མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་དང་ཡུ་གུར་མི་རིགས་ས་ཁུལ་གྱི་དུས་ཟིང་ལ་དཔྱད་པ།

བོད་ཀྱི་དུས་བབ།
༢༠༡༦/༠༥/༢༩
Share on FacebookShare on TwitterShare on EmailShare on Whatsapp

ཉེ་ཆར་ཁོ་ལུམ་བྷེ་ཡ་གཙུག་ལག་སློབ་ཆེན་གྱིས་དཔར་བསྐྲུན་བྱས་པའི་<<རྒྱ་ནག་ནུབ་རྒྱུད་ཀྱི་བོད་དང་ཡུ་གུར་མི་རིགས་ས་ཁུལ་གྱི་རྩོད་རྙོག་དང་ངོ་རྒོལ་>> << Ethnic Conflict and Protest in Xinjiang and Tibet: Unrest in China’s West >>ཞེས་པའི་དཔེ་དེབ་ཀྱི་རྩོམ་སྒྲིག་པ་སྐུ་ཞབས་ཧེལ་མན་ (Hillman) དང་ཊུ་ཊིལ་ (Tuttle)རྣམ་གཉིས་ལ་ནེའུ་ཡོག་དུས་བབ་གསར་ཁང་གིས་བཅར་འདྲི་བྱས།

26CHINAETHNIC01-master768

དྲི་བ། ཁྱེད་གཉིས་ཀྱི་རྩོམ་གྲོགས་ཇེམ་ལའེ་བྷོད་ཊི་ (James Leibold) ལགས་ཀྱིས་བོད་དང་ཡུ་གུར་མི་རིགས་ས་ཁུལ་གྱི་རྩོད་རྙོག་དེ་ནི་མི་རིགས་དབྱེ་འབྱེད་ཀྱི་གནད་དོན་ཞིག་ཏུ་འགྲེལ་བརྗོད་གནང་འདུག ཁྱེད་རང་གཉིས་ཀྱིས་བོད་དང་ཡུ་གུར་མི་རིགས་ས་ཁུལ་གྱི་རྩོད་རྙོག་གི་འབྱུང་རྐྱེན་གཙོ་བོ་ངོ་སྤྲོད་གནང་རོགས།

བྷིན་ཧེལ་མན། རྒྱ་ནག་ནུབ་རྒྱུད་བོད་དང་ཡུ་གུར་མི་རིགས་ས་ཁུལ་གྱི་རྩོད་རྙོག་གི་འབྱུང་རྐྱེན་དེ་ཞིབ་ནན་གྱིས་འགྲེལ་བརྗོད་གནང་རྒྱུ་གལ་ཆེན་པོ་རེད། གྲངས་ཉུང་མི་རིགས་ཀྱི་རྩོད་རྙོག་དེ་སྤྱིར་བཏང་མི་རིགས་ཕན་ཚུན་བར་གྱི་རྩོད་རྙོག་ཅིག་ཏུ་འགྲེལ་གྱི་ཡོད་པ་དང་། ཕྱོགས་གཞན་ཞིག་ནས་གྲངས་ཉུང་མི་རིགས་ཀྱི་རྩོད་རྙོག་དེ་མི་རིགས་ས་ཁུལ་ཁག་གིས་རྒྱ་ནག་གི་སྲིད་ཇུས་ལ་ངོ་རྒོལ་བྱས་པ་ཞིག་ཏུ་ཡང་འགྲེལ་གྱི་ཡོད་པ་རེད།

ཉེ་བའི་ལོ་ངོ་འདི་དག་རིང་གཞི་རྒྱ་ཆེ་བའི་གྲངས་མང་མི་རིགས་ཀྱི་དོན་རྐྱེན་མང་པོ་ཞིག་གྲངས་ཉུང་མི་རིགས་ས་ཁུལ་གྱི་ངོ་རྒོལ་ལྟ་བུར་འགྲེལ་སྲིད་ཅིང་། ཉེ་བའི་ལོ་ངོ་འདི་དག་རིང་བོད་དང་ཡུ་གུར་མི་རིགས་ས་ཁུལ་ཁག་ཏུ་མི་རིགས་ཕན་ཚུན་བར་གྱི་ཟིང་འཁྲུག་འབྱུང་མུས་ཡིན་ནའང་། དེ་གྲངས་ཉུང་མི་རིགས་ཀྱི་རྩོད་རྙོག་ཅིག་མ་རེད།

གྷི་རེ་ཊུ་ཊལ། ངས་བལྟས་ན། མི་རིགས་ཕན་ཚུན་བར་བྱུང་བའི་འཁྲུག་ཟིང་མང་ཆེ་བ་རྒྱ་ནག་གི་དྲག་གནོན་སྲིད་ཇུས་འོག་བྱུང་བ་ཡིན་སྟབས། རྒྱ་ནག་གཞུང་གིས་གྲངས་ཉུང་མི་རིགས་ས་ཁུལ་གྱི་ངོ་རྒོལ་དམིགས་འབེན་དུ་འཛིན་གྱི་ཡོད་པ་རེད་འདོད།

དྲི་བ། ཕྱི་རྒྱལ་གྱི་རྟོགས་ཞིབ་པ་ཚོ་བོད་དང་ཡུ་གུར་ས་ཁུལ་ཁག་ནང་བསྐྱོད་རྒྱུར་དཀའ་ལས་ཁག་ཏུ་འགྲོ་བཞིན་ཡོད་པ་མ་ཟད། ཁ་ཅིག་གིས་བོད་དང་ཡུ་གུར་མི་རིགས་ས་ཁུལ་གྱི་དངོས་ཡོད་གནས་ཚུལ་ཡིག་ཐོག་ཏུ་བྲིས་པར་བརྟེན་ནས། ཁོ་ཚོ་བཀག་འགོག་བྱས་པ་རེད། དེས་ཞིབ་འཇུག་པ་ཚོར་ཤུགས་རྐྱེན་ག་འདྲ་ཐེབས་ཀྱི་ཡོད་དམ།

Screen Shot 2016-05-29 at 11.02.33 AM
ཨོ་སི་ཁྲར་ལེ་ཡ་རྒྱལ་ཡོངས་སློབ་ཆེན་ (Australian National University) གྱི་ཆབ་སྲིད་སློབ་སྟོན་པ་བྷིན་ཧེལ་མན་ (Ben Hillman)

བྷིན་ཧེལ་མན། བོད་དང་ཡུ་གུར་མི་རིགས་ས་ཁུལ་ཁག་གི་དངོས་ཡོད་གནས་ཚུལ་ལ་ཞིབ་འཇུག་རྒྱུས་ལོན་བྱེད་ཐབས་ལ། ཆེད་མཁས་པ་མང་པོ་ལྷན་འཛོམ་བྱ་རྒྱུ་དཀའ་ལས་ཁག་པོ་རེད། རྒྱ་ནག་ནང་བོད་དང་ཡུ་གུར་མི་རིགས་ཀྱི་གནད་དོན་དེ་ཚོར་ཤུགས་སྐྱེན་པོའི་གླེང་གཞི་ཞིག་ཆགས་ཡོད་སྟབས། ཐ་ན་རྒྱ་རིགས་ཞིབ་འཇུག་པ་ཚོའང་བོད་དང་ཡུ་གུར་མི་རིགས་ས་ཁུལ་ཁག་ཏུ་སྐྱོད་རྒྱུར་དཀའ་ཁག་ཡོད་པ་རེད།

རྒྱ་ནག་གཞུང་གི་དཔོན་རིགས་ཚོས་བོད་དང་ཡུ་གུར་མི་རིགས་ས་ཁུལ་གྱི་དུས་ཟིང་དེ་ནི་དྲག་ཤུགས་ལ་བརྟེན་ནས་བོད་དང་ཡུ་གུར་མི་རིགས་རྒྱ་ནག་ལས་ལོགས་སུ་རང་བཙན་བྱ་འདོད་ཀྱི་ངན་འབྲེལ་དང་ངན་ཇུས་ཤིག་ཏུ་མཐོང་གི་ཡོད་པ་དང་། དེ་ནི་རྒྱལ་ཁབ་བདེ་འཇགས་མི་ཡོང་བའི་སེམས་ཁྲལ་ཞིག་ཆགས་ཡོད་པ་རེད། རྒྱ་ནག་གི་དབང་འཛིན་པ་ཚོས་ཕྱི་གླིང་བ་དང་དམིགས་བསལ་ནུབ་གླིང་བ་ཚོས་ཕྱི་སྡོད་བོད་རིགས་དང་ཡུ་གུར་མི་རིགས་ལ་དགའ་མོས་བྱེད་པའི་ཁར། ནུབ་གླིང་བ་མང་པོ་ཞིག་གིས་བོད་དང་ཡུ་གུར་མི་རིགས་ཀྱི་དཀའ་རྙོག་ཐད་གདུང་སེམས་མཉམ་སྐྱེད་བྱ་བར་དོགས་གཞི་དང་ཡིད་ཆེས་བྱེད་བཞིན་ཡོད་པ་རེད།

དྲི་བ། ཁྱེད་རང་ཚོའི་དཔེ་དེབ་ནང་འཁོད་པའི་བརྗོད་གཞི་གཅིག་དེ་རྒྱ་ནག་ས་གནས་སྲིད་གཞུང་གིས་ནམ་རྒྱུན་མི་རིགས་ས་ཁུལ་གྱི་རྩོད་རྙོག་གི་དངོས་ཡོད་གནས་ཚུལ་འགྲེལ་བརྗོད་མི་བྱེད་པ་དེ་དོན་དམ་གྲངས་ཉུང་མི་རིགས་ལ་ཐུབ་ཚོད་བཏང་བའི་གནས་སྟངས་ཤིག་ཡིན་ཞིང་། གནས་སྟངས་དེ་ལ་བརྟེན་ནས་མི་རིགས་ས་ཁུལ་ཁག་ཏུ་རྩོད་རྙོག་ལང་གི་ཡོད་སྐོར་བཤད་འདུག དེ་ཇི་ལྟར་འབྱུང་གི་ཡོད་པ་རེད་དམ།

བྷིན་ཧེལ་མན། རྒྱ་ནག་གཞུང་གིས་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་སྲིད་ཇུས་ལ་བརྟེན་ནས་གྲངས་ཉུང་མི་རིགས་ཁག་འགན་སྲུང་བྱ་རྒྱུ་ནི་ནམ་ཞར་སྣང་མེད་བཏང་ཡོད་པ་རེད། དཔེར་ན། རྒྱ་ནག་ས་གནས་སྲིད་གཞུང་གིས་ལས་དོན་ཆེ་ཕྲ་གང་ཡིན་ཡང་དེ་རྒྱ་ཡིག་དང་ས་གནས་མི་རིགས་སྐད་ཡིག་ནང་འཁོད་པའི་མང་ཚོགས་ཀྱི་རེ་སྐུལ་སྣང་མེད་རྒྱ་ཡན་གཏོང་བ་དང་། གནད་དོན་དེ་ས་གནས་སྲིད་གཞུང་གི་དཔོན་རིགས་ཚོའི་འགན་འཁྲི་མིན་པར་བསམ་པ་ལྟ་བུ་རེད། དུས་ཡུན་རིང་བོར་རྒྱ་ནག་དབུས་གཞུང་གིས་བོད་དང་ཡུ་གུར་མི་མང་གི་ཡིད་སེམས་བསླུ་ཐབས་སུ། བོད་དང་ཡུ་གུར་སོགས་མི་རིགས་ས་ཁུལ་ཁག་ཏུ་ཨ་སྒོར་ཐེར་འབུམ་མང་པོ་གཏོང་གི་ཡོད་ནའང་། བོད་དང་ཡུ་གུར་མི་རིགས་ས་ཁུལ་གྱི་ཐོན་ཁུངས་ཡོད་ཚད་ནམ་ཞར་ས་གནས་སྲིད་གཞུང་གི་དཔོན་རིགས་ཚོས་བདག་བཟུང་བྱས་ཡོད་སྟབས། དེ་ནི་མི་རིགས་འདྲ་མཉམ་མིན་པ་དང་མི་རིགས་ཕན་ཚུན་བར་གྱི་ཞེ་འཁོན་དུ་འགྱུར་བཞིན་ཡོད་པ་རེད། དེར་མ་ཟད་མི་རིགས་ས་ཁུལ་ཁག་མང་པོ་ཞིག་ནང་རྒྱ་ནག་གི་དཔོན་རིགས་ཚོས་མི་རིགས་ས་ཁུལ་གྱི་སྐད་ཡིག་རིག་གཞུང་གི་འཇིག་ཉེན་ལ་འགན་འཁུར་ལེན་གྱི་མེད་པ་དེ་རེད།

ལས་དོན་ཆེ་ཆུང་གང་ལའང་འགན་འཁུར་མེད་པ་དེ་རྒྱ་ནག་རྒྱལ་ཡོངས་ཀྱི་གནད་དོན་ཞིག་ཆགས་ཡོད་པ་རེད། རྒྱུ་མཚན། ལས་དོན་གང་ལའང་འགན་འཁུར་མེད་པའི་གནད་དོན་ཚབས་ཆེ་རུ་འགྲོ་བ་དང་། མི་མང་གི་དཀའ་སྡུག་ཐག་མི་གཅོད་པ་དང་ནོར་འཕྱུག་ཡོ་བསྲང་མེད་པར། ནམ་རྒྱུན་བཙན་ཤུགས་ཀྱིས་མི་སེར་རྣམས་རྒྱ་སྲང་དུ་འདེད་ཀྱིན་ཡོད་པ་རེད།

གང་ལྟར་བོད་དང་ཡུ་གུར་མི་རིགས་ས་ཁུལ་གྱི་ངོ་རྒོལ་ལས་འགུལ་དང་རྒྱ་ནག་གི་ས་ཁུལ་གཞན་ནང་བྱུང་བའི་ངོ་རྒོལ་ལས་འགུལ་གཉིས་འདྲ་གི་མི་འདུག་སྟེ། རྒྱ་ནག་གཞུང་གིས་བོད་དང་ཡུ་གུར་མི་མང་གི་ངོ་རྒོལ་ལས་འགུལ་དེ་ནི་རྒྱལ་ཁབ་ཀྱི་བདེ་འཇགས་ལ་འཇིགས་སྐུལ་བ་དང་མེས་རྒྱལ་ལ་རྒྱབ་འགལ་བྱས་པ་ཞིག་ཏུ་འགྲེལ་གྱིན་ཡོད་སྟབས། གནད་དོན་དེས་བོད་དང་ཡུ་གུར་མི་རིགས་ལ་རྒྱ་ནག་གཞུང་གིས་མི་རིགས་དབྱེ་འབྱེད་བྱེད་པའི་ལྟ་ཚུལ་ཤུགས་ཆེན་སྐྱེད་ཀྱི་ཡོད་པ་དང་། ས་གནས་སྲིད་གཞུང་གི་དཔོན་རིགས་ཚོས་ས་གནས་མི་མང་གི་སྐྱོན་བརྗོད་དེ་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གཏོར་བརླག་བྱས་པར་ཁ་གཡར་ཏེ་ས་གནས་མི་མང་ལ་བརྡབ་གསིག་གཏོང་གི་ཡོད་པ་རེད། དུས་ཡུན་རིང་བོར་མི་རིགས་ས་གནས་ཀྱི་ཁེ་ཐོབ་བཙན་འཕྲོག་གི་མཇུག་འབྲས་དེ་དཔག་དཀའ་བ་ཞིག་ཡིན་སྟབས། དེ་ནི་རྒྱ་ནག་དམར་ཤོག་ཚོགས་པའི་རྒྱལ་ཁབ་གོང་སྤེལ་འཆར་གཞིའི་འགོག་རྐྱེན་དུ་འགྱུར་བར་གདོན་མི་ཟ་བ་ཞིག་རེད།

Screen Shot 2016-05-29 at 11.02.07 AMདྲི་བ། དཔེ་དེབ་འདིའི་ནང་ཁྱེད་གཉིས་ཀྱི་རྩོམ་གྲོགས་ཚོས་གྲངས་ཉུང་མི་རིགས་ས་ཁུལ་དུ་འབྱུང་བཞིན་པའི་ངོ་རྒོལ་ལས་འགུལ་གྱི་འབྱུང་རྐྱེན་གཙོ་བོར་མི་རིགས་སྐད་ཡིག་རང་དབང་དང་གྲངས་ཉུང་མི་རིགས་ནང་ཁུལ་གྱི་གནས་འཕྲིན་བརྒྱུད་ལམ་ཁག་གི་གནས་ཚུལ་མང་པོ་ཞིག་ལུང་འདྲེན་བྱས་འདུག

གྷི་རེ་ཊུ་ཊལ། གནས་ཚུལ་དེ་དག་ཞི་ཅིན་ཕིན་གྱི་དབང་སྒྱུར་སྲིད་ཇུས་ཀྱི་དངོས་ཤིག་ཡིན་སྲིད་མོད། འོན་ཀྱང་ངས་ནི་འདི་སྙམ་དུ་བསམ་ཏེ། བོད་ནང་གི་གནད་དོན་ཡོད་ཚད་དཔལ་འབྱོར་སྒོ་འབྱེད་སྲིད་ཇུས་དང་འབྲེལ་བའི་བོད་རང་སྲིད་རང་སྐྱོང་ནས་དཔལ་འབྱོར་ཁེ་ཕན་བར། རྒྱ་ནག་གིས་ཁས་ལེན་ཁག་ཐག་གང་བྱས་པ་དེ་ལག་ལེན་མ་བསྟར་བའི་ཕམ་ཉེས་ཤིག་ཡིན་ཞིང་། གལ་ཏེ་རྒྱ་ནག་གིས་དངོས་གནས་དེ་སྔའི་ཁས་ལེན་ཁག་ཐག་གང་བྱས་ལག་ལེན་བསྟར་ཚེ། གནས་སྟངས་ཡག་ཏུ་འགྲོ་སྲིད་ནའང་། ཡིད་སྐྱོ་བ་ཞིག་ལ་རྒྱ་ནག་གིས་དེ་ལྟར་བྱ་མི་སྲིད་སྙམ།

བྷིན་ཧེལ་མན། ངས་ཀྱང་འབྱུང་འགྱུར་ལོ་ངོ་ཁ་ཤས་ནང་རྒྱ་ནག་གི་སྲིད་ཇུས་ལ་འཕོ་འགྱུར་འབྱུང་མི་སྲིད་པར་འདོད་ཅིང་། “ལམ་གཅིག རྒྱུད་གཅིག” གི་སྲིད་ཇུས་འོག་རྒྱ་ནག་གིས་ཨེ་ཤ་ཡའི་དབུས་རྒྱུད་དང་ལྷོ་རྒྱུད་རྒྱལ་ཁབ་ཁག་ཏུ་ཚོང་འབྲེལ་རྒྱ་སྐྱེད་གཏོང་བཞིན་པའི་སྐབས་འདིར། ཐ་ན་རྒྱ་ནག་གི་དབང་འཛིན་པ་ཚོས་སྔར་ལས་ལྷག་པར་བོད་དང་ཡུ་གུར་མི་རིགས་ས་ཁུལ་གྱི་དུས་ཟིང་ཐོག་མུ་མཐུད་དྲག་གནོན་སྲིད་ཇུས་ལག་བསྟར་བྱ་སྲིད་པ་རེད། རྒྱུ་མཚན། ད་ཆར་རྒྱ་ནག་གིས་བོད་དང་ཡུ་གུར་མི་རིགས་ས་ཁུལ་གྱི་ངོ་རྒོལ་ལས་འགུལ་ནི་རྒྱལ་ཁབ་ཀྱི་བདེ་འཇགས་ལ་འཇིགས་སྐུལ་བསླངས་པར་འགྲེལ་བཤད་བརྒྱབ་སྟེ། དྲག་ཤུགས་གདུག་རྩུབ་ལ་བརྟེན་ནས་ངོ་རྒོལ་ལས་འགུལ་ཡོད་ཚད་ཞི་འཇགས་བཟོ་སྲིད་པ་དང་། སྔོན་ཆད་ཀྱི་སྲིད་གཞུང་ལམ་ལུགས་རྙིང་བའི་རྩོད་གླེང་ལའང་དེ་ལྟར་བྱ་ངེས་རེད།

ངས་ནི་འདི་ལྟར་བསམ་ཏེ། མཇུག་མཐར་པེ་ཅིན་གཞུང་གིས་མ་འོངས་པར་བོད་དང་ཡུ་གུར་མི་རིགས་ས་ཁུལ་ཁག་ནང་དཔལ་འབྱོར་གོང་འཕེལ་ལ་བརྟེན་ནས་དཀའ་རྙོག་མང་པོ་ཐག་ཆོད་པ་དང་། རྒྱ་ནག་གིས་བོད་དང་ཡུ་གུར་་མི་རིགས་ཐོག་འཛིན་པའི་གཡོ་ཇུས་དོན་སྨིན་འབྱུང་སྲིད་པར་ཡིད་ཆེས་བྱེད་ཀྱི་ཡོད་པ་རེད། ང་ཚོའི་ཞིབ་འཇུག་གི་དོན་འབྲས་ལྟར་ན། རྒྱ་ནག་གིས་བོད་དང་ཡུ་གུར་མི་མང་གི་སེམས་ཁྲལ་ངོ་མ་དེ་རྟོགས་ཀྱི་མི་འདུག་སྟེ། རྒྱ་ནག་གི་དབང་འཛིན་པ་ཚོས་བོད་དང་ཡུ་གུར་མི་མང་གི་སྐད་ཡིག་རིག་གཞུང་འཇིག་ཉེན་གྱི་སེམས་འཁྲལ་ལ་བསམ་ཤེས་དགོས་མོད། འོན་ཀྱང་རྒྱ་ནག་གིས་དེང་རབས་ཅན་དུ་བཅོས་བསྒྱུར་དང་དེའི་ཤུགས་རྐྱེན་ནུབ་ཕྱོགས་སུ་ཁ་ཕྱོགས་ཀྱིན་འདུག

དྲི་བ། བོད་དང་ཡུ་གུར་མི་རིགས་ས་ཁུལ་གྱི་ངོ་རྒོལ་ལས་ཁྱེད་ལ་མཐོང་སྣང་ག་རེ་བྱུང་སོང་།

བྷིན་ཧེལ་མན། ང་ཚོའི་ཞིབ་འཇུག་དཔེ་དེབ་ནང་ས་གནས་སྲིད་གཞུང་གིས་མི་རིགས་དབྱེ་འབྱེད་ཀྱི་སྒུལ་ཤུགས་དེ་གྲོང་དང་གྲོང་ཁྱེར་སོགས་མི་རིགས་ས་ཁུལ་ཁག་ཡོངས་སུ་ཁྱབ་བཞིན་པ་བསྟན་ཡོད། གང་ལྟར་མི་རིགས་ས་ཁུལ་ཁག་ཏུ་དྲག་པོའི་ཟིང་འཁྲུག་འབྱུང་བཞིན་པའི་སྣང་འཚུལ་ཞིག་མངོན་ཡོང་གིན་འདུག་ཅིང་། དེ་ཡང་རྒྱ་ནག་རྒྱལ་ཡོངས་སྤྱི་ཚོགས་དཔལ་འབྱོར་གང་ཐད་ནས་གཅིག་གྱུར་རང་བཞིན་ཞིག་མིན་ཏེ། དཔེར་ན། ཉེ་ཆར་བོད་དང་ཡུ་གུར་མི་རིགས་ས་ཁུལ་ཁག་གི་དཔལ་འབྱོར་འཛུགས་སྐྲུན་གོང་འཕེལ་བཏང་བ་དང་། རྒྱ་ནག་ཧན་མི་རིགས་མང་པོ་གནས་སྤོ་བཞིན་པ་མངོན་གསལ་རེད་ལ། རྒྱ་ནག་ཧན་མི་རིགས་མང་པོ་གནས་སྤོ་སའི་ས་གནས་མི་མང་གི་འཚོ་གནས་ལ་གཏོར་བཤིག་ཚབས་ཆེན་ཐེབས་ཏེ། ས་ཁུལ་དེ་དག་ནང་མི་མང་གིས་འབྱུང་འགྱུར་གྱི་འཇིག་ཉེན་ལ་སེམས་ཁུར་བྱེད་བཞིན་ཡོད་པ་རེད།

དྲི་བ། ཕྱི་ལོ་ ༡༩༨༠ ལོར་བོད་མིའི་རྒྱལ་ས་ལྷ་སར་བྱུང་བའི་སྒེར་ལངས་ལས་འགུལ་དང་ད་ལྟའི་དུས་ཟིང་གཉིས་མི་འདྲ་ས་ག་རེ་འདུག

Screen Shot 2016-05-29 at 11.02.53 AM
ཁོ་ལུམ་བྷེ་ཡ་གཙུག་ལག་སློབས་ཆེན་ (Columbia University) གྱི་ཤར་ཨེ་ཤེ་ཡའི་སྐད་ཡིག་དང་རིག་གཞུང་ཚན་པའི་དགེ་རྒན་ཆེན་མོ་གྷི་རེ་ཊུ་ཊལ་ (Gray Tuttle)

གྷི་རེ་ཊུ་ཊལ། ཕྱི་ལོ་ ༡༩༨༠ ལོའི་སྒེར་ལངས་ལས་འགུལ་དང་ཕྱི་ལོ་ ༢༠༠༨ ལོའི་སྒེར་ལངས་ལས་འགུལ་གཉིས་མི་འདྲ་ས་གཙོ་བོ་དེ་ལས་འགུལ་བྱུང་སའི་ས་གནས་ཁག་དང་ལས་འགུལ་སྐབས་ཀྱི་གཏོར་བཅོམ་རེད། ཕྱི་ལོ་ ༢༠༠༨ ལོའི་རྔམ་སྟོན་ཁྲོམ་སྐོར་དང་ཕྱིས་སུ་བོད་རང་སྐྱོང་ལྗོངས་ཀྱི་ཕྱི་རོལ་ཏུ་བྱུང་བའི་ངོ་རྒོལ་ལས་འགུལ་གང་ཡིན་ཡང་། དེ་ཕྱི་ལོ་ ༡༩༨༠ ལོའི་སྒེར་ལངས་ལས་འགུལ་དང་ཐ་ཐད་རེད། མ་ཟད་ཕྱི་ལོ་ ༢༠༠༨ ལོའི་རྔམ་སྟོན་ཁྲོམ་སྐོར་མང་ཆེ་བ་བོད་རང་བཙན་འཐབ་རྩོད་ནི་མ་ཡིན་པར། བོད་རང་སྲིད་རང་སྐྱོང་ངམ་དེ་སྔོན་རྒྱ་ནག་གིས་ཁས་ལེན་ཁག་ཐག་གང་བྱས་ཡོད་མེད་རྟོགས་ཐབས་ཤིག་ཡིན་པ་རེད།

བྷིན་ཧེལ་མན། དེ་གཉིས་ཀྱི་ཁྱད་པར་གཙོ་བོ་ཞིག་ནི། འདས་པའི་ལོ་ངོ་འདི་དག་རིང་བོད་ཁུལ་དུ་སྒེར་ལངས་ལས་འགུལ་བ་འདྲ་མིན་སྣ་ཚོགས་བྱུང་བ་དང་། ཕྱི་ལོ་ ༡༩༨༠ ལོར་ལྷ་སའི་སྒེར་ལངས་ལས་འགུལ་སྐབས་སུ་ལས་འགུལ་བ་མང་ཆེ་བ་གྲྭ་བཙུན་ཡིན་པ་རེད། ཉེ་བའི་ལོ་ངོ་འདི་དག་རིང་གྲངས་ཉུང་མི་རིགས་དང་སྤྱི་ཚོགས་གྲལ་རིམ་ཚང་མ་རྒྱ་སྲང་དུ་འཁྲིད་ཀྱིན་འདུག

ཞིན་ཅང་ས་ཁུལ་དུ་དཔལ་འབྱོར་གོང་སྤེལ་དང་བསྟུན་ནས་འཇིགས་སྐུལ་དྲག་སྤྱོད་ལ་ཁ་གཡར་ཏེ་མི་སེར་རྣམས་དམིགས་འབེན་དུ་འཛིན་པ་མ་ཟད། ཞིན་ཅང་ཕྱི་ལོགས་ཀྱི་མི་སེར་ཚོ་ཡང་དམིགས་འབེན་དུ་འཛིན་གྱི་འདུག དེ་གྲངས་ཉུང་མི་རིགས་ས་ཁུལ་གྱི་དཀའ་རྙོག་ཆེན་པོ་ཞིག་རེད།

གང་ལྟར་ཡང་རྒྱ་ནག་གི་དབང་འཛིན་པ་ཚོ་བཙན་ཤེད་འཐབ་འཛིང་གི་ལས་སུ་གཞོལ་བའི་སྐབས་འདིར། གྲོས་ཚོགས་འཐུས་མི་ཚོས་གྲངས་ཉུང་མི་རིགས་ཀྱི་ཆོས་ལུགས་གྲུབ་མཐའ་མཁྲེགས་འཛིན་གྱིས་འཇིགས་སྐུལ་སློང་མཁན་དང་རྒྱ་ནག་གི་གྲངས་ཉུང་མི་རིགས་ཤིག་གི་ངོས་ནས་ཡུ་གུར་གྲངས་ཉུང་མི་རིགས་ཀྱིས་རྒྱ་ནག་གི་སྤྱི་ཚོགས་དང་དཔལ་འབྱོར་སྲིད་ཇུས་ཀྱིས་ཁོ་ཚོའི་འབྱུང་འགྱུར་ལ་ཤན་ཤུགས་ཅི་འདྲ་ཐེབས་སྲིད་པར་སེམས་ཁུར་བྱེད་མཁན་གཉིས་ཀྱི་དབྱེ་བ་གསལ་བོར་འབྱེད་རྒྱུ་གནད་འགག་ཏུ་ཐུག་འདུག

26CHINAETHNIC02-master675

ཟུར་མཆན། <<རྒྱ་ནག་ནུབ་རྒྱུད་ཀྱི་བོད་དང་ཡུ་གུར་མི་རིགས་ས་ཁུལ་གྱི་རྩོད་རྙོག་དང་ངོ་རྒོལ་>> << Ethnic Conflict and Protest in Xinjiang and Tibet: Unrest in China’s West >>ཞེས་པའི་དཔེ་དེབ་འདི་ནི་ཨོ་སི་ཁྲར་ལེ་ཡ་རྒྱལ་ཡོངས་སློབ་ཆེན་ (Australian National University) གྱི་ཆབ་སྲིད་སློབ་སྟོན་པ་བྷིན་ཧེལ་མན་ (Ben Hillman) དང་ཁོ་ལུམ་བྷེ་ཡ་གཙུག་ལག་སློབས་ཆེན་ (Columbia University) གྱི་ཤར་ཨེ་ཤེ་ཡའི་སྐད་ཡིག་རིག་གཞུང་ཚན་པའི་དགེ་རྒན་ཆེན་མོ་གྷི་རེ་ཊུ་ཊལ་ (Gray Tuttle) ལགས་གཉིས་ཀྱི་གཙོས་པའི་ནུབ་གླིང་གི་མཁས་དབང་ཁག་ཅིག་མཉམ་འབྲེལ་གྱིས་ཕྱི་ལོ་ ༢༠༠༨ དང་ ༢༠༠༩ ལོ་ནས་བཟུང་ནས་བོད་དང་ཡུ་གུར་མི་རིགས་ས་ཁུལ་དུ་འབྱུང་བཞིན་པའི་ངོ་རྒོལ་དང་། དེའི་འབྱུང་རྐྱེན་ལ་དཔྱད་པའི་ཡིག་ཚགས་དང་དཔྱད་རྩོམ་ཁག་གཞིར་བཟུང་ནས་རྩོམ་སྒྲིག་གནང་བ་དང་ཁི་ལུམ་བྷེ་ཡ་གཙུག་ལག་སློབ་ཆེན་གྱི་དཔར་སྐྲུན་སྡེ་ཚན་ནས་དཔར་བསྐྲུན་བྱས་པ་ཞིག་ཡིན་འདུག

མ་རྩོམ་འབྲེལ་ཐག http://www.nytimes.com/2016/05/27/world/asia/china-xinjiang-tibet-ethnic-unrest.html

པདྨ་རྒྱལ་གྱིས་བོད་བསྒྱུར་བྱས།

འབྲེལ་ཡོད་གསར་འགྱུར།

ཨི་རན་གྱི་ཆེས་མཐོའི་མགོ་ཁྲིད་ཁཱ་མི་ནི། དུས་བབ་གསར་ཁང་གིས་པར་སྒྲིག་བཟོ་བྱས།
Mobile App

ཨ་རི་དང་ཨི་ཛི་རེལ་གྱི་གཏོར་རྒོལ་ཁྲོད་ཨི་རན་གྱི་ཆེས་མཐོའི་མགོ་ཁྲིད་ཁཱ་མི་ནི་བསད།

ཆུ་ཚོད་ ༥ སྔོན་ལ།
རྒྱ་ནག་གཞུང་གི་ལས་བྱེད་ཡིན་པའི་བོད་མི་ཚོའི་ཁྱིམ་མི་འདས་གྲོས་སུ་གྱུར་བ་ཡིན་ནའང་ཆོས་ཕྱོགས་ཀྱི་བྱེད་སྒོར་ཞུགས་ཆོག་གི་མི་འདུག བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

བོད་རིགས་ལས་བྱེད་ཀྱིས་གཙུག་ལག་ཁང་དུ་ལྟད་མོ་ལྟ་ཆོག་ཀྱང་ཕྱག་འཚལ་མི་ཆོག

༢༠༢༦/༠༢/༢༧
Tibettimes
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་ནས་བསྒྲུབ་བྱ་ཕོ་མོ་གྲངས་དྲུག་ཅུ་རེ་གསུམ་ལ་བར་མ་རབ་བྱུང་དང་དགེ་ཚུལ་གྱི་བསླབ་སྡོམ་སྩལ། 

༢༠༢༦/༠༢/༢༧
Beijing is preparing to host the annual session of the National People’s Congress. Photo: Reuters
Mobile App

རྒྱ་ནག་གཞུང་གིས་དཔོན་རིགས་བཅུ་དགུ་དམར་ཤོག་ཚོགས་པའི་འཐུས་མིའི་ཚོགས་ཆེན་གྱི་ཁོངས་ནས་ཕུད།

༢༠༢༦/༠༢/༢༧
ཧྥ་རན་སིའི་གྲོས་འོག་མའི་ཚོགས་གཞོན་སྐུ་ཞབས་ (Charles De Courson) མཆོག་དང་ཡུལ་དེའི་ཕྱི་སྲིད་བློན་ཆེན་Jean-Noël Barrot མཆོག  པར་དུས་བབ་ཀྱིས་བསྒྲིགས།
Mobile App

ཧྥ་རན་སིའི་ཕྱི་སྲིད་བློན་ཆེན་མཆོག་གིས་བོད་རྒྱ་འབྲེལ་མོལ་བསྐྱར་གསོ་དགོས་པའི་སྐུལ་འདེད་གནང་།

༢༠༢༦/༠༢/༢༧
མགྱོགས་འཕྲིན་ནང་བོད་ཡིག་བོད་སྐད་དང་བོད་ལྭ་གྱོན་པ་འགྲེམས་སྤེལ་བྱས་ཚེ་བཀག་འགོག་བྱེད་ཀྱི་འདུག འབྲེལ་ཡོད་ཀྱིས་མཁོ་སྤྲོད་གནང་།
Mobile App

མགྱོགས་འཕྲིན་ནང་བོད་ཡིག་བོད་སྐད་དང་བོད་ལྭ་གྱོན་པ་འགྲེམས་སྤེལ་བྱས་ཚེ་བཀག་འགོག་བྱེད་ཀྱི་འདུག

༢༠༢༦/༠༢/༢༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese