ཁ་སང་རྟའུ་ཉ་མཚོ་དགོན་ནང་བསྟན་གཙུག་ལག་སློབ་གྲྭའི་གྲྭ་བྱམས་པ་དགེ་ལེགས་ལགས་གློ་བུར་དུ་རྒྱ་གཞུང་ཉེན་རྟོག་པས་འཛིན་བཟུང་བཙན་འཁྲིད་བྱས་ཡོད་འདུག
འདི་གར་བོད་མི་ཞིག་གིས་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༡༦ ཉིན་གྱི་ཕྱི་དྲོ་བོད་ནང་གི་ཆུ་ཚོད་ ༨།༢༤ ཡས་མས་སུ། དཀར་མཛེས་ཁུལ་རྟའུ་རྫོང་ཉ་མཚོ་དགོན་པའི་ནང་བསྟན་གཙུག་ལག་སློབ་གྲྭའི་གྲྭ་བྱམས་པ་དགེ་ལེགས་རྟའུ་མཆོད་རྟེན་གླིང་གའི་འགྲམ་ན་འགྲོ་བཞིན་པའི་སྐབས་སུ། གློ་བུར་དུ་རྒྱ་ནག་གཞུང་ཉེན་རྟོག་པས་རྒྱུ་མཚན་སོགས་ཅི་ཡང་གསལ་བཤད་མ་བྱས་པར་འཛིན་བཟུང་བཙན་ཁྲིད་བྱས་་ཡོད་འདུག
གྲྭ་བྱམས་པ་དགེ་ལེགས་ལགས་རང་ལོ་ ༢༣ ཡིན་ཞིང་། རྟའུ་རྫི་ཡ་གྲོང་ཚོའི་ཕ་ཚེ་རིང་དང་མ་ལབ་སྒྲོན་གཉིས་ཀྱི་བུ་ཡིན་ལ། འཛིན་གྲྭ་སྐབས་དང་བོ་ནས་ཡིན་འདུག
གསར་འགོད་པ། པདྨ་མཚོ།