མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འཛམ་གླིང་གི་སློབ་གྲྭར་འགྲོ་བའི་ལམ་བུ་འཇིགས་སྣང་ཆེ་ཤོས།

བོད་ཀྱི་དུས་བབ།
༢༠༡༦/༠༥/༣༡
Share on FacebookShare on TwitterShare on EmailShare on Whatsapp

ཊོམ་ཧྥི་ལིབ་སིས་(Tom Phillips)སྤེལ།
སྐལ་ལྡན་གྱིས་བསྒྱུར།

རྒྱ་ནག་སི་ཁྲོན་ཞིང་ཆེན་གྱི་མངའ་ཁོངས་ཨ་ཏུ་ལེར་གྲོང་གསེབ་ཀྱི་སློབ་ཕྲུག་ལོ་ན་ཆུང་ཤོས་དྲུག་བདུན་ཞིག་གིས་རྙིང་རུལ་དུ་གྱུར་བའི་སྐས་འཛེག་ལ་བརྟེན་ནས་བྲག་གཡང་མི་ཊར་ ༨༠༠ འཛེགས་ཏེ་སློབ་གྲྭ་ནས་རང་ཁྱིམ་དུ་ལོག་དགོས་ཀྱི་ཡོད།

https://tibettimes.net/wp-content/uploads/2016/05/Worlds-scariest-school-run-Chinese-children-tackle-800-metre-cliff-World-news-The-Guardian.mp4

གྲོགས་མེད་ཁེར་རྐྱང་དུ་ལུས་པའི་རི་སྟེང་གི་གྲོང་གསེབ་ཆུང་ཆུང་དེའི་སློབ་ཕྲུག་ཚོས། འུ་ཐུག་ཐབས་ཟད་ཀྱིས་འཇིགས་སུ་རུང་བའི་བྲག་རི་གཡང་གཟར་བརྒྱུད། སློབ་གྲྭར་འགྲོ་བའི་ངང་ཚུལ་གྱི་པར་རིས་ཕྱོགས་གང་སར་ཁྱབ་བརྡལ་ཕྱིན་པར་བརྟེན། རྒྱ་ནག་ལྷོ་ནུམ་ས་ཁུལ་གྱི་དབང་འཛིན་དཔོན་རིགས་ཚོས་རོགས་རམ་བྱེད་པའི་ཁས་ལེན་དམ་བཅའ་བྱས་ཡོད་པ་རེད།

ཨ་ཏུ་ལེར་གྲོང་གསེབ་ཀྱི་སློབ་ཕྲུག་ཚོས་རྒྱབ་ཏུ་ལྗིད་ཆེ་བའི་དཔེ་ཁུག་ཁུར་ཏེ། མི་ཊར་ ༨༠༠ གཡང་ས་བརྒྱུད་སློབ་ཁྲིད་ཉན་པར་འགྲོ་དགོས་པ་དང་། ཁོ་ཚོས་རྙིང་རུལ་དུ་གྱུར་བའི་སྐས་འཛེག་འབབ་དགོས་ལ། ཉེན་སྲུང་གང་ཡང་མེད་པར་བྲག་ངོས་ལ་འཐམས་ཏེ་འགྲོ་སྐྱོད་བྱེད་དགོས་པ་ཡིན། འཇིགས་སྐྲག་ཆེ་ལ་ཉེན་ཁ་ཤིན་ཏུ་ཆེ་བའི་གནད་དོན་དེའི་པར་རིས་གཟའ་འཁོར་འདིའི་པེ་ཅིན་གསར་ཤོག་སྟེང་འདོན་སྤེལ་བྱས་རྗེས། རྒྱ་ནག་གི་དྲ་རྒྱའི་ཐོག་ཚང་མས་དོ་སྣང་བྱ་ཡུལ་ཞིག་ཏུ་གྱུར་ཡོད།

མི་ཊར་ ༨༠༠ མཐོ་ཚད་ཀྱི་གཡང་ས་དེ་བརྒྱུད་པར་གདང་བུ་བཅུ་བདུན་ཅན་གྱི་སྐས་འཛེག་ཅིག་བརྒྱུད་དགོས་པ་དང་། དེ་བས་ཀྱང་འཇིགས་སུ་རུང་བ་ནི་སྐས་འཛེག་མེད་སར་བྲག་ངོས་ལ་འཐམས་ཏེ་འགྲོ་དགོས་པ་དེ་ཡིན།

གནད་དོན་དེའི་འདྲ་པར་ལེན་མཁན་ནི། པར་རིས་གཟེངས་རྟགས་ཐོབ་མྱོང་བའི་པེ་ཅིན་གསར་ལས་ཁང་གི་པར་པ་ཆན་ཇེ་(Chen Jie)ཡིན་པ་དང་། ཁོང་གིས་སྔ་ལོ་བླངས་པའི་ཐན་ཅིང་འབར་འགས་དོན་རྐྱེན་གྱི་འདྲ་པར་རྣམས། ད་ལོའི་ལོ་སྟོད་དུ་འཛམ་གླིང་གྲགས་ཅན་པར་རིས་(World Press Photo awards)ཀྱི་ཁོངས་སུ་བདམས་ཐོན་བྱུང་ཡོད་པ་རེད།

ཆན་ཇེ་ཡིས་གྲོང་གསེབ་དེའི་སློབ་ཕྲུག་ལོ་ན་དྲུག་ནས་བཅོ་ལྔ་བར་སོན་པ་གྲངས་བཅོ་ལྔས་བྲག་གཡང་འཛེག་བཞིན་པ་མཐོང་བས་དེ་འཕྲལ་འདྲ་པར་བླངས་ཏེ། རང་ཉིད་ཀྱི་སྐད་འཕྲིན་(WeChat)བརྒྱུད་འགྲེམ་སྤེལ་བྱས་པ་དང་ལྷན། “དོན་རྐྱེན་དེ་དངོས་སུ་ངའི་མིག་ལམ་དུ་གྱུར་བས་ཧ་མི་ལས་པ་ག་ལ་སྲིད།”ཅེས་དང་། པར་རིས་དེ་དག་གིས་ཡ་ང་བའི་གྲོང་ཚོ་དེའི་གནས་སྟངས་ལ་འགྱུར་བ་འགྲོ་བའི་རེ་བ་བྱེད་ཀྱི་ཡོད་ཅེས་བཀོད་ཡོད་པ་རེད།

tibettimes2

ཆན་གྱིས་ཉིན་གསུམ་རིང་ཉམ་ཐག་གྲོང་གསེབ་དེའི་གནས་བབས་ལ་མྱུལ་ཞིབ་དང་། ཉེན་ཁ་ཆེ་བའི་ལམ་བུ་དེར་ངལ་བ་ལྷུར་ལེན་ཐེངས་གསུམ་བྱས་མཐར། དེ་ནི་བློ་ཁོག་ཀྱིས་བཟོད་ཐུབ་པ་ཞིག་མིན་ཚུལ་དང་། “གཡང་ས་འཇིགས་སྣང་ཆེ་བས་ངེས་པར་གཟབ་ནན་དགོས་ས་ཞིག་འདུག གལ་ཏེ་རྐྱེན་ངན་ཅུང་ཟད་ཅིག་དང་འཕྲད་ཚེ། ཐད་ཀར་ས་སྟེང་དུ་ལྟུང་རྒྱུ་ཉག་ཅིག་རེད”ཅེས་ལམ་སྟོན་པར་བཤད་ཡོད།

རྒྱ་ནག་གཞུང་འབྲེལ་གསར་ཁང་(CCTV)གིས་ཆེད་གཏོང་བྱས་པའི་གསར་འགོད་པ་ཀྲང་ལི་གྲོང་གསེབ་དེར་བསྐྱོད་དགོས་པས། བྲག་གཡང་མཐོ་དྲགས་པས་མིག་ཆུ་དབང་མེད་དུ་ཤོར་བ་དང་། “ང་ཚོས་གཡང་ས་འདི་ངེས་པར་བརྒྱུད་དགོས་པ་རེད་དམ།”ཞེས་དང་། གསར་འགོད་ལས་རོགས་རྣམས་བྲག་གཡང་འཛེག་ལ་ཉེ་བའི་སྐབས་ “ང་འགྲོ་གི་མིན།”ཞེས་བཤད་འདུག

ཨ་ཏུ་ལེ་ནི་ཁྱིམ་ཚང་ ༧༢ ལས་གྲུབ་ཅིང་། སྟར་ཀ་དང་གཡེར་མ་འདེབས་ལས་བྱེད་པའི་ཞིང་པའི་སྤྱི་ཚོགས་ཤིག་ཡིན། གྲོང་ཚོ་དེའི་མགོ་དཔོན་ཨ་པི། ཇི་ཏཱི།(Api Jiti)ཡིས་པེ་ཅིན་གསར་འགོད་པར། རི་རྩེར་ས་ཁྱོན་ཆུང་བས་ས་གནས་ཀྱི་ཕྲུ་གུར་སློབ་གྲྭ་གསར་རྒྱག་བྱེད་ཐབས་བྲལ་ཚུལ་བརྗོད་ཡོད་པ་དང་།   ཉེན་ཁ་ཆེ་བའི་གཡང་ས་ནས་ལྷུང་ཏེ་ད་བར་ཡུལ་མི་བརྒྱད་ཙམ་ལ་སྲོག་སྐྱོན་དང་། ཡུལ་མི་མང་པོར་སྨས་སྐྱོན་ཕོག་ཚུལ་ཡང་བརྗོད་ཡོད། མགོ་དཔོན་རང་ཉིད་ཀྱང་ཉིན་ཞིག་གཡང་ཁ་ལས་འཛག་གྲབས་བྱས་ཚུལ་སོགས་བརྗོད་ཡོད།

tibettimes

ད་ལྟའི་ཆར་གཡང་ས་འཛེག་རྒྱུ་ཧ་ཅང་དཀའ་ཚེགས་ཆེ་བས། སློབ་ཕྲུག་རྣམས་སློབ་གྲྭར་མི་སྡོད་ཀ་མེད་རེད། ཁོ་ཚོས་རི་སྟེང་གི་ནང་མི་ཐུག་འཕྲད་བྱེད་པར་ཟླ་བ་གཅིག་ནང་ཐེངས་གཉིས་ལས་སྐྱོད་ཐུབ་ཀྱི་མེད།

ཡུལ་མི་ཆན་ཇི་གུ་(Chen Jigu)ཡིས་གསར་འགོད་པར་བརྗོད་པ་ལྟར་ན། བེད་སྤྱོད་བྱེད་བཞིན་པའི་ཤིང་སྐས་ནི་གྲོང་གསེབ་དེ་དང་མཚུངས་པར་ལོ་ངོ་བརྒྱ་ཕྲག་འདས་ཟིན་པ་ཡིན་ཚུལ་དང་། “ང་ཚོས་སྐས་འཛེག་གི་གདང་བུ་རུལ་སྐྱོན་ཡོད་པ་ཤེས་རྟོགས་བྱུང་ཚེ་གསར་པ་བར་འཇུག་བྱེད་ཀྱི་ཡོད།”ཅེས་བཤད། ངག་རྒྱུན་དུ་ཉེན་ཁ་ཆེ་ལ་གྲོགས་མེད་ཁེར་ཀྱང་དུ་ལུས་པའི་ཨ་ཏུ་ལེར་གྲོང་གསེབ་དེ་བཞིན། ཕ་མེས་ཚོས་དམག་འཐབ་ལས་གཡོལ་ཕྱིར་བདམས་པ་ཞིག་ཡིན་པར་རྗོད་ཀྱི་ཡོད།

ཕྱི་ལོ་ ༡༩༨༠ ཙམ་ནས་རྒྱ་ནག་གི་དཔལ་འབྱོར་གུ་ཡངས་སུ་བཏང་བས། མི་སེར་ས་ཡ་ ༦༨༠ ལྷག་དབུལ་ཕོངས་ཀྱི་གནས་ལས་གྲོལ་ཐུབ་པ་བྱུང་རུང་། གྲོང་གསེབ་དང་གྲོལ་རྡལ་ཁག་གི་ཉམ་ཐག་པའི་དབུལ་ཕོངས་ཀྱི་འཚོ་བ་སྔར་རྒྱུན་བཞིན་གནས་མུས་ཡིན། ཨ་ཏུ་ལེར་གྲོང་ཚོའི་མི་རྣམས་ལ་མཚོན་ན་ཉིན་རེར་ཨ་སྒོར་གཅིག་ལས་ཉུང་བའི་ཡོང་འབབ་ལ་བརྟེན་ཏེ་འཚོ་བ་སྐྱེལ་བཞིན་ཡོད།

གཙོ་འཛིན་ཞི་ཅིན་ཕིན་གྱིས་ཕྱི་ལོ་ ༢༠༢༠ བར་དབུལ་ཕོངས་ཀྱི་གདུང་བ་རྩ་མེད་བཟོ་བའི་ཁས་ལེན་དམ་བཅའ་བྱས་ཡོད་པ་དང་། ལོ་རེའི་ཡོང་འབབ་མི་དམངས་ཤོག་དངུལ་ ༢༣༠༠ ལས་ཉུང་བའི་འཚོ་བར་རྟེན་པའི་གྲོང་གསེབ་པ་ས་ཡ་ ༧༠ ཙམ་ལ་དཔལ་འབྱོར་མཐུན་འགྱུར་རོགས་རམ་བྱེད་པའི་ཁས་ལེན་བྱས་ཡོད། སྔ་ལོ་དབུལ་ཕོངས་གྲངས་འབོར་གཅོག་པའི་ལྷན་ཚོགས་(poverty-reduction conference)སྟེང་། ཞི་ཅིན་ཕིན་གྱིས་ “རང་རྒྱལ་གྱིས་འཛམ་གླིང་སྟེང་དཔལ་འབྱོར་ཐད་གཟེངས་སུ་ཐོན་པའི་གྲུབ་འབྲས་བཏོན་ཐུབ་པ་བྱུང་ཡོད་ཀྱང་། རང་རྒྱལ་ནི་ད་དུང་འཛམ་གླིང་སྟེང་གི་ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཆེ་ཤོས་དེ་ཡིན།”ཞེས་བཤད་ཡོད་པ་རེད།

tibettiems3

ཕྱི་ལོ་ ༡༩༩༠ ནང་རྒྱ་ནག་འཛམ་གླིང་ཚོང་འབྲེལ་སྒྲིག་འཛུགས་(World Trade Organization)ནང་མཉམ་ཞུགས་མ་བྱས་གོང་ཙམ་ལ། བཟོ་གྲྭ་ཁག་གི་ལས་མི་ས་ཡ་མང་པོའི་ལས་ཀ་ཤོར་བ་རེད། འོན་ཀྱང་གྲོང་ཁྱེར་ནང་གི་གྲལ་རིམ་དམའ་བའི་དབུལ་ཕོངས་ཀྱི་གྲངས་འབོར་ཇི་ཙམ་ཡོད་མེད་ཐད་གོང་རིམ་གྱིས་སྣང་འཇོག་བྱེད་ཀྱི་མེད་ཅེས། ཆེད་ལས་པ་ཚོས་བརྗོད་ཀྱི་ཡོད།

ཉེ་ཆར་ཀ་ལི་ཧྥོ་ནི་ཡ་མཐོ་སློབ་ཀྱི་ཆབ་སྲིད་ཚན་རིག་དང་གྲོང་ཁྱེར་དབུལ་ཕོངས་ཆེད་ལས་པ་དྷོ་རོ་ཏི། སོ་ལིན་གྷར་(Dorothy Solinger)གྱིས་བཅར་འདྲི་ཞིག་དང་ལེན་བྱེད་པའི་སྐབས་བརྗོད་དོན། རྒྱ་ནག་གི་གྲོང་ཁྱེར་ཁག་གི་མི་འབོར་ས་ཡ་ ༤༠ ཙམ་ད་དུང་ཡང་དབུལ་ཞིང་ཕོངས་པའི་འཚོ་བ་སྐྱེལ་བཞིན་ཡོད། “ཁོང་ཚོས་བརྗོད་མི་འདོད་པའི་དབུལ་ཕོངས་ཉམ་ཐག་གསར་པ་ཡང་ཡོད། གྲོང་ཁྱེར་ནང་གི་དབུལ་ཕོངས་རྣམས་ལ་འཚོ་ཐུབ་ཙམ་གྱི་ལག་དངུལ་ཕྲན་བུ་རེ་སྤྲད་དེ་ཁ་བཀག་པས། དབུས་གཞུང་འདོད་བློ་ཁེངས་ཏེ་སྡོད་ཀྱི་ཡོད་པ་རེད། སྲིད་གཞུང་གིས་ཁོ་ཚོ་དབུལ་ཕོངས་ཉམ་ཐག་གི་གནས་ལས་འགྲོལ་བའི་རོགས་རམ་མི་བྱེད་པར། དེ་བས་ཁོ་ཚོ་གསོན་པོ་གནས་ཐུབ་ཙམ་གྱི་རོགས་རམ་བྱེད་ཀྱི་ཡོད་པ་རེད།” ཅེས་བརྗོད།

ད་རེས་སློབ་ཕྲུག་གི་འཇིགས་སྣང་ཆེ་བའི་གནས་བབ་ཀྱི་ཧུར་སྒྲས། སྲིད་གཞུང་གིས་དམ་བཅའ་མི་ལེན་ཀ་མེད་བྱུང་བ་དང་། ས་གནས་ཀྱི་དམར་ཤོག་ཚོགས་པའི་དྲུང་ཆེས་ལྕགས་ཀྱི་སྐས་འཛེག་འཛུགས་སྐྲུན་བྱས་ཏེ། གྲོང་གསེབ་ཆུང་ཆུང་དེ་ཡུལ་གྲུ་གཞན་དང་སྦྲེལ་མཐུད་ཀྱིས་དཀའ་ངལ་གཏན་དུ་སེལ་ཐབས་བྱེད་རྒྱུ་ཡིན་ཞེས་བརྗོད་པ་དང་།

tibettimes1

ས་གནས་ཀྱི་དཔོན་རིགས་ཇིག ཇིན་སོན་(Jike Jinsong)ཞེས་པས། ཨ་ཏུ་ལེར་ཡུལ་གྲུ་གཞན་དང་སྦྲེལ་མཐུད་བྱེད་པའི་ལམ་བུ་འཛུགས་སྐྲུན་གྱི་མ་དངུལ་འདང་ངེས་མེད་པ་དང་། གྲོང་གསེབ་དེ་ས་གནས་གཞན་དུ་གནས་སྤོ་བྱས་ཀྱང་ཁོ་ཚོའི་ས་ཞིང་བློས་གཏོང་བྱེད་དགོས་པས་ཡོང་ཐབས་མེད་ཚུལ་བཤད་ཡོད་པ་རེད། ས་གནས་དེའི་ཆབ་སྲིད་མི་སྣ་ཞིག་གིས་ས་ཁུལ་དེ་ཡུལ་སྐོར་སྤྲོ་འཆམ་པའི་གནས་སུ་བསྒྱུར་རྒྱུའི་བསམ་ཚུལ་ཡང་བཏོན་ཡོད་པ་རེད།

པར་པ་ཆན་ཇེ་ཡིས་གྲོང་གསེབ་པ་དེ་དག་ལ་གང་མགྱོགས་རོགས་རམ་ལག་བསྟར་བྱེད་དགོས་པ་དང་། “ཁོ་ཚོའི་འཚོ་བའི་གནས་སྟངས་ཧ་ཅང་སྐྱོ་བོ་ཡིན་པ་མ་ཟད། དཔལ་འབྱོར་ཡོང་འབབ་སྐྱོ་ལ། སྤྱིར་སར་གང་བཏབ་པ་ཚང་མ་ཟ་གི་འདུག ཁོ་ཚོར་ཡོད་པ་ནི་ཕྱོགས་གཞིར་བསྐོར་བའི་གྱང་གོག་དག་དང་། མི་ཚང་རེར་ས་སྟེང་དུ་ཉལ་ཁྲི་གཉིས་སམ་གསུམ་ཙམ་ཡོད་པ་ལས་གཞན་ནང་ཆས་རིགས་གང་ཡང་མི་འདུག” ཅེས་དང་། “ད་ལྟའི་དུས་རབས་སུ་ཡང་དེ་ལྟ་བུའི་གནས་སྟངས་མཐོང་རྒྱུ་ཡོད་པ་ནི་བསམ་ཡུལ་ལས་འདས་པ་ཞིག་རེད།”བཅས་འགྲེལ་བརྗོད་བྱས་ཡོད།

འབྲེལ་ཡོད་གསར་འགྱུར།

ཕྱག་འཁྱེར་གནང་བ།
Mobile App

ཀིརྟིའི་བྱེས་པ་གྲྭ་ཚང་གི་ཆེས་མཐོའི་བོད་ཀྱི་རིག་གནས་སློབ་གཉེར་ཁང་གི་སློབ་ཐོན་པ་ ༢༢ ལ་ཕྱག་འཁྱེར་གནང་།

སྐར་མ ༢༦ སྔོན་ལ།
Because of high altitudes in the Himalayas, difficult terrain and often poor weather, the Kailash Manasarovar pilgrimage if one of the most challenging in the world [File: Purnima Shrestha/Reuters]
Mobile App

བལ་ཡུལ་གྱིས་ས་མཚམས་རྩོད་རྙོག་དང་འབྲེལ་ནས་རྒྱ་གར་གཞུང་ལ་ངོ་རྒོལ་བྱས།

སྐར་མ ༣༠ སྔོན་ལ།
རུ་སོག་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེ་མཆོག་ནས་༧གོང་ས་༧སྐྱབས་མགོན་ཆེན་པོར་མཇལ་བཅར་ཞུས་པ། རིན་པོ་ཆེའི་ངོ་དེབ་ཀྱི་སྐུ་པར། ལོ་དུས་མི་གསལ།
Mobile App

རུ་སོག་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེ་མཆོག་ནས་ལས་འཁྱུར་གནང་། 

ཆུ་ཚོད་ ༡ སྔོན་ལ།
Election Commission announced the final results of the 2026 Tibetan Parliamentarians. Photo: tibettimes 2026/5/13
Mobile App

བཙན་བྱོལ་བོད་མིའི་སྐབས་བཅོ་བརྒྱད་པའི་འདེམས་ཐོན་སྤྱི་འཐུས་ ༤༥ གསལ་བསྒྲགས་གནང་སོང་།

༢༠༢༦/༠༥/༡༣
ཁ་ལི་ཧྥོར་ནི་ཡ་མངའ་སྡེའི་ཨར་ཁ་དྷི་ཡའི་གྲོང་ཁྱེར་སྤྱི་ཁྱབ་ཨི་ལེན་ཝང་ཞེས་པའི་གསང་ཉུལ་བ་དེ་འཛིན་བཟུང་བྱས། དྲ་ལམ་གྱི་པར།
Mobile App

ཁ་ལི་ཧྥོར་ནི་ཡའི་གྲོང་ཁྱེར་གྱི་སྤྱི་ཁྱབ་རྒྱ་མོ་ཞིག་གིས་གསང་མྱུལ་བའི་ལས་ཀ་བྱས་ཏེ་འཛིན་བཟུང་བྱས།

༢༠༢༦/༠༥/༡༢
(From L to R) Dr Nicola Censini, European Parliament, Stefano Bettera, President EBU, Representative Rigzin Genkhang & Carlo Luyckx, Vice-President EBU & President Belgium Buddhist Union
Mobile App

ཡུ་རོབ་ནང་པའི་མཐུན་ཚོགས་ཀྱི་ལོ་འཁོར་ཚོགས་འདུ་འཚོགས།

༢༠༢༦/༠༥/༡༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese