡིན་པར། ད་རེབ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁྱབ་ཁོངས་རྒྱལ་ཁབ་ ༡༩༣ ཚང་མར་དྲུང་ཆེའི་འོས་མིར་བཅར་འདྲི་བྱེད་པའི་གོ་སྐབས་ཐོག་མ་དེ་སྤྲད་ཡོད་པ་རེད། དེ་ནི་རྒྱལ་ཚོགས་ཀྱི་ལེགས་བཅོས་ཆེ་ཤོས་དེ་ཡིན། ད་བར་མཐོ་རིམ་དཔོན་རིགས་འདེམ་སྐབས་དེ་ལྟ་བུའི་མངོན་གསལ་དོད་པོ་དང་ཕྱི་གསལ་ནང་གསལ་ཞིག་ཡོང་མྱོང་མེད།

དེ་སྔོན་དྲུང་ཆེ་འདེམ་སྐོའི་བྱ་གཞག་དེ་ནི་གསང་རྒྱ་ཆེ་བའི་གནད་དོན་ཞིག་ཡིན། མཉམ་འབྲེལ་རྒྱལ་ཚོགས་སྲུང་སྐྱོབ་ལྷན་ཁང་གི་གཏན་འཇགས་རྒྱལ་ཁབ་ལྔས་དྲུང་ཆེ་འདེམ་སྐོའི་མཐའ་མའི་ཐག་གཅོད་བྱེད་ཀྱི་ཡོད། རྒྱལ་ཚོགས་ཀྱི་སྒྲིག་གཞི་ལྟར་ན་དྲུང་ཆེའི་གོ་གནས་དེར་གཏན་འཇགས་རྒྱལ་ཁབ་ལྔ་པོའི་ཁོངས་མི་བསྐོ་གཞག་བྱེད་མི་ཆོག་པ་ཡིན། རྒྱལ་ཁབ་དེ་དག་ནི་རྒྱ་ནག ཨིན་ཇི། ཧྥ་རན་སི། ཨུ་རུ་སུ། ཨ་རི་བཅས་ལྔ་ཡིན། འོན་ཀྱང་རྒྱལ་ཁབ་དེ་དག་གིས་རང་ཉིད་ཀྱི་དགག་བྱའི་དབང་ཚད་བེད་སྤྱད་དེ་འོས་མི་རེ་ཕྱིར་འཐེན་བྱེད་པའི་ཐོབ་ཐང་ཡོད། དྲུང་ཆེ་བསྐོ་གཞག་གི་བརྒྱུད་རིམ་དེས་དྲུང་ཆེ་རང་ཉིད་ལྷན་ཚོགས་དེ་དག་གི་གྲིབ་གཟུགས་འོག་འགྲོ་སྡོད་བྱེད་པའི་སྐྱོན་འཛུགས་བྱེད་གཞི་ཞིག་ཀྱང་ཆགས་ཡོད།

ད་རེས་དྲུང་ཆེ་འོས་འདེམ་བྱེད་ཕྱོགས་དེ་བཞིན་མངའ་ཁུལ་སྐོར་རིམ་གཞི་རྩར་བཟུང་སྟེ་བྱེད་རྒྱུ་དང་། ཤར་ཡུ་རོབ་ཀྱི་མི་མང་ཚོས་ད་རེབ་ཁོ་པ་ཚོའི་སྐོར་རིམ་ཡིན་ཞེས་རྗོད་ཀྱི་ཡོད་པ་རེད། དོན་ལ་ཡང་དྲུང་ཆེའི་འོས་འགྲན་པ་མང་ཆེ་བ་མངའ་ཁུལ་དེ་དག་གི་མི་ཡིན་པ་རེད།

མཉམ་འབྲེལ་རྒྱལ་ཚོགས་ཀྱིས་མང་གཙོ་དང་འདྲ་མཉམ་གོང་འཕེལ་གཏོང་བར་སྐུལ་འདེད་བྱེད་ཀྱིན་ཡོད། གལ་ཏེ་རྒྱལ་ཚོགས་ཀྱི་ཁྱབ་ཁོངས་རྒྱལ་ཁབ་ཐུན་མོང་གིས་དྲུང་ཆེ་བུད་མེད་ཅིག་འདེམ་ཐུབ་པ་བྱུང་ཚེ་དེ་བས་བཟང་ཕྱོགས་ཀྱི་རྣམ་པ་ཡིན། འོན་ཀྱང་ལས་དོན་ནི་མཚོན་དོན་ལས་གལ་འགངས་ཆེ་བ་ཞིག་ཡིན་ཕྱིན། རྒྱལ་ཚོགས་ལ་དགོས་པ་ནི་འབྱོན་ཐང་ཆེ་ལ། མིག་རྒྱང་རིང་བ། ལག་ལེན་བྱེད་ཐུབ་པའི་དབུ་ཁྲིད་ཅིག་ཡིན། དེ་ལྟ་བུའི་དབུ་ཁྲིད་དེས་རྒྱལ་ཚོགས་དེ་བཞིན་མི་མང་གི་མངོན་འདོད་སྐོང་བའི་གལ་ཆེའི་ལྷན་ཚོགས་ཤིག་གྲུབ་ཐུབ་པ་ཡིན་ལ། རྒྱལ་ཁབ་ཕན་ཚུན་ལག་གདང་སྦྲེལ་ཏེ་ཐུན་མོང་གི་དཀའ་རྙོག་སེལ་ཐུབ་པ་དང་། ཐུན་མོང་གི་དམིགས་ཡུལ་འགྲུབ་པར་ལེགས་སྐྱེས་འབུལ་ཐུབ་པ་ཡིན།

མ་རྩོམ་འབྲེལ་ཐག http://www.scmp.com/comment/insight-opinion/article/1936767/golden-chance-united-nations-pick-leader-who-can-truly

འབྲེལ་ཡོད་གསར་འགྱུར།

ཕྱག་འཁྱེར་གནང་བ།
Mobile App

ཀིརྟིའི་བྱེས་པ་གྲྭ་ཚང་གི་ཆེས་མཐོའི་བོད་ཀྱི་རིག་གནས་སློབ་གཉེར་ཁང་གི་སློབ་ཐོན་པ་ ༢༢ ལ་ཕྱག་འཁྱེར་གནང་།

སྐར་མ ༡༧ སྔོན་ལ།
Because of high altitudes in the Himalayas, difficult terrain and often poor weather, the Kailash Manasarovar pilgrimage if one of the most challenging in the world [File: Purnima Shrestha/Reuters]
Mobile App

བལ་ཡུལ་གྱིས་ས་མཚམས་རྩོད་རྙོག་དང་འབྲེལ་ནས་རྒྱ་གར་གཞུང་ལ་ངོ་རྒོལ་བྱས།

སྐར་མ ༢༡ སྔོན་ལ།
རུ་སོག་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེ་མཆོག་ནས་༧གོང་ས་༧སྐྱབས་མགོན་ཆེན་པོར་མཇལ་བཅར་ཞུས་པ། རིན་པོ་ཆེའི་ངོ་དེབ་ཀྱི་སྐུ་པར། ལོ་དུས་མི་གསལ།
Mobile App

རུ་སོག་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེ་མཆོག་ནས་ལས་འཁྱུར་གནང་། 

ཆུ་ཚོད་ ༡ སྔོན་ལ།
Election Commission announced the final results of the 2026 Tibetan Parliamentarians. Photo: tibettimes 2026/5/13
Mobile App

བཙན་བྱོལ་བོད་མིའི་སྐབས་བཅོ་བརྒྱད་པའི་འདེམས་ཐོན་སྤྱི་འཐུས་ ༤༥ གསལ་བསྒྲགས་གནང་སོང་།

༢༠༢༦/༠༥/༡༣
ཁ་ལི་ཧྥོར་ནི་ཡ་མངའ་སྡེའི་ཨར་ཁ་དྷི་ཡའི་གྲོང་ཁྱེར་སྤྱི་ཁྱབ་ཨི་ལེན་ཝང་ཞེས་པའི་གསང་ཉུལ་བ་དེ་འཛིན་བཟུང་བྱས། དྲ་ལམ་གྱི་པར།
Mobile App

ཁ་ལི་ཧྥོར་ནི་ཡའི་གྲོང་ཁྱེར་གྱི་སྤྱི་ཁྱབ་རྒྱ་མོ་ཞིག་གིས་གསང་མྱུལ་བའི་ལས་ཀ་བྱས་ཏེ་འཛིན་བཟུང་བྱས།

༢༠༢༦/༠༥/༡༢
(From L to R) Dr Nicola Censini, European Parliament, Stefano Bettera, President EBU, Representative Rigzin Genkhang & Carlo Luyckx, Vice-President EBU & President Belgium Buddhist Union
Mobile App

ཡུ་རོབ་ནང་པའི་མཐུན་ཚོགས་ཀྱི་ལོ་འཁོར་ཚོགས་འདུ་འཚོགས།

༢༠༢༦/༠༥/༡༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese