མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གསར་འགོད་རང་དབང་གི་སྙན་ཐོ་བཏོན།

བོད་ཀྱི་དུས་བབ།
༢༠༡༦/༠༤/༢༨
Share on FacebookShare on TwitterShare on EmailShare on Whatsapp

ཕྱི་ལོར་ ༢༠༡༥ ལོའི་གསར་འགོད་རང་དབང་གི་སྙན་ཐོའི་ནང་འཛམ་གླིང་གི་མི་འབོར་ལས་བརྒྱ་ཆ་ ༤༦ གསར་འགོད་རང་དབང་མེད་པའི་ཁོར་ཡུག་ནང་འཚོ་སྡོད་བྱེད་བཞིན་ཡོད་སྐོར་བརྗོད་འདུག

629p1a_pic04-590x394དེ་རིང་ཨ་རིའི་རང་དབང་ཁང་(Freedom House)ཞེས་པའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཞིག་གིས། ཕྱི་ལོ་ ༢༠༡༥ ལོའི་འཛམ་གླིང་སྤྱི་ཡོངས་ཀྱི་གསར་འགོད་རང་དབང་ལ་ཞིབ་འཇུག་བྱས་པའི་སྙན་ཐོ་ཞིག་ཁྱབ་བསྒྲགས་བྱས་ཏེ། ༢༠༡༥་ལོའི་གསར་འགོད་རང་དབང་གི་གནས་བབ་འདས་པའི་ལོ་ངོ་ ༡༢ རིང་གི་སྡུག་ཤོས་ཆགས་ཡོད་པ་དང་། ཚོགས་པ་དེས་ཞིབ་འཇུག་བྱས་པའི་རྒྱལ་ཁབ་ཁག་ ༡༩༩ ཡི་ནང་ནས་རྒྱ་ནག་ནི་འཛམ་གླིང་ཐོག་གསར་འགོད་རང་དབང་ལ་བཀག་སྡོམ་ཐེབས་པ་ཚབས་ཆེ་ཤོས་ཤིག་ཏུ་ངོས་འཛིན་བྱས་ཡོད་པ་མ་ཟད། སྲིད་འཛིན་ཞི་ཅིན་ཕིན་སྲིད་སྟེགས་སུ་བསླེབས་རྗེས་གསར་འགོད་རང་དབང་ཐོག་སྔར་ལས་དམ་དྲག་ཤུགས་ཆེ་རུ་ཕྱིན་ཡོད་སྐོར་བརྗོད་ཡོད་པ་རེད།

སྙན་ཐོའི་ནང་ཕྱི་ལོ་ ༢༠༡༥ ལོའི་གསར་འགོད་རང་དབང་གི་གནས་བབ་འདས་པའི་ལོ་ངོ་ ༡༢ རིང་གི་སྡུག་ཤོས་ཆགས་པའི་རྒྱུ་མཚན་ནང་འདས་ལོར་དཀྱིལ་ཤར་ཁུལ་དང་མེག་སི་ཁོ་(Mexico)ནང་གསར་འགོད་པར་འཇིགས་སྐུལ་གནོད་འཚེ་ཆེན་པོ་ཐེབས་ཡོད་པ་དང་། རྒྱ་གཞུང་གིས་ཧོང་ཀོང་ནང་སྨྲ་བརྗོད་རང་དབང་ལ་གནོད་འཚེ་བཏང་བ་སོགས་ཐེར་འདོན་བྱས་འདུག དེ་བཞིན་འཛམ་གླིང་གི་རྒྱལ་ཁབ་མང་པོའི་ནང་གསར་འགོད་རང་དབང་མྱུར་ཚད་མཐོན་པོས་ཇེ་ཞན་དུ་གྱུར་བའི་རྒྱུ་རྐྱེན་ནི། གསར་འགྱུར་བརྒྱུད་ལམ་ཁག་ལ་ཕྱོགས་རེས་དབྱེ་འབྱེད་ཆེ་ཞིང་ཐལ་དྲགས་རང་བཞིན་གྱི་གནས་བབ་ཚབས་ཆེན་ཡིན་པ་དང་། གསར་འགོད་པར་ཁྲིམས་སྒྲིག་ལས་བརྒལ་བའི་འཇིགས་སྐུལ་དང་གནོད་འཚེ་གཏོང་བ་ཚབས་ཆེ་རུ་ཕྱིན་པ་སོགས་ཀྱིས་ཡིན་སྐོར་བརྗོད་འདུག

ཡང་སྙན་ཐོའི་ནང་འཛམ་གླིང་ཐོག་གསར་འགོད་རང་དབང་ཆེས་ཆེ་བའི་རྒྱལ་ཁབ་ནི་ནོར་ཝེ་དང་སྤེལ་ཇམ། ཧྥིན་ལན་ཌི། ཧོ་ལན་ཌི། སི་ཝེ་ཌན་སོགས་ཀྱི་ནང་། སྒྲིག་གཞི་ཡང་དག་གི་སྒོ་ནས་ཆབ་སྲིད་དང་འབྲེལ་བའི་གསར་འགྱུར་སྤེལ་བ་དང་གསར་འགོད་པའི་བདེ་འཇགས་ལ་སྲུང་སྐྱོབ་ཡོད་པ། སྲིད་གཞུང་གིས་གསར་འགྱུར་བརྒྱུད་ལམ་ཁག་ལ་ཇུས་གཏོགས་ཉུང་ཞིང་། བརྒྱུད་ལམ་ཁག་ལ་བཅའ་ཁྲིམས་དང་དཔལ་འབྱོར་གྱི་གནོན་ཤུགས་ཆུང་བ་ཡོད་སྐོར་བརྗོད་ཡོད་པ་རེད།

དེ་ཡང་སྙན་ཐོ་ལྟར་ན། ཨེ་ཤ་ཡའི་རྒྱལ་ཁབ་ཁག་གི་ནང་ནས་ཕཱ་ལོ་(Palau) གསར་འགོད་རང་དབང་ཆེ་ཤོས་ཨང་དང་པོ་དང་ནེའུ་ཛི་ལན་ཌི་ཨང་རིམ་གསུམ་པ། ཨོ་སི་ཊོ་ལི་ཡ་ ༥ པ། ཉི་ཧོང་དང་ཐའེ་ཝན་ ༧ པ། ལྷོ་ཀོ་རི་ཡ་ ༡༥ པ། ཧོང་ཀོང་ ༡༨ པ་བཅས་ཡིན་ལ། སེང་གྷ་ཕོར་དང་མ་ལེ་ཞེ་ཡ་ ༣༡ པ། རྒྱ་ནག་ཨང་ ༣༩ པ་དང་བྱང་ཀོ་རི་ཡ་ ༤༠ པ་བཅས་གསར་འགོད་རང་དབང་མེད་པའི་རྒྱལ་ཁབ་ཀྱི་ནང་ཚུད་ཡོད་པ་དང་། འཛམ་གླིང་ཐོག་གསར་འགོད་རང་དབང་མེད་པ་ཚབས་ཆེ་ཤོས་ཀྱི་རྒྱལ་ཁབ་ནི་ཡུ་རོབ་ཤར་རྒྱུད་ཀྱི་རྒྱལ་ཁབ་བྷ་ལ་རོ་སི་ (Belarus)དང་ཡུ་ཁི་རིན་གྱི་གླིང་ཕྲན་ཁིར་མེ་ཡ་( Crimea) ། ཁུ་བྷ། སི་རི་ཡ། བྱང་ཀོ་རི་ཡ། དབྱི་རག་སོགས་ཡིན་ལ། འཛམ་གླིང་ཁྱོན་ཡོངས་སུ་གསར་འགོད་རང་དབང་ལོངས་སུ་སྤྱོད་མཁན་བརྒྱ་ཆ་ ༡༣ དང་། གསར་འགོད་རང་དབང་ཅུང་ཟད་ཡོད་པ་བརྒྱ་ཆ་ ༤༡ ལས་ཟིན་མེད་སྟབས། འཛམ་གླིང་གི་མི་འབོར་ལས་བརྒྱ་ཆ་ ༤༦ གསར་འགོད་རང་དབང་མེད་པའི་ཁོར་ཡུག་ནང་འཚོ་སྡོད་བྱེད་བཞིན་ཡོད་པ་རེད།

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Mobile App

གཟིམ་པ་མེད་པའི་མེ་ལྕེ། དཔའ་བོ་རང་བཙན་བློ་དགའ་དང་ཐུབ་བསྟན་དངོས་གྲུབ་དྲན་པ།

ཆུ་ཚོད་ ༢༠ སྔོན་ལ།
ལས་འགུལ་བ་སྐལ་བཟང་མཐར་ཕྱིན་ལགས། པར་ཁོང་གི་ངོ་དེབ་ལས་བླངས།
Mobile App

ཀ་ཁ་ག་ང་རྣམ་པར་རྒྱལ་གྱུར་ཅིག་ཅེས་པའི་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཀྱི་ཞི་བའི་གོམ་བགྲོད་མཚམས་འཇོག་བྱས། 

༢༠༢༦/༠༨/༢༡
དྷ་སར་བཀའ་སྤྱི་གཉིས་ཀྱིས་ལས་འགུལ་སྤེལ་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༠
Mobile App

དཔའ་བོ་རང་བཙན་བློ་དགའ་ལགས་ཀྱིས་རང་ལུས་མེར་བསྲེགས་ཏེ་སྐུ་གྲོངས་ནས་ཞག་ཞེ་དགུའི་ཉིན་མོ་སྲུང་གཙི་ཞུས། 

༢༠༢༦/༠༨/༢༠
པར་འགྲེལ། དྷ་སར་བཀའ་སྤྱི་གཉིས་ཀྱིས་ལས་འགུལ་སྤེལ་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༠
Mobile App

འཛམ་གླིང་ས་ཕྱོགས་གང་སར་ངོ་རྒོལ་གྱི་ལས་འགུལ་སྤེལ།

༢༠༢༦/༠༨/༢༠
དྷ་སར་བཀའ་སྤྱི་གཉིས་ཀྱིས་ལས་འགུལ་སྤེལ་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༠
Editorials

ལེའུ་གསར་པ་འདིའི་མཇུག་སྐྱོང་མཁན་ནི་ང་ཚོ་ཡིན།

༢༠༢༦/༠༨/༢༠
Mobile App

རྒྱ་ནག་གི་སྒྱུ་རྩལ་བ་གྲགས་ཅན་ཞིག་ལ་འདྲི་ཞིབ་བྱེད་ཀྱི་འདུག

༢༠༢༦/༠༨/༡༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese