མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་མོ་ཚོས་ཕྱི་གླིང་བར་མཛའ་འབྲེལ་བྱས་མི་ཆོག

བོད་ཀྱི་དུས་བབ།
༢༠༡༦/༠༤/༢༠
Share on FacebookShare on TwitterShare on EmailShare on Whatsapp

ཕྱི་གླིང་གི་ཡུལ་སྐོར་སྤྲོ་འཆམ་པའི་ཁྲོད་དུ་གསང་བའི་ལས་ཁུངས་ཀྱི་མྱུལ་མ་ཡོད་སྲིད་པས་རྒྱ་ནག་གཞུང་འབྲེལ་ལས་སྣེ་ཁག་གི་བུད་མེད་ཚོས་གང་བྱུང་མཛའ་འབྲེལ་བཙུགས་མི་ཆོག་ཟེར།

tibettimes

དེ་རིང་ཨེ་ཕེ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་རྒྱལ་ཡོངས་ཤེས་ཡོན་སྲུང་སྐྱོབ་ཉིན་མོར་ (NSED) རྒྱ་ནག་གཞུང་གིས་རྒྱ་ནག་དབུས་བརྙན་འཕྲིན་ཁང་ (CCTV) གཙོས་པའི་གསར་ལམ་ཁག་ཏུ་རྒྱ་ནག་གཞུང་འབྲེལ་ལས་སྣེ་ཁག་གི་ལས་བྱེད་བུད་མེད་ཚོས་རྒྱལ་ནང་དུ་འགྲོ་འོང་བྱེད་མཁན་ཕྱི་གླིང་གི་སྐྱེས་པ་ཚོ་དང་མཛའ་འབྲེལ་འཛུགས་མི་ཆོག་པ་དང་། དེ་དག་ནི་ཡུལ་སྐོར་སྤྲོ་འཆམ་དང་སློབ་སྦྱོང་གི་མང་ཐོག་ནས་ཡོང་བའི་ཕྱི་རྒྱལ་ཁག་གི་གསང་བའི་མི་སྣ་ཡིན་སྲིད་ཉེན་བརྡའི་གསལ་བསྒྲགས་ཤིག་བཀྲམ་ཡོད་འདུག

ཁ་བྱང་ལ “བརྩེ་དུང་གི་ཉེན་ཁ”ཞེས་པའི་དོན་ཚན་བཅུ་དྲུག་ཅན་གྱི་གསལ་བསྒྲགས་དེའི་ནང་། རྒྱ་རིགས་བུ་མོ་སྤྱི་དམངས་ཞབས་ཞུ་མ་ཞོ་ལེ་ (Xiao Li) ཟེར་ཞིག་དགོང་ཟས་རོལ་ཚོགས་ཤིག་གི་སྟེང་ཕྱི་གླིང་གི་སྐྱེས་པ་ཌ་བེ་ཌི་ (David) ཟེར་བ་ཞིག་ལ་འཕྲད་དེ། ཁོང་གཉིས་བར་མཛའ་འབྲེལ་བྱུང་བའི་གཏམ་བརྒྱུད་བཀོད་ཡོད་པ་དང་། ཌ་བེ་ཌི་ཟེར་བའི་ཕྱི་གླིང་གི་སྐྱེས་པ་དེས་ཁོ་རང་ཡུལ་སྐོར་ལྗོངས་རྒྱུ་བ་ཞིག་ཡིན་སྐོར་བཤད་ཀྱང་། དོན་དངོས་སུ་ཁོ་ཕྱི་གླིང་གི་གསང་མྱུལ་བ་ཞིག་ཡིན་ལུགས་དང་། ཁོས་རྒྱ་རིགས་བུ་མོ་ཞོ་ལེ་ཡི་འཇོ་སྒེག་ལ་བསྟོད་བསྔགས་བྱས་པ་དང་ཁོ་མོར་རྒྱ་སེ་མེ་ཏོག་སྤྲད་པ། ཆེད་མངགས་དགོང་ཟས་སྤྲོ་ཚོགས་ལ་ཁྲིད་པ་དང་སྐྱེད་མོས་ཚལ་དུ་འཆམ་འཆམ་སོགས་བྱས་ཏེ་ཁོང་གཉིས་བར་མཛའ་འབྲེལ་བྱུང་རྗེས། བུ་མོ་ཞོ་ལེ་ཡིས་རང་ཉིད་ཀྱི་ལས་གནས་རྒྱ་ནག་དབུས་དྲིལ་བསྒྲགས་ལས་ཁུངས་ཀྱི་གསང་བའི་ཡིག་ཆ་ཁག་ཅིག་ཌ་བེ་ཌི་ལ་མཁོ་སྤྲོད་བྱས་ཡོད་སྟབས། ཁོང་གཉིས་རྒྱ་ནག་ཉེན་རྟོག་དམག་མིས་འཇུ་བཟུང་བྱས་ཡོད་ལུགས་སོགས་འཁོད་འདུག

གཞན། ད་ལྟའི་རྒྱ་ནག་སི་ཁྲོན་ས་ཁུལ་ནས་ཡིན་ཞིང་རྒྱ་ནག་གཞུང་འབྲེལ་འཕྲུལ་རིག་ལས་སྒོར་ཞུགས་པའི་རྒྱ་རིགས་ཧོང་ཡུའུ་ (Huang Yu) ཟེར་བ་ཞིག་གིས་དྲ་ལམ་བརྒྱུད་ནས་ཐའེ་ཝན་གཙོས་པའི་ཕྱི་གླིང་གི་གསང་མྱུལ་སྒྲིག་འཛུགས་ཤིག་ལ་འབྲེལ་བ་བྱས་ཏེ་གཞུང་འབྲེལ་གསང་བའི་ཡིག་ཆ་འབུམ་ ༡༥ མཁོ་འཚོང་བྱས་པའི་ནག་ཉེས་འོག ལས་གནས་ནས་ཕྱིར་ཕུད་བཏང་བ་མ་ཟད། བཀག་བསྐྱིལ་འདྲི་བརྩད་མང་པོ་བྱས་མཐར། ཟླ་འདིའི་རེས་གཟའ་མིག་དམར་ཉིན་སྲོག་ཐོག་ཏུ་བཏང་ཡོད་འདུག

གསར་འགོད་པ། པདྨ་རྒྱལ།

འབྲེལ་ཡོད་གསར་འགྱུར།

Wang made a research tour in Tibet from July 19 to 22. [Xinhua/Liu Bin]
Mobile App

རྒྱ་ནག་དམར་ཤོག་ཚོགས་པའི་དབུས་རྒྱུན་ཝང་ཧུའུ་ཉིང་ལྷ་ས་དང་མངའ་རིས་ཁུལ་དུ་ཕྱིན།

ཆུ་ཚོད་ ༦ སྔོན་ལ།
Mobile App

སྲིད་སྐྱོང་དང་སྤྱི་འཐུས་ཚོགས་གཙོ་རྣམ་གཉིས་ནས་དབྱིན་ཇིའི་སྲིད་བློན་གསར་བར་འཚམས་འདྲི་གནང་།

ཆུ་ཚོད་ ༧ སྔོན་ལ།
Mobile App

རྒྱ་ནག་གཞུང་གིས་རང་བཙན་བློ་དགའ་ལགས་ཀྱི་ཕ་ཡུལ་དུ་དམ་དྲག་ཆེན་པོ་བྱེད་བཞིན་འདུག

ཆུ་ཚོད་ ༨ སྔོན་ལ།
མཆོད་རྟེན་བྱ་རུང་ཁ་ཤོར། པར་ KLOOK
Mobile App

རྒྱ་ནག་གཞུང་ཚབ་པས་བོད་རིག་པའི་ཚོགས་འདུ་ལ་ཚོད་འཛིན་དགོས་ལུགས་བཤད།

༢༠༢༦/༠༧/༢༣
Advertisement for App

ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༧/༢༣
བསམ་ཚུལ།

བོད་པའི་འཐབ་རྩོད་ཀྱི་མ་རྩ།

༢༠༢༦/༠༧/༢༣

མཆན། 2

  1. མེ་ལྕགས། says:
    ལོ་ 10 སྔོན།

    དེ་ནི་རྒྱ་རིགས་བུད་མེད་ཚོར་མཐོང་ཆུང་བཏང་བ་རང་རེད།
    གལ་ཏེ་རྒྱ་རིགས་ལས་བྱེད་པ་ཕོས་ཕྱི་རྒྱལ་བུད་མེད་ལ་འབྲེལ་བ་བྱས་ན་གསང་བ་ཤོར་གྱི་མ་རེད་དམ།

    ཧཧཧ་་་གུང་དྲན་འདི་ཀླད་མེད་རང་རེད།

    Reply
  2. གངས་ཅན་བ says:
    ལོ་ 10 སྔོན།

    ཡ་མཚན

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese