མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གིས་མི་ཤའི་ཟས་རིགས་ཚོང་གི་འདུག་ཟེར།

བོད་ཀྱི་དུས་བབ།
༢༠༡༦/༠༥/༢༣
Share on FacebookShare on TwitterShare on EmailShare on Whatsapp

ལྷོ་ཨ་ཧྥི་རི་ཁའི་གསར་ལམ་ཁག་ཅིག་ནང་རྒྱ་ནག་ནས་དབོར་འདྲེན་བྱས་པའི་ལྕགས་སྣོད་ནང་གི་སྙལ་ཤའི་ཟས་རིགས་དེ་དག་གི་རྒྱུ་ཆ་མི་ཤ་ཡིན་པའི་གནས་ཚུལ་ཞིག་ཐོན་པ་དེར་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མི་སྣས་གསལ་བཤད་བྱས།

china-producing-corned-beaf-with-dead-peopleཨ་ཧྥི་རི་ཁའི་གསར་ཁང་ (africanews) གིས་གནས་ཚུལ་སྤེལ་བ་ལྟར་ན། ཉེ་ལམ་རྒྱལ་སྤྱིའི་གསར་ལམ་ཁག་རེ་ཟུང་དང་། ལྷག་པར་དུ་ལྷོ་ཨ་ཧྥི་རི་ཁའི་གསར་ལམ་ཁག་ཅིག་ནང་། རྒྱ་ནག་ནས་དབོར་འདྲེན་བྱས་པའི་ལྕགས་སྣོད་ནང་གི་སྙལ་ཤའི་ཟས་རིགས་ཀྱི་རྒྱུ་ཆ་མི་ཤ་ཡིན་སྐོར་དང་། ལྷོ་ཨ་ཧྥི་རི་ཁའི་ནང་རྒྱ་ནག་ནས་ཐོན་པའི་སྙལ་ཤས་ཟས་རིགས་བེད་སྤྱོད་གཏོང་མཁན་ཚོས་ཡིད་གཟབ་བྱེད་དགོས་སྐོར་སོགས། རྒྱ་ནག་ནང་མི་ཤ་ལས་སྣོན་བྱེད་བཞིན་པའི་པར་དང་བཅས་ཐོན་ཡོད་སྟབས། རེས་གཟའ་སྤེན་པའི་ཉིན་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ཧོང་ལུའུ་ (Hong Lei) ཡིས་རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་ཁག་ཏུ། ལྷོ་ཨ་ཧྥི་རི་ཁའི་ཛམ་བྷེ་ཡ་གཞུང་དམངས་གཉིས་ནས་འཆལ་གཏམ་དེ་རིགས་ལ་ཆ་འཇོག་བྱེད་མི་རུང་སྐོར་དང་། དངོས་ཡོད་གནས་ཚུལ་ལ་རྟོགས་ཞིབ་བྱས་པ་བརྒྱུད་དེ། གནས་ཚུལ་དེ་སྤེལ་མཁན་བརྒྱུད་ལམ་ཁག་ནས་གསུབ་ཏུ་འཇུག་དགོས་སྐོར་སོགས་བརྗོད་ཡོད་འདུག

གནས་ཚུལ་དེ་ཐོག་མ་རྒྱ་ནག་ཏུ་སྡོད་པའི་མིང་བརྗོད་འདོད་མེད་པའི་ལྷོ་ཨ་ཧྥི་རི་ཁའི་བུད་མེད་ཅིག་གིས་གསར་ལམ་ཐོག་བརྗོད་ཡོད་པ་དང་། ཁོང་མོས་རྒྱ་ནག་ནས་ཐོན་སྐྱེད་བྱས་ཏེ་ལྷོ་ཨ་ཧྥི་རི་ཁའི་རྒྱལ་ཁབ་ཛམ་བྷེ་ཡ་ (Zambia) ནང་ཕྱི་འདྲེན་བྱས་པའི་སྙལ་ཤའི་ཟས་རིགས་ཀྱི་རྒྱུ་ཆ་མི་ཤ་ལས་བཟོས་པ་ཡིན་སྐོར་དང་། ལྷོ་ཨ་ཧྥི་རི་ཁའི་ནང་རྒྱ་ནག་གི་ཤ་རིགས་བེད་སྤྱོད་གཏོང་མཁན་ཚོས་ཟབ་དགོས་སྐོར་སོགས་བརྗོད་ཡོད་སྟབས། རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་འདིའི་སྐོར་ལ་དོགས་གཞི་དང་གླེང་སློང་ཆེ་རུ་ཕྱིན་ཡོད།

བྷེ་བྷེ་སེ་གསར་ཁང་ (BBC News) གིས་སྤེལ་བའི་གནས་ཚུལ་ནང་། རྒྱ་ནག་གཞུང་འབྲེལ་ཞིན་ཧྭ་གསར་ཁང་གིས་རྒྱ་ནག་ཏུ་ལྷོ་ཨ་ཧྥི་རི་ཁའི་བུད་མེད་དེ་འདྲ་ཞིག་མེད་ལུགས་འཁོད་ཡོད་འདུག་ལ། ལྷོ་ཨ་ཧྥི་རི་ཁའི་རྒྱ་ནག་གཞུང་ཚབ་པ་ཡང་ཡོ་མེན་ (Yang Youming) ཟེར་བ་ཞིག་གིས། རྒྱ་ནག་གིས་སྐམ་ཤའི་ཚབ་ཏུ་མི་ཤ་སྙལ་མ་ལྷོ་ཨ་ཧྥི་རི་ཁའི་ནང་དབོར་འདྲེན་བྱེད་ཀྱི་འདུག་ཟེར་དེ་འཆལ་གཏམ་ཁོ་ན་ཡིན་པ་དང་། གནས་ཚུལ་དེ་རྒྱལ་ཁབ་གཉིས་ཀྱི་དུས་ཡུན་རིང་བོའི་འབྲེལ་ལམ་ལ་གཏོར་བརླག་གཏོང་བར་ཆེད་དུ་དམིགས་པ་ཞིག་ཡིན་ལུགས། དཀྲོག་གཏམ་དེས་རྒྱ་ནག་ལ་སྡང་ཟུག་དང་དོ་ཕོག་ཆེན་པོ་བཟོས་ཡོད་སྐོར་སོགས་བཤད་ཡོད་འདུག ཛམ་བྷེ་ཡ་རྒྱལ་སྲུང་ལྷན་ཁང་གི་བློན་ཆེན་གཞོན་པ་མུ་ལིན་གྷ་ (Mulenga) ཟེར་བ་ཞིག་གིས། གནས་ཚུལ་དེས་རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་ལ་དོ་ཕོག་བཟོས་པར་བློ་འཚབ་ཡོད་ལུགས་དང་། ཛམ་བྷེ་ཡའི་གཞུང་གིས་གནས་ཚུལ་དེར་རྟོགས་ཞིབ་ནན་མོ་བྱས་པ་བརྒྱུད་དེ་རྒྱ་ནག་གཞུང་ལ་བརྡ་ལན་གསལ་བོ་སྤྲོད་རྒྱུ་ཡིན་ལུགས་སོགས་བཤད་འདུག

tibettimes _89755340_thinkstock_cornedbeef2

གསར་ལམ་ཁག་རེ་ཟུང་ནང་ཐེངས་འདིའི་གནས་ཚུལ་དེ་དང་འབྲེལ་ཏེ། མི་ཤ་ལས་སྣོན་དང་བེད་སྤྱོད་གཏོང་བཞིན་པའི་པར་འགའ་སྤྱི་ཚོགས་དྲ་ལམ་ཐོག་ཁྱབ་བཞིན་པ་དེ་ནི། ༢༠༡༢ ལོར་ཕབ་སྐྲུན་བྱས་པའི་གདོན་འདྲེའི་སྐོར་གྱི་གློག་བརྙན་ (Resident Evil 6) ཟེས་པ་དེ་ཕབ་སྐྲུན་བྱེད་སྐབས་ཀྱི་འདྲ་པར་ཡིན་ཚུལ་དང་། མི་ཤ་འཚོང་མཁན་གྱི་འདྲ་པར་དེའང་ལོན་ཌོན་དབུས་ཁྲོམ་རར་ (London’s Smithfield)ནས་ཐོན་པའི་དཔར་དག་ཉེ་ཆར་ལྷོ་ཨ་ཧྥི་རི་ཁའི་ཁྲོམ་རར་ཐོན་པ་ཞིག་ཡིན་ལུགས་སོགས་འཁོད་འདུག

གསར་འགོད་པ། པདྨ་རྒྱལ།

འབྲེལ་ཡོད་གསར་འགྱུར།

Mobile App

སྒྲོལ་མ་ཚེ་རིང་ལགས་བོད་མི་མང་སྤྱི་འཐུས་ཀྱི་བུད་མེད་ཚོགས་གཙོ་དང་པོར་འོས་འདེམས་བྱུང་།

ཆུ་ཚོད་ ༣ སྔོན་ལ།
TTT
Mobile App

བལ་ཡུལ་མཆོད་འཇོར་གྱི་ཞུ་སྦྱོར་བས་བསྐྱར་དུ་བར་བརྒལ་བཀའ་ཁྱབ་གཏང་དགོས་པའི་སྙན་ཞུ་ཕུལ།

༢༠༢༦/༠༥/༢༩
Mobile App

ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་སོགས་ཀྱིས་སྲིད་སྐྱོང་མཆོག་ལ་འཚམས་འདྲི་ཞུས།

༢༠༢༦/༠༥/༢༩
Mobile App

སྤྱི་འཐུས་གྲུབ་ཆ་བསྐྱར་བཅོས་ཀྱི་བསམ་འཆར།

༢༠༢༦/༠༥/༢༧
སྲིད་སྐྱོང་མཆོག་གིས་ལས་ཡུན་སྐབས་གསར་བའི་མིང་གཞུང་དུ་ཐོ་འགོད་གནང་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༥།༢༧
Front Slider

སྤེན་པ་ཚེ་རིང་མཆོག་གིས་སྐབས་གཉིས་པའི་སྲིད་སྐྱོང་གི་ལས་འཁུར་དམ་འབུལ་ཞུས།

༢༠༢༦/༠༥/༢༧
TTT
Mobile App

སྤེན་པ་ཚེ་རིང་མཆོག་གིས་སྐབས་གཉིས་པའི་སྲིད་སྐྱོང་གི་ལས་འཁུར་དམ་འབུལ་ཞུས།

༢༠༢༦/༠༥/༢༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese