མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བྱས་པ་དང་བཞག་པ་ཅན་ལ་མངོན་པར་བསྟོད།

བོད་ཀྱི་དུས་བབ།
༢༠༡༦/༠༥/༡༠
Share on FacebookShare on TwitterShare on EmailShare on Whatsapp

ཇོ་སྲས་བཀྲ་ཤིས་ཚེ་རིང་།

དེ་ཡང་འཕྲུལ་གྱི་ལྷ་བཙན་པོ་སྲོང་བཙན་སྒམ་པོའི་དུས་སུ་བསྟོད་པ་གསུམ་ཞེས་པ་ལས། “དཔའ་བོ་སྟག་གི་མ་བསྟོད་ན། །དཔའ་བོ་བྱས་པའི་དོན་མེད། །མཛངས་པ་ལ་ཡིག་ཚང་གིས་མ་བསྟོད་ན། །མཛངས་པ་ཡིད་ཞི་འགྲོ། །ལེགས་པ་ལ་བྱ་དགའ་མ་བསྟོད་ན། །ལེགས་པ་བྱེད་པའི་རུ་མ་མེད།” ཅེས་དང་། འཇམ་མགོན་ས་སྐྱ་པཎྜི་ཏས། རྟ་བརྒྱ་གླང་སྟོང་མི་ཁྱད་འབུམ། ཡོན་ཏན་ཅན་ལ་བརྗོད་དུ་མེད། ཅེས་གསུངས་པ་ལྟར་ཆོས་འཇིག་རྟེན་གཉིས་ལ་བྱས་པ་ལག་རིས་ཀྱི་ཆེ་བའི་མི་ལ་རྗེས་དྲན་དྲིན་བཟོ་བསྟོད་བཀུར་བྱེད་པ་ནི་ཡ་རབས་དྲ་མ་ཚུལ་ལུགས་མ་འཆོལ་ཅིང་རང་ཚུགས་བརྟན་པའི་ལུགས་ལེགས་ཀྱི་བྱ་བ་ཞིག་ཡིན། ཁ་བ་རི་པའི་བོད་མི་གཞིས་བྱེས་གཉིས་ཀྱི་རྗེས་ཡོང་ན་གཞོན་རྣམས་ལའང་མིག་དཔེ་ཡར་འདྲེན་ཡོང་བ་དང་། ལྷག་པར་དུའང་བྱས་པ་དང་བཞག་པ་ཆེ་བའི་མི་ལ་མངོན་བསྟོད་ཞུས་ན་མི་གཡང་མི་འཆོར་བ་དང་། ཕ་མཚུན་དགྲ་ལྷ་རྣམས་ཀྱང་མཉེས་པར་བྱེད་པའི་ཆེད་དུ་ཡིན།

སྤེལ་ལེགས་བླ་བྲང་གི་མི་ངོ་མགོན་པོ་རྡོ་རྗེ་མཆོག་ནི། དཔལ་ལྡན་ས་སྐྱ་པའི་ཆོས་གཞིས་སྤེལ་ལེགས་གྲོང་ཚོའི་ནང་། སྤེལ་ལེགས་དགོན་པ་ལྷོ་བདེ་ཆོས་སྐྱིད་ཕུག་གི་སྤེལ་ལེགས་བླ་བྲང་ཞེས་སེར་སྲུང་སྔགས་རྒྱུད་མི་རབས་ ༡༡ ཙམ་བྱོན་པའི་ཁྱིམ་ཚང་རྙིང་ཁུངས་ཤིག་ཡིན། ཁོང་ནི་ཕྱི་ལོ་ ༡༩༣༥ ལོར་སྐུ་འཁྲུངས། དགུང་ལོ་ ༦ ནས་ཡི་གེ་འབྲི་ཀློག་དང་། དགུང་ལོ་ ༨ ནས་བཟུང་གཞིས་དགོན་གྱི་ཆོ་ག་ཕྱག་ལེན་ཆོས་སྤྱོད་སོགས་དཀའ་ཚེགས་མེད་པར་སློབ་གཉེར་གནང་བ་དང་། ཡབ་སྤེལ་ལེགས་བླ་མ་རིག་འཛིན་ཆོས་དབང་དང་། བྲག་དམར་གྲུབ་ཆེན་རིན་པོ་ཆེ། གཅེན་ལུང་ཤར་ལུང་སྒོམ་ཆེན་རིན་པོ་ཆེ། ཁྱེའུ་སྤྲུལ་སྐུ་མཁྱེན་རབ་དབང་ཕྱུག་རིན་པོ་ཆེ། འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས། བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་རིན་པོ་ཆེས་གཙོས་གསར་རྙིང་གི་བླ་མ་ཚད་ལྡན་དགེ་བའི་བཤེས་གཉེན་བཅུ་གྲངས་ཤིག་བསྟེན་ནས་དབང་ལུང་བཤད་ཁྲིད་མན་ངག་ཆ་ཚང་ཞུས།

ཆུང་དུས་བྱང་གཏེར་སྒྲུབ་སྐོར་རྣམ་གསུམ་གྱི་དབང་ལུང་ཐོབ་པ་དང་། དགུང་ལོ་ ༡༡ ཐོག་བྱང་གཏེར་སྔོན་འགྲོ་ཟེར་ལྔ་བསགས་སྦྱང་ལོ་གསུམ་ཕྱོགས་གསུམ་མཐར་ཕྱིན་ལེགས་གྲུབ་གནང་། དགུང་ལོ་ ༡༧ ནས་ ༡༩ བར་དཔལ་ལྡན་ས་སྐྱའི་ལྷ་ཁང་ཆེན་མོའི་བཤད་གྲྭར་མཁན་ཆེན་བྱམས་པ་འཇམ་དཔལ་བཟང་པོའི་ཞབས་དང་སྐྱོར་དཔོན་བཞིའི་མདུན་ནས་རིག་གནས་དང་གཞུང་ཆེན་མོའི་སློབ་གཉེར་གནང་། དགུང་ལོ་ ༢༥ སྟེ། ༡༩༦༠ ལོ་ནས་བཟུང་ད་བར་༸སྐྱབས་རྗེ་ཉག་བླ་བྱ་བྲལ་སངས་རྒྱས་རྡོ་རྗེ་རིན་པོ་ཆེ་མཆོག་ (1913-2016) རྩ་བའི་བླ་མར་བསྟེན། སྤེལ་ལེགས་མགོན་པོ་རྡོ་རྗེ་ནི་དབང་གང་བྱུང་དུ་མི་ཞུ་བ་དང་། དབང་ཞུས་པའི་བླ་མར་དམ་ཚིག་ལ་བརྩི་སྲུང་དམ་པོ་ཕྱག་ལེན་གནང་མཁན་ཞིག་རེད་འདུག

༡༩༥༩ ལོར་བལ་ས་ཝ་ལུང་བརྒྱུད་ནས་ཀ་ལོན་སྦུག་ཏུ་བཙན་བྱོལ་དུ་འབྱོར། ༡༩༦༡ ནས་ ༡༩༦༢ བར་རྡོར་གླིང་མི་རིག་བོད་པའི་སློབ་གྲྭའི་དགེ་རྒན་གནང་། ༡༩༦༤།༦།༢༣ ནས་ ༡༩༦༥།༣།༡༠ བར་གློ་སྒྲིག་ཁོངས་ཀྱི་རྡོར་གླིང་ “རང་དབང་སྲུང་སྐྱོབ་” ཅེས་པའི་གསར་ཤོག་ལས་ཁང་དུ་ཕྱག་ལས་གནང་། ༡༩༦༥།༣།༡༠ ཉིན་ “རང་དབང་སྲུང་སྐྱོབ་” དང་། “རང་དབང་གསར་ཤོག་” གཉིས་ཟླ་བསྒྲིལ་བཏང་ནས་ “བོད་མིའི་རང་དབང་” ཞེས་པར་མིང་བསྒྱུར་གྱིས་ཕྱི་ལོ་ ༡༩༦༩།༡༠།༢ བར་ཐོག་མར་ཉིན་རེའི་གསར་ཤོག་དང་། དེ་རྗེས་བདུན་རེའི་གསར་ཤོག་ཏུ་བསྒྱུར་ནས་ འདོན་སྤེལ་གནང་། སྤེལ་ལེགས་མགོན་པོ་རྡོ་རྗེ་ལགས་ནས་ཕྱི་ལོ་ ༡༩༦༩།༡༠།༢ ནས་ཕྱི་ལོ་ ༡༩༩༢།༡༠།༡༦ བར་བཙན་བྱོལ་བོད་གཞུང་ཕྱི་དྲིལ་ལས་ཁུངས་ཁྱབ་ཁོངས་རྡོར་གླིང་བོད་མིའི་རང་དབང་གསར་ཁང་གི་གཞུང་འབྲེལ་གསར་ཤོག་ལས་ཁང་གི་འཛིན་སྐྱོང་འགན་འཛིན་ (Manager) དང་། ཁྲིམས་ཐོག་ནས་དཔར་འགྲེམས་བྱེད་པོ་ ( Publisher) གཉིས་ཀྱི་ཐུགས་འགན་གཙོ་བཞེས་དང་། ཞོར་དུ་རྩོམ་སྒྲིག་པ་གཞོན་པའི་ (Assistant Editor) འགན་བཞེས་བཅས་མི་ལོ་ ༢༨ རིང་ཞབས་ཞུ་སྒྲུབ་ཐུབ་པ་བྱུང་ཡོད།

སྤྱི་ཚོགས་ཞབས་ཞུའི་ཐད་ལའང་། ༡༩༦༦ ལོར་རྡོར་གླིང་དུ་དབུས་གཙང་ཆོལ་ཁའི་སྐྱིད་སྡུག་ཐོག་མར་བཙུགས་མཁན་གྲས་སུ་ཡོད་པ་དང་། ས་གནས་དབུས་གཙང་རྒྱུན་ལས་སྡེ་ཐོག་ལྔ་པའི་འགན་འཛིན་ཐུགས་ཁུར་བཞེས། ༡༩༦༧ ལོར་རྡོར་གླིང་དུ་ས་སྐྱ་པའི་ཚེས་བཅུའི་སྐྱིད་སྡུག་གི་སྒྲིག་འཛུགས་དང་ཐོག་བཙུགས་མཁན་གྲས་སུ་ཡོད།

༡༩༧༠ ཕྱི་ཟླ་ ༡༠ ཚེས་ ༧ ཉིན་བཞུགས་སྒར་དྷ་རམ་ས་ལར་བོད་རིགས་གཞོན་ནུ་ལྷན་ཚོགས་ཐོག་མར་དབུ་འཛུགས་ཚོགས་འདུར་རྡོར་གླིང་གི་འཐུས་མིར་ཕེབས་ནས་ཚོགས་བཞུགས་གནང་། ༡༩༧༠ ཕྱི་ཟླ་ ༡༡ ནང་རྡོར་གླིང་ས་གནས་བོད་རིགས་གཞོན་ནུའི་ལྷན་ཚོགས་གསར་དུ་བཙུགས་རོགས་དང་། རྒྱུན་ལས་དང་པོའི་ཚོགས་གཞོན་ཐུགས་འགན་བསྣམས། ༡༩༧༢ བཙན་བྱོལ་བོད་མི་མང་སྤྱི་འཐུས་ལྷན་ཁང་གི་སྐབས་ལྔ་པའི་དབུས་གཙང་སྤྱི་འཐུས་འོས་ཐོབ་བྱུང་ནས་ལོ་གཉིས་ཙམ་ཞབས་ཞུས་རྗེས་འཕྲོད་བསྟེན་ཆེད་དགོངས་འཁྲོལ་གྱིས་སླར་ཡང་རྡོར་གླིང་དུ་ཕྱིར་ཕེབས་གནང་ནས་བོད་མིའི་རང་དབང་གསར་ཁང་དུ་མུ་མཐུད་ཞབས་ཕྱི་ཞུས། བགྲེས་ཡོལ་ཕེབས་ནས་བཟུང་རང་གི་རྩ་བའི་བླ་མ་༸སྐྱབས་རྗེ་ཉག་བླ་བྱ་བྲལ་སངས་རྒྱས་རྡོ་རྗེ་རིན་པོ་ཆེའི་དགོན་གནས་རྡོར་གླིང་འཇོར་བང་ལ་དང་། ཤི་ལི་གུ་རི། བལ་ཡུལ་ཡོལ་མོ་དང་ཡང་ལེ་ཤོད་སོགས་སུ་ཞབས་བཅར་གྱིས་གསུང་ཆོས་ཞུ་ཞོར་འཛིན་སྐྱོང་དང་ཕྱག་བྲིས་ཞབས་ཞུ་ལྷོད་གཡེངས་མེད་པར་ཞུ་བ་དང་ཆབས་ཅིག་ཁ་འདོན་དགེ་སྦྱོར་བྱེད་ཞོར་དུས་ཚོད་སྟོང་པ་ཐོབ་ཚད་ལ་རྩོམ་སྒྲིག་བགྱིས་པའི་ཕྱག་དེབ་ ༢༠༡༥ ལོ་མཇུག་ཏུ། དུས་རབས་གསར་རྙིང་གི་བོད། ཅེས་པར་སྟོད་ཆར་ཤོག་གྲངས་ ༥༨༡ དང་། སྨད་ཆར་ཤོག་གྲངས་ ༥༠༦ ཡོད་པ་བཞུགས་སྒར་བོད་ཀྱི་དཔེ་མཛོད་ཁང་ནས་སྤར་བསྐྲུན་འགྲེམས་སྤེལ་གནང་།

བློ་ཕམ་པ་ཞིག་ལ་ ༢༠༡༦ ཕྱི་ཟླ་ ༤ ཚེས་ཤར་ཙམ་ནས་སྐུ་གཟུགས་བདེ་མིན་གྱི་འབྲས་ལྗོངས་སྒང་ཏོག་གཞུང་གི་སྨན་ཁང་ཆེ་མོར་ (Sikkim Government Hospital) བརྟག་དཔྱད་དང་སྨན་བཅོས་ཆེད་བཞུགས་འདུག །ཕྱི་ཚེས་ ༢༢ རེས་གཟའ་པ་སངས་ཉིན་ད་ང་སྨན་ཁང་ནང་སྡོད་ཀྱི་མིན། ད་ལྟ་རང་ནང་ལ་བསྐྱལ་རོགས་གསུངས་ནས་སྒང་ཏོག་སི་ཅས་ནང་སྐུ་ཚ་པདྨ་དབང་གྲགས་ཀྱི་ཁང་པའི་ནང་སྤོས། ཕྱི་ཚེས་ ༢༥ ཉིན་ད་ང་སྡོད་ཀྱི་མ་རེད། འགྲོ་མཁན་རེད། ཁྱེད་རང་ཚོ་སེམས་ཕམ་མ་གནང་། ངུ་འབོད་སོགས་མ་བྱེད། ཉིན་ ༣ ཞོགས། དེ་ནས་སྤུར་མེར་ཕུལ་སོགས་ཞལ་ཏ་ཞིབ་ལྷུག་སྩལ། ཕྱི་ཚེས་ ༢༦ རེས་གཟའ་མིག་དམར་སྔ་དྲོ་ཆུ་ཚོད་ ༦ ཐོག་དགུང་ལོ་ ༨༢ སུ་ཕེབས་སྐབས་སྐུ་ཚེ་བཟང་མཐར་འཁྱོལ་ནས་རེ་ཞིག་སྐུ་ཚེའི་འཕེན་པ་རྫོགས་འདུག །དེ་འཕྲལ་རྡོར་གླིང་འཇོར་བྷང་ལ་ཕུན་ཚོགས་རྔ་གཡབ་ཆོས་གླིང་དགོན་པ་ནས་སྐུ་ཞབས་དགེ་འདུན་ལགས་ཆེད་ཕེབས་དགོངས་རྫོགས་མཆོད་འབུལ་སོགས་གྲ་འགྲིགས་དབུ་འཛུགས་ཞུ་སྐབས་ཐུགས་དམ་དུ་བཞུགས་ཡོད་པ་མཁྱེན་རྟོགས་ཀྱིས་ཉིན་ཤས་རང་འཇགས་འཇོག་གནང་མཛད། བདུན་ཕྲག་གཉིས་གོང་ནས་གོ་སྒྲིག་ཇི་ཞུས་ལྟར་ ༢༠༡༦ ཕྱི་ཟླ་ ༤ ཚེས་ ༢༩ ཕྱི་དྲོ་ཆུ་ཚོད་ ༤ ཐོག་བཞུགས་སྒར་བོད་ཀྱི་དཔེ་མཛོད་ཁང་གི་སྟེང་ཐོག་ཚོམས་ཆེན་ནང་༸མི་རྗེ་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་སྐུ་མགྲོན་གཙོ་བོར་གདན་ཞུས་ཀྱིས་ “དུས་རབས་གསར་རྙིང་གི་བོད།” ཅེས་པའི་ཕྱག་དེབ་སྟོད་ཆ་སྨད་ཆ་གཉིས་པོ་དབུ་འབྱེད་མཛད་སྒོ་སྟབས་བདེ་ཞིག་བསྐྱངས་པ་དང་། མཛད་སྒོར་རྩོམ་པ་པོས་ཐུགས་རེ་བཞིན་གྱི་བཀའ་ཟུར་ངང་སྤྱི་ཟུར། དྲུང་ཆེས་གཙོས་འབྲེལ་ཡོད་ཁག་ཅིག་དང་གསར་འགྱུར་བརྒྱུད་ལམ་ཁག་བཅས་ཚོགས་བཞུགས་གནང་བ་བྱུང་སོང་། མཐར་ཐུགས་དམ་གྲོལ་བསྟུན་ཕྱི་ཟླ་ ༥ ཚེས་ ༡ རེས་གཟའ་ཉི་མར་སྐུ་གདུང་བཞུ་འབུལ་ཞུས་འདུག་པ་བཅས་ཀྱི་ཡིད་སྐྱོའི་གནས་ཚུལ་དུ་ཇོ་སྲས་བཀྲ་ཤིས་ཚེ་རིང་གིས་བྲེལ་སྟབས་ངང་བྲིས་སྟེ་ཕུལ།།

འབྲེལ་ཡོད་གསར་འགྱུར།

Ren Quanniu said the Henan Provincial Justice Department revoked his licence over comments he made in court in a 2018 case [File: Leo Ramirez/ AFP]
Mobile App

རྒྱ་ནག་ནང་གི་ཁྲིམས་ཀྱི་ཁོར་ཡུག་རིག་གནས་གསར་བརྗེའི་དུས་སྐབས་དང་འདྲ་བོ་ཆགས་ཡོད་སྐོར་བརྗོད།

ཆུ་ཚོད་ ༡༢ སྔོན་ལ།
Foreign Ministry Spokesperson Mao Ning 
Mobile App

རྒྱ་ནག་གི་མགྲིན་ཚབ་པས་རྒྱ་གར་གྱི་སྲིད་བློན་མུ་དྷི་མཆོག་ལ་སྐྱོན་བརྗོད་བྱས།

ཆུ་ཚོད་ ༡༣ སྔོན་ལ།
A group of foreign tourists takes in the Palace Museum in Beijing, on April 7, 2024. (PROVIDED TO CHINA DAILY)
Mobile App

རྒྱ་ནག་གིས་རྒྱལ་ཁབ་ ༧༠ ལྷག་ལ་ཐོངས་མཆན་རིན་མེད་སྤྲོད་ཀྱི་ཡོད་ཀྱང་བོད་མི་ཁག་ཅིག་གནམ་ཐང་ནས་ཕྱིར་ལོག་བཏང་འདུག

ཆུ་ཚོད་ ༡༣ སྔོན་ལ།
Mobile App

གངས་ལྗོངས་ལྷ་མི་ཡོངས་ཀྱི་སྟོན་པ། (ཚན་པ་དང་པོ།)

ཆུ་ཚོད་ ༡༦ སྔོན་ལ།
༸གོང་ས་མཆོག་དགུང་གྲངས་ ༩༠ ལ་ཕེབས་པའི་གཞུང་འབྲེལ་འཁྲུངས་སྲུང་གཙི་ཞུས། ༢༠༢༥།༠༧།༠༦། དགའ་ལྡན་ཕོ་བྲང་གི་སྐུ་པར།
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་བྱང་ཆུབ་ཀྱི་སེམས་ཉམས་ལེན་བྱེད་ཐུབ་ན་དགའ་བོ་བྱེད་མཁན་རང་བཞིན་གྱིས་འདུས་ཡོང་སྐོར་བཀའ་སློབ་བསྩལ།

༢༠༢༥/༠༧/༠༧
Advertisement for App

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དགུང་གྲངས་ ༩༠ ལ་ཕེབས་པའི་སྐུའི་འཁྲུངས་སྐར་ལ་འཚམས་འདྲི་ཞུ།

༢༠༢༥/༠༧/༠༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese