མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཆོས་དང་མ་འབྲེལ་བ་དང་མ་འདྲེས་པ་གང་ཞིག་འབྲི་དགོས་མིན་གླེང་བ།

བོད་ཀྱི་དུས་བབ།
༢༠༡༦/༠༥/༡༡
Share on FacebookShare on TwitterShare on EmailShare on Whatsapp

ཚེ་རིང་ནོར་བུ།

ཐོག་མར་ཚང་མས་ཤེས་དགོས་པ་ཞིག་ལ་༸གོང་ས་མཆོག་གིས་ secular ethics ཞེས་པ་འདི་ནང་པ་ཞིག་ཡིན་པའམ་ནང་པའི་ལྟ་ཚུལ་གྱི་ཐོག་ལ་གཞི་བཞག་སྟེ་གསུངས་པ་ཞིག་རྩ་བ་ནས་ཆགས་ཀྱི་མེད། འདིའི་དགོངས་དོན་གཙོ་བོ་ནི། ཆོས་ལུགས་གང་དང་ཡང་རྒྱལ་འགལ་དུ་མི་འགྲོ་བ་དང་། ཆོས་ལུགས་གང་ལའང་ངེས་པར་དུ་ལྟོས་མི་དགོས་པའམ་བརྟེན་མི་དགོས་པར་ནང་སེམས་ཀྱི་རིན་ཐང་ངམ་ཡོན་ཏན་གྱི་གཞི་རྩ་བརྟན་པོ་ཞིག་འདིང་བའི་ཐབས་ལམ་ཞིག་དང་། ཡང་དམིགས་བསལ་ཆོས་ལུགས་ལ་མ་ལྟོས་པར་བཟང་སྤྱོད་དང་། བདེ་སྐྱིད། སེམས་དོན་བཅས་དང་མཐུན་པའི་མི་ཚེ་སྐྱེལ་བའི་ཐབས་ལམ་གསལ་སྟོན་གནང་ཞིང་། འགྲོ་བ་མིའི་རིན་ཐང་གཙོ་བོ་དེ་རྒྱུད་ལ་སྐྱེད་ཆེད་བློ་སྦྱོང་གི་གནད་འགག་ངོ་སྤྲོད་མཛད་རྒྱུ་དེ་ཡིན་པར་གསུངས་ཡོད།

དེ་ཡང་དབྱིན་སྐད་ནང་བརྡ་ཆད་དེ་འགྲེལ་ཤད་མཛད་སྐབས། not relating to religion or to a religious body ཞེས་གསུངས་པ་དང་། དེ་བཞིན་མགོན་པོ་གང་དང་ཚན་རིག་པ་རྣམས་བརྗོད་གཞིའི་འདིའི་ཐོག་བགྲོ་གླེང་གནང་སྐབས། ཁོང་གིས། it has been proven that being compassionate and kind-hearted is not [exclusively] connected to religion ཞེས་གསུངས་པ་དང་། དེ་བཞིན་ secular ཞེས་པའི་མཚན་ཉིད་ལ་བལྟས་ན། ཁྱབ་ཁོངས་ཀུན་གྱི་ནང་མ་འབྲེལ་བ་དང་། མ་ལྟོས་པ། མ་བརྟེན་པ་ཞེས་གསལ་བ་ལས་འདྲེས་མ་འདྲེས་ཀྱི་སྐོར་ཅི་ཡང་མི་གསལ། མ་འབྲེལ་བ་དང་། མ་ལྟོས་པ། མ་བརྟེན་པའི་དོན་ནི། སྐབས་འདིར་མགོན་པོ་གང་གིས་གསུང་བཞིན་པའི་ལམ་གསུམ་པ་སྟེ་ཆོས་ལུགས་ཀྱི་སྲོལ་རྒྱུན་བྱེ་བྲག་པ་གང་དང་ཡང་འབྲེལ་བ་རྩ་བ་ནས་མེད་པའམ་དེ་ལ་མ་བརྟེན་པ། ཡང་ན་དེ་ལ་མ་ལྟོས་པར་བཟང་སྤྱོད་ཡར་རྒྱས་གཏོང་རྒྱུ་དེ་ཡིན།

དེ་ཡང་༸གོང་ས་མཆོག་གིས། what we need today is an approach to ethics which makes no recourse to religion and can be equally acceptable to those with faith and those without: a secular ethics. གང་ཡིན་ཞེ་ན། ད་ལྟ་བར་དུ་མིའི་སྤྱི་ཚོགས་ནང་བཟང་སྤྱོད་ཅེས་གླེང་བའི་སྐབས་རང་རང་གི་ཆོས་ལུགས་སམ་སྲོལ་རྒྱུན་ནམ་ཕ་མེས་ནས་བརྒྱུད་པའི་ཡིད་ཆེས་སམ་དད་མོས་ཞིག་གི་ཐོག་ནས་ཡོང་བསྡད་ཀྱི་ཡོད། དེ་ལྟར་ཆོས་ལུགས་བྱེ་བྲག་པ་ཞིག་གི་ཐོག་ལ་གཞི་རྩ་བྱས་པའི་བཟང་སྤྱོད་ཀྱི་ཐབས་ལམ་དེ་ཕྱོགས་སུ་ལྷུང་བ་དང་ཡོངས་ཁྱབ་ཅིག་ཆགས་ཀྱི་མེད། དེར་བརྟེན། དེ་ལྟ་བུའི་ཆོས་ལུགས་ལ་མ་བརྟེན་པའམ་འབྲེལ་བ་མེད་པར་མིའི་རང་བཞིན་གྱི་མངོན་འདོད་ངོ་མ་དེ་གཞི་ལ་བཞག་པའི་ཐོག་ནས་རང་གཞན་གཉིས་ཕན་གྱི་བཟང་པོའི་སྤྱོད་ལམ་དེ་རྒྱུད་ལ་འཇགས་ཐབས་བྱས་ན། ཆོས་དད་ཡོད་མེད་ཀྱི་ཁྱད་པར་མེད་པར་ཀུན་ལ་རྒྱུ་མཚན་ལྡན་པ་དང་བློ་ལ་འཐད་པོ་ཞིག་ཆགས་པ་ཡོངས་གྲགས་རེད།

གཞན་ཡང་། སྐབས་འདིའི་གནད་དོན་གཙོ་བོ་ནི། ཆོས་ལུགས་ལ་མ་བརྟེན་པའམ་མ་ལྟོས་པར་བཟང་སྤྱོད་དང་། སྙིང་རྗེ། བྱམས་བརྩེ་སོགས་ཀྱི་མིའི་གཞི་རྩའི་ཁྱད་ཆོས་ཡར་རྒྱས་གཏོང་ཆེད་ཡོངས་ཁྱབ་ཀྱི་རྩ་འཛིན་ཞིག་གི་སྐོར་གསུང་གི་ཡོད་སྟབས། ངེས་པར་དུ་ཆོས་ལུགས་ལ་མ་བརྟེན་པ་དང་མ་ལྟོས་པའི་ཐབས་ལམ་ཞིག་དགོས་ཀྱི་ཡོད། ཆོས་ལུགས་དང་མ་འདྲེས་པ་ཞེས་བརྗོད་ན། མ་འདྲེས་ན་མ་བརྟེན་པའམ་མ་ལྟོས་པའི་ཁྱབ་པ་མེད་ལ། མ་བརྟེན་པ་དང་མ་ལྟོས་པའི་ཐ་སྙད་ཀྱི་གོ་བའང་མེད་པར་འགྱུར། ཁ་ཅིག་གིས། secular ethics ཞེས་པ་འདི་ཆོས་ལུགས་དང་མ་འདྲེས་ཀྱང་དེ་ལ་འབྲེལ་བ་ཡོད་པའམ་བརྟེན་དགོས་པ་ཞིག་ཏུ་བསམས་ནས་འགྲེལ་བཤད་བྱེད་ཀྱི་འདུག དེ་ནི་༧གོང་ས་མཆོག་གི་དགོངས་པ་རྩ་བ་ནས་མ་རེད།

མདོར་ན། མ་འདྲེས་པ་ཞེས་པའི་ཚིག་གིས་མ་འབྲེལ་བ་དང་། མ་བརྟེན་པ། མ་ལྟོས་པའི་དོན་སྟོན་གྱི་མི་འདུག ༸གོང་ས་མཆོག་གིས་ secular ethics ཞེས་པ་འགྲེལ་བརྗོད་གནང་བའི་སྐབས་གང་དུའང་། not related to religion or not connected to religion or not depended on religion, not based on religion, not grounded on religion, ཞེས་གསུང་པ་ལས། not mixed with religion ཞེས་གསུངས་པ་མི་གསལ། དེ་ཡང་མགོན་པོ་གང་གིས། དཔེར་ན། གལ་ཏེ་སློབ་གྲྭ་བྱེ་བྲག་པ་ཞིག་གི་སློབ་ཕྲུག་རྣམས་ཆོས་སམ་རིག་གཞུང་གི་རྒྱབ་ལྗོངས་སྣ་ཚོགས་ནས་ཡོང་བ་ཡིན་ན། གཞི་གང་ཞིག་ལ་བཞག་སྟེ་སློབ་གྲྭའི་ངོས་ནས་བཟང་སྤྱོད་ཀྱི་ཤེས་ཡོན་གོ་སྒྲིག་བྱེད་དགོས་སམ། ཆོས་ལུགས་ཀྱི་རྣམ་གཞག་རྐྱང་པ་གཅིག་བེད་སྤྱོད་བྱེད་པའམ་བརྟེན་ན་འདང་གི་མེད། འཛམ་གླིང་གི་ས་ཁུལ་ཁ་ཤས་ནང་ཐ་ན་སློབ་གྲྭའི་གཏན་འབེབས་སློབ་ཚན་ཁོངས་ནས་ཆོས་ལུགས་ཟུར་འདོན་བྱས་ཡོད། དེས་ན། སློབ་གྲྭ་རྣམས་ཀྱིས་སོ་སོའི་སློབ་ཕྲུག་ཚོ་ལ་ཕྱོགས་སུ་མ་ལྷུང་བ་དང་ཡོངས་སུ་ཚང་བའི་བཟང་སྤྱོད་ཀྱི་ཤེས་ཡོན་ཇི་ལྟར་སྤྲོད་ཐུབ་བམ་ཞེས་གསུངས་ཡོད།

འབྲེལ་ཡོད་གསར་འགྱུར།

ཕྱག་འཁྱེར་གནང་བ།
Mobile App

ཀིརྟིའི་བྱེས་པ་གྲྭ་ཚང་གི་ཆེས་མཐོའི་བོད་ཀྱི་རིག་གནས་སློབ་གཉེར་ཁང་གི་སློབ་ཐོན་པ་ ༢༢ ལ་ཕྱག་འཁྱེར་གནང་།

སྐར་མ ༣༡ སྔོན་ལ།
Because of high altitudes in the Himalayas, difficult terrain and often poor weather, the Kailash Manasarovar pilgrimage if one of the most challenging in the world [File: Purnima Shrestha/Reuters]
Mobile App

བལ་ཡུལ་གྱིས་ས་མཚམས་རྩོད་རྙོག་དང་འབྲེལ་ནས་རྒྱ་གར་གཞུང་ལ་ངོ་རྒོལ་བྱས།

སྐར་མ ༣༥ སྔོན་ལ།
རུ་སོག་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེ་མཆོག་ནས་༧གོང་ས་༧སྐྱབས་མགོན་ཆེན་པོར་མཇལ་བཅར་ཞུས་པ། རིན་པོ་ཆེའི་ངོ་དེབ་ཀྱི་སྐུ་པར། ལོ་དུས་མི་གསལ།
Mobile App

རུ་སོག་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེ་མཆོག་ནས་ལས་འཁྱུར་གནང་། 

ཆུ་ཚོད་ ༢ སྔོན་ལ།
Election Commission announced the final results of the 2026 Tibetan Parliamentarians. Photo: tibettimes 2026/5/13
Mobile App

བཙན་བྱོལ་བོད་མིའི་སྐབས་བཅོ་བརྒྱད་པའི་འདེམས་ཐོན་སྤྱི་འཐུས་ ༤༥ གསལ་བསྒྲགས་གནང་སོང་།

༢༠༢༦/༠༥/༡༣
ཁ་ལི་ཧྥོར་ནི་ཡ་མངའ་སྡེའི་ཨར་ཁ་དྷི་ཡའི་གྲོང་ཁྱེར་སྤྱི་ཁྱབ་ཨི་ལེན་ཝང་ཞེས་པའི་གསང་ཉུལ་བ་དེ་འཛིན་བཟུང་བྱས། དྲ་ལམ་གྱི་པར།
Mobile App

ཁ་ལི་ཧྥོར་ནི་ཡའི་གྲོང་ཁྱེར་གྱི་སྤྱི་ཁྱབ་རྒྱ་མོ་ཞིག་གིས་གསང་མྱུལ་བའི་ལས་ཀ་བྱས་ཏེ་འཛིན་བཟུང་བྱས།

༢༠༢༦/༠༥/༡༢
(From L to R) Dr Nicola Censini, European Parliament, Stefano Bettera, President EBU, Representative Rigzin Genkhang & Carlo Luyckx, Vice-President EBU & President Belgium Buddhist Union
Mobile App

ཡུ་རོབ་ནང་པའི་མཐུན་ཚོགས་ཀྱི་ལོ་འཁོར་ཚོགས་འདུ་འཚོགས།

༢༠༢༦/༠༥/༡༢

མཆན། 7

  1. གོང་དཀར་ངག་རྣམ། says:
    ལོ་ 10 སྔོན།

    ཡིག་སྒྱུར་པ་ཚེ་རིང་ནོར་བུས་གལ་ཆེའི་གནས་ཚུལ་ཞིག་གི་ཐོག་བསམ་ཚུལ་རིན་ཐང་ལྡན་པ་ཞིག་གླེང་འདུག་ཐུགས་རྗེ་ཆེ་ཞུ།

    Reply
  2. ན་ག་སངས་རྒྱས་བསྟན་དར། says:
    ལོ་ 10 སྔོན།

    Secular Ethics བོད་སྐད་དུ་དམངས་ཀྱི་བཟང་སྤྱོད་ཅེས་བསྒྱུར་ན་ཅི་ལྟར་ལགས་སམ།

    Reply
    • ཙོང་ཁ་སྐལ་བཟང་། says:
      ལོ་ 10 སྔོན།

      secular ethics ཞེས་པ་འདི་”འགྲོ་བ་མི་སྤྱིའི་བཟང་སྤྱོད་”ཅེས་བསྒྱུར་ན་ལེགས་པར་སྙམ།

      Reply
  3. ཙོང་ཁ་སྐལ་བཟང་། says:
    ལོ་ 10 སྔོན།

    བཀྲིས་བདེ་ལེགས།

    Reply
  4. དོན་གླིང་བུས། says:
    ལོ་ 10 སྔོན།

    བརྡ་ཆད་དང་འབྲེལ་བའི་རྩོམ་ཡིག་འདིའི་ནང་གི་བསམ་ཚུལ་ཡག་པོ་འདུག ང་ཚོས་ད་ལྟ་ནས་བརྡ་དེ་དང་འབྲེལ་བའི་ཐོག་ལ་བོད་ཀྱི་སྐད་ཡིག་ནང་དུ་གཅིག་འགྱུར་ཞིག་མ་བྱུང་ཚེ། མ་འོངས་པར་མ་དག་རྒྱུན་འབྱམས་སུ་འགྲོ་ཉེན་ཆེ་བས་ད་ལྟ་ནས་ཐ་སྙད་དེ་གསལ་པོ་དང་བརྟན་པོ་ཞིག་དགོས་ཀྱི་འདུག དགའ་ལྡན་ཕོ་བྲང་གི་བོད་ཡིག་དྲ་རྒྱའི་ནང་དུ་ཆོས་དང་མ་འབྲེལ་བ་མིན་པར། ཆོས་ལུགས་དང་མ་འབྲེལ་བར་ཞེས་བརྗོད་འདུག་པས། ཆོས་ལུགས་ཅེས་པའི་བརྡ་ཆད་དེ་སྤྱད་འདུག དེ་ལའང་དགོས་པ་ཆེན་པོ་ཞིག་ཡོད་ཀྱི་རེད། དེར་བརྟེན་ཚང་མས་ “ཆོས་ལུགས་དང་མ་འབྲེལ་བའི་བཟང་སྤྱོད་” ཅེས་བེད་སྤྱོད་གནང་ན་ལེགས་པར་མཐོང། ཚེ་རིང་ནོར་བུ་ལགས་ནས་བསམ་ཚུལ་གླེང་བར་བཀྲིན་ཆེ།

    Reply
  5. ཤི་ལོག says:
    ལོ་ 10 སྔོན།

    སྐུ་ཞབས་ཚེ་རིང་ནོར་བུ་ལགས་ནས་བརྡ་ཆད་སྐོར་ལ་བསམ་ཚུལ་གླེང་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་དངོས་འབྲེལ་གང་གསུངས་པ་རྣམས་བདེན་པར་སྣང་། སྤྱིར་གཞུང་ལུགས་ཁག་ཏུ་ཆོས་དང་འབྲེལ་བའི་བྱ་སྤྱོད་ལ་དམ་པ་ལྷ་ཆོས་བྱ་བ་དང་། ཆོས་ལུགས་དང་འབྲེལ་བ་མེད་པའི་བྱ་སྤྱོད་ལ་འཇིག་རྟེན་མི་ཆོས་ཞེས་བརྡ་སྦྱར་མཁན་པོས་སྔ་མ་ནས་ཐ་སྙད་སྦྱར་ཟིན་པས་secular ethics ཞེས་པར་འཇིག་རྟེན་མི་ཆོས་ཞེས་བསྒྱུར་ན་དོན་དང་མཐུན་པ་གོ་བདེ་བ་བློ་ལ་འཇུག་བདེ་བ་སོགས་ཀྱི་དགེ་མཚན་དུ་མ་སྣང་ངོ་།

    Reply
  6. མེ་ལྕགས། says:
    ལོ་ 10 སྔོན།

    དེ་རང་རེད། Secular Ethics ཞེས་གླེང་སྐབས་ཆོས་ལུགས་མེད་མཁན་རྣམས་ཀྱིས་ཉམས་སུ་མྱོང་ཐུབ་པའི་མི་གཤིས་ཤིག་གླེང་གི་ཡོད་སྟབས། ཆོས་ལུགས་ལ་མ་ལྟོས་པའི་བཟང་སྤྱོད་ཞེས་བརྗོད་ན་བཟང་། ༧གོང་ས་མཆོག་གི་དགོངས་གཞི་གཙོ་བོ་ནི་ཆོས་ལ་དད་པ་ཡོད་མེད་གང་ལྟར་ཡང་། གཙོ་བོ་མི་གཤིས་བཟང་པོ་ཞིག་དགོས་སྐོར་གསུང་གི་ཡོད་སྟབས། དེ་ཆོས་ལ་འདྲེས་དང་མ་འདྲེས་ཀྱི་གནད་དོན་ཞིག་མིན།
    ཡང་རང་ཅག་བོད་མི་རྣམས་ཀྱི་ཁ་རྒྱུན་དུ་དམ་པ་ལྷ་ཆོས་དང་འཇིག་རྟེན་མི་ཆོས་ཞེས་བརྗོད་སྲོལ་ཞིག་ཀྱང་ཡོད། འཇིག་རྟེན་མི་ཆོས་ཞེས་པའི་སྐབས་འདིའི་ཆོས་ནི་དམ་པའི་ཆོས་ལ་ལྟོས་པ་མེད་པར། གཙོ་བོ་འགྲོ་བ་མིའི་ལྷན་སྐྱེས་ཀྱི་ཀུན་སྤྱོད་ཅིག་གླེང་གི་ཡོད་སྟབས། འདི་ལ་ཡང་དོ་སྣང་བྱེད་དགོས་པ་ཞིག་ཏུ་མཐོང་ངོ་། །

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese