མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

པཎ་ཆེན་རིན་པོ་ཆེ་བརྙེད་སོན་མ་བྱུང་བར་ང་ཚོས་ལས་འགུལ་མཚམས་མི་འཇོག

བོད་ཀྱི་དུས་བབ།
༢༠༡༦/༠༥/༡༧
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་ནང་མི་དང་བཅས་པ་བཙན་ཁྲིད་བྱས་ཏེ་ལོ་ངོ་ཉེར་གཅིག་ཕྱིན་པར། ཧི་མ་ཅལ་མངའ་སྡེའི་བཙན་བྱོལ་བོད་མིའི་སྡོད་གནས་ཁག་ཏུ་པཎ་ཆེན་མཆོག་གི་གཙོས་པའི་ཉེས་མེད་ཆབ་སྲིད་བཙོན་པ་རྣམས་མྱུར་དུ་ཀློད་གྲོལ་ཡོང་བའི་ལས་འགུལ་སྤེལ་ཡོད་པ་རེད།

IMG20160517095006དེ་རིང་ཞོགས་པའི་ཆུ་ཚོད་ ༩།༣༠ སྟེང་མག་གྷན་སྲང་ལམ་དུ། དྷ་ས་ས་གནས་གཞོན་ནུ་དང་བུད་མེད་ལྷན་ཚོགས། བོད་རང་བཙན་སློབ་ཕྲུག་ཚོགས་པ་གསུམ་ཐུན་མོང་གིས་གོ་སྒྲིག་འོག ༡༩༩༥ ལོའི་ཕྱི་ཟླ་ ༥ བའི་ཚེས་ ༡༧ ཉིན་རྒྱ་ནག་གཞུང་གིས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་ནང་མི་དང་བཅས་པ་བཙན་ཁྲིད་བྱས་ཏེ་ལོ་ངོ་ཉེར་གཅིག་ཕྱིན་པར། དྷ་ས་ས་གནས་གཞོན་ནུ་དང་བོད་རང་བཙན་སློབ་ཕྲུག་ཚོགས་པ་གཉིས་ནས་ “པཎ་ཆེན་རིན་པོ་ཆེ་མཆོག་ལ་སྤྲེངས་པའི་འཕྲིན་ཡིག”ཅེས་པའི་བསྒྲགས་གཏམ་དང་། འཕྲིན་ཡིག་མང་པོ་སྒང་ཕུག་ཐོག་བཏགས་ཏེ་མཁའ་དབྱིངས་སུ་བཏང་བ་བཅས་ཀྱི་ལས་འགུལ་ཞིག་སྤེལ་སོང་ལ། ཆུ་ཚོད་ ༡༠།༣༠ སྟེང་ས་གནས་བུད་མེད་ལྷན་ཚོགས་ཀྱིས་མག་གྷན་སྲང་ལམ་ནས་དྷ་སྟེང་བོད་ཁྱིམ་སློབ་གྲྭའི་བར་ “གོམ་བགྲོད”ལས་འགུལ་ཞིག་བཅས་སྤེལ་སོང་།

ཐེངས་འདིའི་ལས་འགུལ་ཐོག་བོད་རང་བཙན་སློབ་ཕྲུག་ཚོགས་པའི་རྒྱ་གར་སྡེ་ཚན་གྱི་འགན་འཛིན་བསྟན་འཛིན་ཚེ་ལྷ་ལགས་ཀྱིས། པཎ་ཆེན་རིན་པོ་ཆེ་མཆོག་དགུང་གྲངས་དྲུག་གི་སྟེང་ནས་གར་སོང་ཆ་མེད་དུ་ཕྱིན་པའི་གནས་ཚུལ་དེ་ནི་བོད་མི་ཚོར་འཕྲད་པའི་བཟོད་དཀའ་བའི་སྐྱོ་གདུང་ཞིག་ཏུ་གྱུར་ཡོད། འོན་ཀྱང་ང་ཚོས་རེ་བ་ནམ་ཡང་བློས་གཏོིང་མི་སྲིད་པ་མ་ཟད། རྒྱ་ནག་གཞུང་གིས་ཆུང་སྲིད་རིན་པོ་ཆེའི་སྐོར་ལ་བརྡ་ལན་ཁ་གསལ་ཞིག་མ་བྱུང་བར་དུ་ལས་འགུལ་མུ་མཐུད་སྤེལ་ངེས་ཡིན་སྐོར་བརྗོད་སོང་།

ས་གཞོན་ཚོགས་གཙོ་བནྟེ་སྐྱབས་ལགས་ཀྱིས་མི་ལོ་ ༢༡ གོང་གི་དེ་རིང་། དགུང་གྲངས་དྲུག་ལས་སོན་མེད་པའི་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་རྒྱ་དམར་གཞུང་གིས་བཙན་ཁྲིད་ཀྱིས་དུས་ད་ལྟའང་གར་ཡོད་ཅི་ཆགས་ཀྱི་གནས་སྟངས་གང་ཡང་ཤེས་རྟོགས་མ་ཐུབ་པར་ལྷག་ཡོད་པ་དེས། དོན་དངོས་ཐོག་རྒྱ་ནག་གཞུང་ནི་ཇག་ཚོགས་ཤིག་ཡིན་པ་ར་འཕྲོད་ཡོད་པ་རེད་ལ། རྒྱ་ནག་གཞུང་དང་དེའི་དཔོན་རིགས་ཚོ་ནི་དུས་ནམ་ཡང་རེ་བ་རྒྱག་ས་དང་བློ་འགེལ་བྱ་ཡུལ་ཞིག་མིན་པའི་ངེས་ཤེས་ཡོད་པའི་ཐོག ད་ནས་བཟུང་ང་ཚོ་བོད་མི་རྣམས་ཀྱིས་རྒྱ་ནག་གི་གུ་ཡངས་ལ་སྟོང་བསམ་བཅོལ་རྒྱུ་ལས་ང་ཚོས་འཐད་རྩོད་དངོས་ཤིག་ལ་ཁ་ཕྱོགས་པའི་དུས་ཡིན་སྐོར་བརྗོད་སོང་།

ས་གཞོན་དང་བོད་རང་དབང་སློབ་ཕྲུག་ཚོགས་པའི་བསྒྲགས་གཏམ་ནང་། འདས་པའི་མི་ལོ་ ༢༠ ལྷག་གི་རིང་། འཛམ་གླིང་ནང་གི་འབྲེལ་ཡོད་མི་སྣ་དང་འགྲོ་བ་མིའི་ཐོབ་ཐང་དང་། འབྲེལ་ཡོད་ཚོགས་སྡེ་ཁག་གིས་རྒྱ་ནག་གཞུང་ལ་ཆུང་སྲིད་རིན་པོ་ཆེ་ཀློད་གྲོལ་གཏོང་དགོས་པའི་འབོད་སྐུལ་རིམ་པར་བྱས་ཡོད་ཀྱང་། ད་ལྟའི་བར་དེ་ལ་བཟང་ཕྱོགས་ཀྱི་འགྱུར་བ་ཅི་ཡང་བྱུང་མེད། ཆུང་སྲིད་རིན་པོ་ཆེ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གར་ཡོད་དང་ཁོང་གི་བདེ་ཐང་གི་གནས་སྟངས་ནི་ཧ་ཅང་དོ་ཁུར་བྱ་ཡུལ་ཞིག་ཏུ་གྱུར་ཡོད་ལ། རྒྱ་ནག་གཞུང་གི་ངོས་ནས་ཁོང་གི་དད་ལྡན་མང་ཚོགས་དང་རྒྱབ་སྐྱོར་བ་ཚོས་ཆུང་སྲིད་མཆོག་ཀློད་གྲོལ་ཡོང་བའི་འབོད་སྐུལ་ཞུ་བཞིན་པར་ཉན་འཇོག་དོ་ཁུར་ངེས་པར་དུ་བྱེད་དགོས། ཞེས་སོགས་འཁོད་འདུག

བུད་མེད་ལྷན་ཚོགས་ཀྱི་བསྒྲགས་གཏམ་ནང་། ཕྱི་ལོ་ ༡༩༩༦ ལོའི་ཕྱི་ཟླ་ ༦ པའི་ནང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་སྦས་གསང་མེད་པའི་ཐོག་ནས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་ནང་མི་དང་བཅས་པ་གསང་བའི་ས་ཆ་ཞིག་ལ་བཀག་ཉར་བྱས་པའི་བསྒྲགས་གཏམ་སྤེལ་བ་དང་། བསྒྲགས་གཏམ་དེ་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བྱིས་པའི་ཐོབ་ཐང་གི་སྐོར་ལ་ལྷན་ཚོགས་བསྐོངས་ནས་པཎ་ཆེན་བླ་མ་གང་དུ་ཡོད་མེད་ཤེས་ཐབས་ཀྱི་འབོད་སྐུལ་ཞུས་པའི་རྗེས་སུ་སྤེལ་བ་ཞིག་ཆགས་ཡོད། ཕྱི་ལོ་ ༡༩༩༨ ལོའི་ཕྱི་ཟླ་ ༩ བའི་ནང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་འགན་འཛིན་ཟུར་བ་ཞུ་ཞབས་མ་རེ་རོ་བྷེན་སོན་ (Mary Robinson) ལགས་རྒྱ་ནག་ལ་འཚམས་གཟིགས་ཕེབས་སྐབས། པཎ་ཆེན་ཆུང་སྲིད་རིན་པོ་ཆེར་བཀག་སྡོམ་བྱེད་པའི་སྐོར་གླེང་སློང་བྱས་པའི་མཚོན། འཛམ་གླིང་གི་ཚད་མཐོའི་སྐུ་ཚབ་དོན་གཅོད་ཁང་དང་ལས་ཁུངས་ཆེ་ཁག་མང་པོས་ཐུགས་ཁུར་ཆེན་པོའི་སྒོ་ནས་གླེང་སློང་བྱས་དང་བྱེད་བཞིན་ཡོད་ཀྱང་། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་ཨུ་ཚུགས་མཁྲེགས་བཟུང་ངང་མུ་མཐུད་ནས་པཎ་ཆེན་བླ་མ་མཆོག་དང་ཁོང་གི་ནང་མིར་གཞན་སུ་ཡང་ཐུག་འཕྲེད་བྱེད་དུ་བཅུག་མེད་སྐོར་འཁོད་འདུག

གཞན། རྒྱ་གར་ཧི་མ་ཅལ་མངའ་སྡེའི་བོད་མིའི་གཞས་གྲོང་ཌལ་ཧོར་ (Dalhousie) ས་གནས་ཀྱི་སྦྲགས་ཁང་སུམ་མདོ་རུ་ (G.P.O. Chowk) ས་གཞོན་དང་བུད་མེད་ལྷན་ཚོགས། དབུ་མའི་ལམ་མི་མང་ལས་འགུལ་ཁང་གསུམ་ཐུན་མོང་གི་གོ་སྒྲིག་འོག རྒྱ་གཞུང་གིས་པཎ་ཆེན་རིན་པོ་ཆེ་བཙན་ཁྲིད་བྱས་པའི་མུན་ནག་གི་ཉིན་མོ་སྲུང་གཙི་བྱས་ཏེ། ཞོགས་པའི་ཆུ་ཚོད་ ༧ པ་ནས་དགོང་དྲོའི་ཆུ་ཚོད་ ༧ པའི་བར་ཟས་བཅད་ངོ་རྒོལ་དང་རྒྱབ་སྐྱོར་གྱི་ས་ཡིག་བསྡུ་རུབ་གནང་གི་ཡོད་པ་མ་ཟད། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་དང་བྱིས་པའི་ཐོབ་ཐང་། དེ་བཞིན་མཉམ་འབྲེལ་རྒྱལ་ཚོགས་བཅས་ལ་འབོད་སྐུལ་དོན་ཚན་གསུམ་ཅན་ཞིག་ཞུས་ཡོད་པའི་ནང་། ༡༽ པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་གཙོས་པའི་ཆབ་སྲིད་བཙོན་པ་རྣམས་མྱུར་དུ་ཀློད་གྲོལ་ཡོང་དགོས་པ་། ༢༽ ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་དང་ལྷན་དུ་གྲོས་མོལ་མགོ་འཛུགས་དགོས་པ། ༣༽ བོད་མིའི་ཆོས་དང་རིག་གཞུང་། རང་བྱུང་ཁོར་ཡུག་ལ་གཏོར་བཤིག་གཏོང་བཞིན་པ་མཚམས་འཇོག་དགོས་པ། ཞེས་སོགས་འཁོད་འདུག

 གསར་འགོད་པ། པདྨ་རྒྱལ།

འབྲེལ་ཡོད་གསར་འགྱུར།

བསམ་ཚུལ།

ཁྱེད་བཞུད་ཤུལ་ན།

ཆུ་ཚོད་ ༤ སྔོན་ལ།
དྷ་ས་འཛིན་སྐྱོང་སྦྱོང་བརྡར་ཁང་དུ་རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐེངས་བཞི་པ་དབུ་འཛུགས་གནང་བཞིན་པ། ༢༠༢༦།༧།༣ དུས་བབ་གསར་ཁང་གི་པར།
Mobile App

རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐེངས་བཞི་པ་དབུ་འཛུགས་གནང་།

ཆུ་ཚོད་ ༢༣ སྔོན་ལ།
བློ་བཟང་དཔལ་ལྡན་གྱིས་རྒྱལ་ཚོགས་ཀྱི་མདུན་ཐང་དུ་རང་ལུས་མེ་བསྲེགས་གནང་།  པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས། ༢༠༢༦།༧།༣
Mobile App

རང་བཙན་བློ་དགའ་ཡིས་རྒྱལ་ཚོགས་ཀྱི་མདུན་ཐང་དུ་རང་ལུས་མེ་བསྲེགས་གནང་། 

ཆུ་ཚོད་ ༢༣ སྔོན་ལ།
(File image) Sikyong Penpa Tsering and Representative Thinlay Chukki with Hon. Michael Brand, Member of the German Parliament and Parliamentary State Secretary to the German Government.
Mobile App

རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཟེར་བར་ངོ་རྒོལ་བསྒྲགས་གཏམ་སྤེལ། 

༢༠༢༦/༠༧/༠༢
China Steps Up Road Works In Arunachal Area It Controls Since 1959. Photo: Satellite Image 2026 Vantor
Mobile App

རྒྱ་ནག་གཞུང་གིས་བོད་ཧིན་མཐའ་མཚམས་སུ་གཞུང་ལམ་གསར་རྒྱག་བྱས་འདུག 

༢༠༢༦/༠༧/༠༢
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་བཅའ་ཁྲིམས་ལག་བསྟར་བྱས་པར་ངོ་རྒོལ། ༢༠༢༦།༧།༡ པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས།
Mobile App

གཞུང་ཁོངས་མིན་པའི་ཚོགས་སྡེ་ཁག་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བའི་ཁྲིམས་ལག་བསྟར་བྱས་པར་ངོ་རྒོལ་ལས་འགུལ་སྤེལ།

༢༠༢༦/༠༧/༠༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese