མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཁ་བྲལ་བའི་ལངས་ཕྱོགས་ལ་དོགས་ཟོན་བྱོས།

བོད་ཀྱི་དུས་བབ།
༢༠༡༦/༠༤/༢༨
Share on FacebookShare on TwitterShare on EmailShare on Whatsapp

ཧོང་ཀོང་མི་མང་གིས་སྨྲ་བརྗོད་རང་དབང་གི་དར་ཆ་འཕྱེར་ཏེ་ཧོང་ཀོང་རང་བཙན་གྱི་སྒྲིག་འགལ་ཁེ་ལས་གཉེར་ཐབས་སུ་འཐབ་རྩོད་བྱེད་ཀྱི་འདུག་ཟེར།

10523157_925138370852811_5298416374928061606_nཧོང་ཀོང་རང་དབང་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཁ་སང་རེས་གཟའ་ལྷག་པའི་ཉིན་རྒྱ་ནག་གཞུང་འབྲེལ་མི་དམངས་ཉིན་རེ་ཚགས་པར་ཁང་གིས་ཧོང་ཀོང་གི་རང་བཙན་གླེང་བ་དེས་ཧོང་ཀོང་གྲོང་ཁྱེར་གྱི་བདེ་འཇགས་ལ་འཇིག་ཉེན་བཟོ་ཡི་ཡོད་ལུགས་བཤད་འདུག

རྒྱ་ནག་རྒྱལ་ཡོངས་སྲིད་གྲོས་ཀྱི་ཧོང་ཀོང་གྲོང་ཁྱེར་གྱི་སྐུ་ཚབ་ཁྲིན་ཆིན་ཞ་ (Chan Ching-har) ཟེར་བ་ཞིག་གིས། ཧོང་ཀོང་མི་མང་གིས་སྨྲ་བརྗོད་རང་དབང་གི་དར་ཆ་འཕྱེར་ཏེ། ཧོང་ཀོང་རང་བཙན་གྱི་སྒྲིག་འགལ་ཁེ་ལས་གཉེར་ཐབས་སུ་འཐབ་རྩོད་བྱེད་ཀྱིན་ཡོད། ཧོང་ཀོང་ཡུལ་མིའི་སྨྲ་བརྗོད་རང་དབང་གི་ཁེ་དབང་དེ “རྒྱལ་ཁབ་གཅིག ལམ་ལུགས་གཉིས” ཀྱི་སྲིད་ཇུས་གཞིར་བཟུང་ཐོག་རྒྱ་ནག་གི་མངའ་ཁོངས་བདག་དབང་ཆ་ཚང་ལ་རག་ལས་ཡོད། དེར་བརྟེན་ཧོང་ཀོང་རང་བཙན་གྱི་རྩོད་གཞི་སློང་མཁན་ཚོས་མངོན་གསལ་དོད་པོར་རྒྱལ་ཁབ་ཀྱི་གཞི་རྩའི་རྩ་ཁྲིམས་རྡོག་རོལ་བཏང་བ་མ་ཟད། ཧོང་ཀོང་གྲོང་ཁྱེར་གྱི་བདེ་འཇགས་ལ་འཇིག་ཉེན་བཟོ་བ་དང་། ཧོང་ཀོང་གི་སྤྱི་ཚོགས་དཔལ་འབྱོར་གྱི་རེ་འདུན་ལ་དོ་ཕོག་བཏང་བ་རེད། ཧོང་ཀོང་ཡུལ་མི་ཚོས་དེང་གི་རྒྱལ་ཁབ་ཁ་བྲལ་བའི་ལངས་ཕྱོགས་ལ་དོགས་ཟོན་དགོས་ལུགས་སོགས་བཤད་འདུག

དེ་བཞིན། རྒྱ་ནག་གཞུང་འབྲེལ་གོ་ལའི་དུས་བབ་གསར་ཁང་གིས་ཧོང་ཀོང་རང་བཙན་གླེང་བ་དེས་དོན་དངོས་སུ་རྒྱ་ནག་གཞུང་ལ་ཤན་ཤུགས་ཅི་ཡང་ཐེབས་ཀྱི་མེད་ནའང་། ཁོ་ཚོས་གནས་འཕྲིན་བརྒྱུད་ལམ་ཁག་ཏུ་ཧོང་ཀོང་རང་བཙན་ཡིན་པའི་ཨུ་ཚིགས་བྱེད་པ་དང་། ཧོང་ཀོང་གི་འབྱུང་འགྱུར་ལ་སེམས་འཁུར་བྱེད་མཁན་མི་མང་ལ་དཀྲོག་རྐྱེན་སློང་གི་ཡོད་སྐོར་སོགས་བཀོད་ཡོད་འདུག

ཡང་ཉེ་ལམ་ཧོང་ཀོང་གྲོང་ཁྱེར་གྱི་ (Causeway Bay Books) དཔེ་ཁང་གི་ལས་མི་ཚོ་གར་སོང་ཆ་མེད་དུ་གྱུར་བའི་གནས་ཚུལ་དང་། མེན་པོ་ (Ming Pao) ཚགས་པར་ཁང་གི་ལག་བསྟར་རྩོམ་སྒྲིག་པ་གོ་ཡན་ (guó yuán) ལས་གནས་ནས་དགོངས་པ་ཞུས་པར་ཧོང་ཀོང་མི་མང་ཁོ་ལས་གནས་ནས་ཕྱིར་ཕུད་བཏང་བའི་ངོ་རྒོལ་བྱེད་ཀྱི་ཡོད་ལུགས་བཤད་འདུག

གནས་ཚུལ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༢༠ ཉིན་ཧོང་ཀོང་གི་མེན་པོ་ (Ming Pao) ཚགས་པར་ཁང་གི་རྩོམ་སྒྲིག་པ་གོ་ཡན་ནི་ཧོང་ཀོང་གྲོང་ཁྱེར་གྱི་ཆབ་སྲིད་དཔལ་འབྱོར་དང་འགྲོ་འོང་འགྲིམ་འགྲུལ་སོགས་ཀྱི་བཅའ་ཁྲིམས་སྣང་མེད་བཏང་བའི་ཉེས་མིང་ཐོག་ལས་གནས་ནས་ཕྱིར་འཕུད་བཏང་ཡོད་པ་དང་། ན་ནིང་ལོ་མཇུག་ཧོང་ཀོང་གྲོང་ཁྱེར་གྱི་ (Causeway Bay Books) དཔེ་ཁང་གི་ལས་མི་ ༥ གློ་བུར་གར་སོང་ཆ་མེད་དུ་གྱུར་ཅིང་། ད་ལོའི་ཕྱི་ཟླ་ ༢ ནས་ ༣ ཡས་མས་སུ་ཁོ་ཚོ་རྒྱ་ནག་སྐམ་ཆེན་མོའི་ནང་ཡོད་པའི་གནས་ཚུལ་ཐོན་པ་ལྟར། པེ་ཅིན་གཞུང་གི་དངོས་ཤུགས་བརྒྱུད་གསུམ་གྱི་དམ་དྲག་འོག་ད་ལོ་ནས་ཧོང་ཀོང་གྲོང་ཁྱེར་གྱི་སྨྲ་བརྗོད་རང་དབང་གི་གནས་སྟངས་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་འདུག

གསར་འགོད་པ། པདྨ་རྒྱལ།

འབྲེལ་ཡོད་གསར་འགྱུར།

རྒྱལ་སྤྱིའི་པཱ་ལི་དང་ལེགས་སྦྱར་པའི་དགེ་འདུན་བར་ཤེས་རིག་བརྗེ་ལེན་གྱི་བགྲོ་གླེང་འཚོགས།
Mobile App

རྒྱལ་སྤྱིའི་པཱ་ལི་དང་ལེགས་སྦྱར་པའི་དགེ་འདུན་བར་ཤེས་རིག་བརྗེ་ལེན་གྱི་བགྲོ་གླེང་འཚོགས།

ཆུ་ཚོད་ ༢༤ སྔོན་ལ།
Batang County
Mobile App

འབའ་ཐང་རྫོང་ཁོངས་སུ་རི་ཉིལ་བ་དང་གཞུང་ལམ་ལ་རྡིབ་སྐྱོན་བྱུང་།

༢༠༢༥/༡༢/༣༠
Mobile App

བོད་མི་སྲི་ཞུ་བ་ཞིག་གི་གྲོགས་འཕྲིན།

༢༠༢༥/༡༢/༣༠
རྡོ་རྗེ་བརྟན་མི་རིགས་ལས་རིགས་ལག་རྩལ་སློབ་གྲྭ་གསར་འཛུགས་གནང་མཁན་མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག
Mobile App

མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག་ཟི་ལིང་གྲོང་ཁྱེར་གྱི་བཀག་ཉར་ཁང་ཞིག་ཏུ་ཡོད་འདུག

༢༠༢༥/༡༢/༢༩
༸རྒྱལ་དབང་ཀརྨ་པ་མཆོག་གིས་ཤེས་རབ་སྐོར་གསུང་བཤད་གནང་བཞིན་པ། ༢༠༢༥།༡༢།༢༩ ཐད་གཏོང་ནས་པར་བླངས།
Mobile App

བཀའ་བརྒྱུད་སྨོན་ལམ་ཆེན་མོ་ཐེངས་ ༤༠ འཚོག་བཞིན་པ།

༢༠༢༥/༡༢/༢༩
Potala
Mobile App

ཕོ་བྲང་པོ་ཏ་ལའི་ཤིང་ཆའི་བཟོ་བཀོད་ལ་དཀའ་ངལ་འཕྲད་ཀྱིན་འདུག

༢༠༢༥/༡༢/༢༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese