མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་གཞུང་གི་ཕྱོགས་འགལ་བ་གདན་ཞུའི་སྐོར་རྒྱ་གར་གཞུང་གིས་མཁྱེན་གྱི་ཡོད་པ་རེད།

བོད་ཀྱི་དུས་བབ།
༢༠༡༦/༠༥/༡༠
Share on FacebookShare on TwitterShare on EmailShare on Whatsapp

ཇཱོ་ཏཱི། མ་ལོ་ཏ་རས་Jyoti Malhotraསྤེལ།

སྐལ་ལྡན་གྱིས་བསྒྱུར།

ཡང་ཅན་ལི་ཡིས་གདན་ཞུ་བྱས་པའི་མི་སྣ་དེ་དག་ཁྲོད་ཐོངས་མཆན་ཕྱིར་བསྡུ་བྱས་པའི་རྒྱ་ནག་གཞུང་གི་ཕྱོགས་འགལ་བ་གསུམ་པོ་དང་ཀ་ཊི་ན། ལན་ཊོ་ས་Katrina Lantos ཡང་ཡོད་ཅེས་གསུངས།

yang-jianli-759

ཉེ་ཆར་དྷ་རམ་ས་ལར་སྐོང་འཚོགས་བྱས་པའི་རྒྱ་ནག་དམངས་གཙོའི་སྐོར་གྱི་ལྷན་ཚོགས་ཀྱི་གོ་སྒྲིག་པ་གཙོ་བོ་ཡང་ཅན་ལཱི་ཡིས། ཨ་རིའི་རྒྱ་གར་གཞུང་ཚབ་ཀྱིས་ཕྱི་ཟླ་ ༤ ཚེས་ ༢༨ ནས་ཕྱི་ཟླ་ ༥ ཚེས་ ༡ བར་ཚོགས་ཟིན་པའི་ལྷན་ཚོགས་དེར་མཉམ་ཞུགས་བྱེད་མཁན་རྒྱ་ནག་གཞུང་གི་ཕྱོགས་འགལ་བ་དང་། འཛམ་གླིང་ས་ཕྱོགས་གང་ས་ནས་ཆེད་བཅར་རྒྱ་ནག་གི་དམངས་གཙོར་རྒྱབ་སྐྱོར་བ་སུ་དང་སུ་ཡིན་གསལ་པོ་མཁྱེན་གྱི་ཡོད་རེད་ཅེས་བཤད་ཡོད་པ་རེད།

ཡང་ཅན་ལི་ཡིས་རྒྱ་གར་གཞུང་གིས་ཐོངས་མཆན་ཕྱིར་བསྡུ་བྱས་པའི་ཤིན་ཅང་རང་དབང་འཐབ་རྩོད་པ་ཌོལ་ཀུན། ཨི་སཱ་ Dolkun Isa དང་། ཧོང་ཀོང་དམངས་གཙོ་དོན་གཉེར་བ་རས་ཧོང་། Ray Wong ཨ་རིར་རྟེན་གནས་སྡོད་ ༡༩༨༩ ལོའི་གནམ་སྡེ་སྒོ་མོ་ཆེའི་ཞི་རྒོལ་བ་ལུ་ཅིན་ཧཱ་ Lu Jinghua གསུམ་པོས་གཙོས། ལྷན་ཚོགས་དེར་མཉམ་ཞུགས་པ་ཁྱོན་མི་གྲངས་ ༦༣ གྱི་མཚན་ཐོ་རྒྱ་གར་གཞུང་ཚབ་ལ་ཕུལ་ཡོད་པའི་སྐོར། ཁོང་གིས་རེས་གཟའ་པ་སངས་ཉིན་ལྡི་ལི་ནས་ཨ་རིར་ཐོན་ཁར་འགྲེལ་བརྗོད་གནང་ཡོད་པ་རེད།

ཡང་ནི་ཨ་རིར་རྟེན་གཞི་བྱས་པའི་རྒྱ་ནག་ཆེད་མི་སེར་གྱི་ནུས་པ་ Citizen Power for China ཞེས་པའི་རང་དབང་ཅན་གྱི་ཚོགས་པ་ཞིག་གི་འགན་འཛིན་ཡིན། ཁོང་གིས་ང་རྒྱ་གར་དུ་ཕྱི་ལོ་ ༡༩༩༩ ལོར་འཛམ་གླིང་དམངས་གཙོའི་ལས་འགུལ་ World Movement for Democracy ཞེས་པས་གོ་སྒྲིག་གནང་བའི་ལྷན་ཚོགས་ཐོག་ཐེངས་དང་པོར་བཅར་བ་ནས་བཟུང་། ད་བར་ཐེངས་བཅུར་ཡོང་མྱོང་ཡོད། རྒྱ་ནག་སྐམ་ས་ཆེན་པོར་དམངས་གཙོ་དར་སྤེལ་གྱི་ལྷན་ཚོགས་དེ་བཞིན་དྷ་རམ་ས་ལར་སྐོང་འཚོགས་བྱེད་པའི་བསམ་བློ་དེ་ལོ་སྔོན་མར་འཁོར་བ་ཞིག་ཡིན་ཞེས་བརྗོད།

“ང་ཕྱི་ཟླ་དང་པོའི་ནང་ལྷན་ཚོགས་དེ་གོ་སྒྲིག་བྱེད་པར་ལྡི་ལིར་ཡོང་བ་ཡིན། ཨ་རིའི་རྒྱ་གར་གཞུང་ཚབ་ཀྱི་འབྲེལ་ཡོད་དཔོན་རིགས་ཚོར་ཡང་དེའི་སྐོར་འགྲེལ་བརྗོད་བྱས་པ་ཡིན། ཨ་རིར་ཕྱིར་ལོག་བྱས་པ་དང་རྒྱ་གར་གཞུང་ཚབ་ལ་ལྷན་ཚོགས་དེ་བཞིན་དྷ་རམ་ས་ལར་སྐོང་འཚོགས་བྱ་རྒྱུ་དང་། རང་ཉིད་ཀྱིས་ཡུལ་གྲུ་གང་ས་ནས་གདན་ཞུ་བྱས་པའི་མི་གྲངས་ ༦༣ གྱི་མཚན་ཐོ་ཡང་ཕུལ་བ་ཡིན། མཚན་ཐོ་དེ་དག་ཁྲོད་རྒྱ་གར་གཞུང་གིས་ཐོངས་ཆེན་ཕྱིར་འཐེན་བྱས་པའི་རྒྱ་ནག་གཞུང་གི་ཕྱོགས་འགལ་བ་རྒྱ་རིགས་གསུམ་པོ་ཚུད་ཡོད་ལ། ཀ་ཊི་ན། ལན་ཊོ་ས་ཡང་ཡོད།”

ཀ་ཊི་ན། ལན་ཊོ་ས་ནི་ཨ་རི་རྒྱལ་སྤྱིའི་ཆོས་ལུགས་རང་དབང་ལྷན་ཁང་(USCIRF)གི་ལས་སྣེ་བ་ཞིག་ཡིན་པ་དང་། ལྷན་ཁང་དེ་ནི་ ༢༠༠༥ ལོར་རྒྱ་གར་གུ་ཇུ་ར་ཏ་ལྔ་སྡེའི་བློན་ཆེན་ན་རེན་ཏ་ར། མོ་ཏི་ Narendra Modi ལ་ཨ་རིའི་ཐོངས་མཆན་སྤྲོད་པར་བཀག་འགོག་བྱེད་མཁན་ཚོགས་པ་དེ་རེད། ཡང་ཅན་ལི་ཡི་ཚོགས་པ་དེ་ནི་ཨ་རིའི་གཞུང་གིས་མ་དངུལ་འགྲོ་གྲོན་གཏོང་བའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཞིག་རེད།

ཡང་གིས་ “རྒྱ་གར་དབུས་གཞུང་གིས་ང་རྒྱ་གར་དུ་ཡོང་བའི་གནད་དོན་རེ་རེ་བཞིན་མཁྱེན་རྟོགས་ཡོད་པ་རེད། གང་ལགས་ཞེ་ན། ངས་རང་ཉིད་འགྲུལ་བཞུད་ཀྱི་རྒྱུ་རྐྱེན་ཆ་ཚང་གསལ་བརྗོད་བྱེད་ཀྱི་ཡོད།” ཅེས་ཟེར།

ཨ་རིའི་རྒྱ་གར་གཞུང་ཚབ་ཀྱི་མི་སྣས་ཡང་ཅན་ལི་ལ་ལྷན་ཚོགས་དེར་མཉམ་ཞུགས་པ་རྣམས་ཀྱིས་ལྷན་ཚོགས་སུ་བསྐྱོད་རྒྱུའི་ཐོངས་མཆན་ཞུས་པ་ལས། ཡུལ་སྐོར་སྤྲོ་འཆམ་པའི་ཐོངས་མཆན་ཞུས་ན་ལེགས་ཚུལ་གྱི་ལམ་སྟོན་བྱས་ཚུལ་ཁོང་གིས་འགྲེལ་བརྗོད་བྱས་པ་དང་། དེར་བརྟེན་ཡང་གིས་གཞུང་ཚབ་ཀྱི་དཔོན་རིགས་ཚོ་དང་། ལྡི་ལིར་ཡོད་པའི་རང་ཉིད་ཀྱི་ལྷན་ཚོགས་གོ་སྒྲིག་ལས་རོགས་སྤྱི་ཚོགས་ཚན་རིག་སློབ་གཉེར་ཁང་གི་ཇོར་ཇི། མེ་ཐེའུ། George Mathew ལ་ལྷན་ཚོགས་སུ་མཉམ་ཞུགས་མི་སྣ་ ༦༣ གྱི་མཚན་ཐོ་ཕུལ་བ་རེད།

མཚན་ཐོའི་ནང་རྒྱ་ནག་སྐམ་ས་ཆེན་པོའི་པེ་ཅིན་དང་ཧྲང་ཧེ། ཧྲན་ཀྲན་བཅས་ང་ཚོར་རྒྱབ་སྐྱོར་ཤུགས་ཆེན་ཡོད་པའི་ས་ཁུལ་དེ་དག་གི་ཤེས་ཡོན་ཅན་དང་ཚོང་ལས་པ་ཁྱོན་མི་སྣ་བརྒྱད། ཐའེ་ཝན་ནས་མི་སྣ་བརྒྱད། ཧོང་ཀོང་ནས་ལྔ། གཞན་ཡང་ཇར་མན་དང་། ཨོ་སི་ཊི་ལི་ཡ། ཉི་ཧོང་། ཨ་རི་བཅས་ཀྱི་མི་སྣ་ཡོད། དེ་དག་ཁྲོད་ཡུ་རོབ་མཐུན་ཚོགས་ཀྱི་འཐུས་མི་ཞིག་དང་། རྒྱ་ནག་ནས་ཕྱིར་འཕུད་བཏང་བའི་ཧྤ་རན་སིའི་གསར་འགོད་པ་གཅིག་བཅས་ཡོད་པ་རེད།

ཨུ་གུར་ Ughur ཨི་ཤ་ཏ། ཧཱ་སན་ Iishat Hassan དེ་བཞིན་ལན་ཊོ་ས། སེ་ཝེ་ཏེ་ Lantos Swett བཅས་ནི་རྒྱ་གར་གཞུང་ཚབ་ཀྱིས་བཀག་འགོག་མ་བྱས་པའི་མི་སྣ་དག་ཡིན། ལན་ཊོ་ས་དྷ་རམ་ས་ལ་ནས་ཕེབས་ཁར་ཨ་རི་རྒྱལ་སྤྱིའི་ཆོས་ལུགས་རང་དབང་ལྷན་ཁང་གི་སྙན་ཐོ་གསར་པ་དེ་བཏོན་པ་དང་། སྙན་ཐོ་དེའི་ནང་རྒྱ་གར་གྱི་ཆོས་ལུགས་རང་དབང་སོགས་ཀྱི་གནས་བབ་ཞན་པོ་ཡོད་ཚུལ་དང་། ལྷན་ཁང་དེས་ལྟ་ཞིབ་ནན་པོ་བྱེད་པའི་གྲས་སུ་བཅུག་ཡོད་པ་རེད།

ཡང་གིས་ “ཀུན་གྱིས་ཤེས་གསལ་ལྟར་ང་ཚོའི་ལྷན་ཚོགས་དེར་མིང་གནས་དང་མིང་བྱང་མེད་ལ་གསལ་བསྒྲགས་ཀྱང་ཡོད་པ་མ་རེད། དེའི་རྒྱུ་རྐྱེན་ནི་རྒྱ་གར་དཔོན་རིགས་ཚོས་ང་ཚོར་ལམ་བུ་སྟབས་བདེ་བ་དེ་སྟོན་པས་རེད། གལ་ཏེ་ངས་ལྷན་ཚོགས་ཀྱི་སླད་ཐོངས་མཆན་ཞུས་ཡོད་ཚེ། དེ་ལྟར་ཡུན་རིང་པོ་འགོར་ཡོད་ཀྱི་མ་རེད།”ཅེས་བརྗོད།

ཡང་ཅང་ལི་ལ་ལན་ཊོ་ས། སེ་ཝེ་ཏི་ཡི་ཐོངས་མཆན་ཇི་ལྟར་ཐོབ་མིན་དྲིས་པར། ཁོང་གི་ཚོགས་པས་ཁོ་མོ་སུ་ཡིན་མིན་སྐོར་གང་ཡང་མ་བརྗོད་པར་ཡུལ་སྐོར་སྤྲོ་འཆམ་པའི་ཐོངས་མཆན་ཞུས་པས་དཀའ་ཚེགས་མེད་པར་ཐོབ་སྐོར་བརྗོད་པ་རེད།

ཡང་གིས་ཁོང་རང་གི་ལྷན་ཚོགས་དང་འབྲེལ་བའི་རྩོད་རྙོག་སྐོར་རྒྱུས་མངའ་ཆེན་པོ་ཡོད་པ་འདྲ་སྟེ། ཁོང་གིས་རྒྱ་ནག་གཞུང་གིས་རྒྱ་གར་གཞུང་ལ་ཌོལ་ཀུན། ཨི་སཱ་ཡི་ཐོངས་མཆན་གཞུང་འབྲེལ་ཐོག་བཀག་འགོག་དགོས་པའི་ཞུ་གཏུགས་བྱས་པ་དང་། རྒྱ་གར་གཞུང་གིས་ཨི་སཱ་ནི་རྒྱལ་སྤྱིའི་སྐོར་སྲུང་ལྷན་ཚོགས་(Interpol)ཀྱི་ལྟ་ཞིབ་འོག་ཡོད་པར་སྙད་དེ། ཁོང་གི་ཐོངས་མཆན་ཕྱིར་འཐེན་བྱས་པ་སོགས་ཤེས་ཀྱི་ཡོད་པ་རེད།

ཡང་གིས་“ལྷན་ཚོགས་དེར་མཉམ་ཞུགས་པ་དེ་དག་གི་ཐོངས་མཆན་ཕྱིར་འཐེན་བྱས་པར་བློ་ཕམ་ཡོད། འོན་ཀྱང་རྒྱ་གར་གཞུང་གིས་རྒྱ་ནག་དང་ང་ཚོའི་བར་ལ་ཚོད་འཛིན་ཞིག་བྱེད་དགོས་པ་ཤེས་རྟོགས་ཐུབ་ཀྱི་ཡོད། དེ་འདྲ་བའི་ཚོར་བ་སྐྱེན་པའི་ལྷན་ཚོགས་དེ་རྒྱ་གར་དུ་ཚོགས་པ་ཐེངས་དང་པོ་རེད། དོན་དངོས་ཐོག་རྒྱ་གར་གཞུང་གིས་རྒྱ་ནག་གཞུང་ལ་བརྡ་ལན་ཤུགས་ཆེན་ཞིག་གཏོང་གི་ཡོད་པ་གསལ་པོ་རེད། དེ་ནི་ཧ་ཅང་གལ་ཆེ་བའི་གནད་དོན་ཞིག་རེད།” ཅེས་འགྲེལ་བརྗོད་བྱས་སོང་།

མ་རྩོམ་འབྲེལ་ཐག http://indianexpress.com/article/india/india-news-india/india-knew-of-invite-to-chinese-dissidents-conference-organiser-2789724/

འབྲེལ་ཡོད་གསར་འགྱུར།

ཕྱག་འཁྱེར་གནང་བ།
Mobile App

ཀིརྟིའི་བྱེས་པ་གྲྭ་ཚང་གི་ཆེས་མཐོའི་བོད་ཀྱི་རིག་གནས་སློབ་གཉེར་ཁང་གི་སློབ་ཐོན་པ་ ༢༢ ལ་ཕྱག་འཁྱེར་གནང་།

སྐར་མ ༣༦ སྔོན་ལ།
Because of high altitudes in the Himalayas, difficult terrain and often poor weather, the Kailash Manasarovar pilgrimage if one of the most challenging in the world [File: Purnima Shrestha/Reuters]
Mobile App

བལ་ཡུལ་གྱིས་ས་མཚམས་རྩོད་རྙོག་དང་འབྲེལ་ནས་རྒྱ་གར་གཞུང་ལ་ངོ་རྒོལ་བྱས།

སྐར་མ ༤༠ སྔོན་ལ།
རུ་སོག་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེ་མཆོག་ནས་༧གོང་ས་༧སྐྱབས་མགོན་ཆེན་པོར་མཇལ་བཅར་ཞུས་པ། རིན་པོ་ཆེའི་ངོ་དེབ་ཀྱི་སྐུ་པར། ལོ་དུས་མི་གསལ།
Mobile App

རུ་སོག་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེ་མཆོག་ནས་ལས་འཁྱུར་གནང་། 

ཆུ་ཚོད་ ༢ སྔོན་ལ།
Election Commission announced the final results of the 2026 Tibetan Parliamentarians. Photo: tibettimes 2026/5/13
Mobile App

བཙན་བྱོལ་བོད་མིའི་སྐབས་བཅོ་བརྒྱད་པའི་འདེམས་ཐོན་སྤྱི་འཐུས་ ༤༥ གསལ་བསྒྲགས་གནང་སོང་།

༢༠༢༦/༠༥/༡༣
ཁ་ལི་ཧྥོར་ནི་ཡ་མངའ་སྡེའི་ཨར་ཁ་དྷི་ཡའི་གྲོང་ཁྱེར་སྤྱི་ཁྱབ་ཨི་ལེན་ཝང་ཞེས་པའི་གསང་ཉུལ་བ་དེ་འཛིན་བཟུང་བྱས། དྲ་ལམ་གྱི་པར།
Mobile App

ཁ་ལི་ཧྥོར་ནི་ཡའི་གྲོང་ཁྱེར་གྱི་སྤྱི་ཁྱབ་རྒྱ་མོ་ཞིག་གིས་གསང་མྱུལ་བའི་ལས་ཀ་བྱས་ཏེ་འཛིན་བཟུང་བྱས།

༢༠༢༦/༠༥/༡༢
(From L to R) Dr Nicola Censini, European Parliament, Stefano Bettera, President EBU, Representative Rigzin Genkhang & Carlo Luyckx, Vice-President EBU & President Belgium Buddhist Union
Mobile App

ཡུ་རོབ་ནང་པའི་མཐུན་ཚོགས་ཀྱི་ལོ་འཁོར་ཚོགས་འདུ་འཚོགས།

༢༠༢༦/༠༥/༡༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese