མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འདི་ལོའི་བོད་ཀྱི་མཛངས་མར་འགྲན་ཞུགས་པ་བཞི་འདུག

བོད་ཀྱི་དུས་བབ།
༢༠༡༦/༠༥/༣༡
Share on FacebookShare on TwitterShare on EmailShare on Whatsapp

ཕྱི་ལོ་ ༢༠༡༦ ལོའི་བོད་ཀྱི་མཛངས་མའི་འགྲན་སྡུར་ཐེངས་བཅུ་བཞི་བའི་ནང་འཛུལ་ཞུགས་བྱེད་མཁན་བོད་རིགས་གཞོན་ནུ་མ་བཞི་འདུག

1དེ་རིང་ཕྱི་དྲོའི་ཆུ་ཚོད་ ༤ བའི་སྟེང་དྷ་ས་ནོར་བུ་གསོལ་མགྲོན་ཁང་གི་ཚོགས་ཁང་དུ། བོད་ཀྱི་མཛངས་མའི་འགྲན་སྡུར་གོ་སྒྲིག་པ་བློ་བཟང་དབང་རྒྱལ་ལགས་ཀྱིས་གསར་འགོད་གསལ་བསྒྲགས་སྤེལ་སོང་བ་དང་། ཕྱི་ལོ་ ༢༠༡༦ ལོའི་བོད་ཀྱི་མཛངས་མའི་འགྲན་སྡུར་ཐེངས་བཅུ་བཞི་བ་དེ་ཟླ་འདིའི་ཕྱི་ཚེས་ ༣ ནས་མགོ་འཛུགས་བྱ་རྒྱུ་ཡིན་པ་དང་། ཐེངས་འདིའི་འགྲན་སྡུར་ནང་མེ་སོར་ནས་ཡིན་པའི་བུ་མོ་བདེ་ཆེན་དབང་མོ་དང་ཨ་རིའི་ནེའུ་ཡོག་ནས་ཡིན་པའི་བུ་མོ་བསྟན་འཛིན་ཟླ་བ། སྦེལ་ཀོབ་ནས་ཡིན་པའི་བུ་མོ་བསྟན་འཛིན་བདེ་སྐྱིད་དང་མ་ན་ལི་ནས་ཡིན་པའི་བུ་མོ་བསྟན་འཛིན་སངས་རྒྱས་བཅས་མཉམ་ཞུགས་བྱས་ཡོད་འདུག

ཟླ་འདིའི་ཕྱི་ཚེས་ ༣ ཉིན་བཞུགས་སྒར་ཉེ་འཁྲིས་ཀྱི་བྷག་སུའི་རྦབ་ཆུའི་འགྲམ་དུ་ཕྱི་ལུགས་ཀྱི་སྒེག་འགྲོས་ངོམ་རྒྱུ་དང་། ཕྱི་ཚེས་ ༤ ཉིན་གྱི་ཕྱི་དྲོར་བོད་ཀྱི་ཟློས་གར་ཁང་དུ་བོད་དོན་དང་འབྲེལ་བའི་གཏམ་བརྗོད་དང་སྒྱུ་རྩལ་འཁྲབ་སྟོན། དེ་བཞིན་ཕྱི་ཚེས་ ༥ ཉིན་བོད་ཀྱི་ཟློས་གར་ཁང་དུ་དངོས་གཞིའི་འགྲན་སྡུར་བྱ་རྒྱུ་ཡིན་ལ། སྐབས་དེར་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆས་གོས་འགྲན་སྡུར་དང་དྲི་བ་དྲིས་ལན་བཅས་བྱས་པ་བརྒྱུད། ཨང་དང་པོའི་རྒྱལ་ཁ་ཐོབ་མཁན་ལ་ཧིན་སྒོར་འབུམ་ ༡ དང་། ཨང་གཉིས་པར་ཧིན་སྒོར་ཁྲི་ ༥། ཨང་གསུམ་པར་ཧིན་སྒོར་ ༢༥༠༠༠ བཅས་ཀྱི་བྱ་དགའ་སྤྲོད་རྒྱུ་ཡིན་འདུག

Dechenམ་སུ་རི་ནས་ཡིན་པའི་བུ་མོ་བདེ་ཆེན་དབང་མོ་ལགས་ཀྱིས་གསར་འགོད་པར་ཁོ་མོ་བོད་ཀྱི་མཛངས་མའི་འགྲན་སྡུར་ནང་ཞུགས་དོན་ནི། ཁོ་མོ་བོད་ཀྱི་མཛངས་མའི་འགྲན་སྡུར་ནང་འཛུགས་ཞུགས་བྱེད་པའི་གོ་སྐབས་རག་པ་དེ་སོ་སོའི་བསོད་ནམས་ཆེན་པོ་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་པ་དང་། དེའི་རྒྱུ་མཚན་འཛམ་གླིང་རྒྱལ་ཁབ་ཁ་ཤས་རང་དབང་རྒྱལ་ཁབ་ཡིན་ནའང་། གཞོན་སྐྱེས་བུ་མོ་ཚོ་མཛངས་མའི་འགྲན་སྡུར་ནང་ཞུགས་པའི་གོ་སྐབས་མེད་པ་དང་། ང་ཚོ་བོད་པའི་བུ་མོ་ཚོར་བོད་ཀྱི་མཛངས་མའི་འགྲན་སྡུར་ནང་འཛུལ་ཞུགས་ཀྱི་གོ་སྐབས་ཡོད་པ་དེ་ཧ་ཅང་ལེགས་པོ་ཡིན་སྐོར་བརྗོད་སོང་།

IMG_9905ལོ་ན་ ༡༧ ཡིན་པའི་བུ་མོ་བསྟན་འཛིན་ཟླ་བ་ལགས་ཀྱིས་གསར་འགོད་པར་ཁོ་མོ་ཨ་རིའི་ནེའུ་ཡོག་གྲོང་ཁྱེར་ནས་འཚར་ལོངས་བྱུང་ཞིང་། ཁོ་མོ་བོད་ཀྱི་མཛངས་མའི་འགྲན་སྡུར་ཁྲོད་ཞུགས་དོན་གཙོ་བོ་བོད་ཀྱི་མཛངས་མའི་འགྲན་སྡུར་གྱི་གོ་སྐབས་འདི་བརྒྱུད་དེ། མ་འོངས་བོད་དོན་ཐོག་གོ་རྟོགས་སྤེལ་བའི་སྡིངས་ཆ་ཡག་པོ་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་པ་དང་། སྤྱིར་བུ་མོ་མཛངས་མ་མང་པོ་ཡོད་ནའང་བོད་ཀྱི་མཛངས་མའི་འགྲན་སྡུར་ནང་ཞུགས་པའི་གོ་སྐབས་རག་གི་མེད་སྟབས། ཁོ་མོ་ད་རེབ་བོད་ཀྱི་མཛངས་མའི་འགྲན་སྡུར་ནང་ཞུགས་ཐུབ་པ་བྱུང་བར་ཧ་ཅང་དགའ་བོ་བྱུང་ཡོད་སྐོར་བརྗོད་སོང་།

Sangyiལོ་ན་ ༢༤ སོན་པའི་བུ་མོ་བསྟན་འཛིན་སང་ཉི་ལགས་ཀྱིས་གསར་འགོད་པར་ཁོ་མོ་མ་ན་ལི་ནས་འཚར་ལོངས་བྱུང་བ་དང་། ད་ཆར་རྒྱལ་ས་ལྡི་ལིའི་ཇམ་ཡ་ཧམ་ཌར་ཌི་ (Jamia Hamdard) གཙུག་ལག་སློབ་ཆེན་དུ་ནད་གཡོག་མའི་སློབ་གཉེར་གནང་མུས་ཡིན་པ་དང་། ཁོ་མོས་བསམ་པར་བོད་ཀྱི་མཛངས་མའི་འགྲན་སྡུར་དེ་བོད་རིགས་བུ་མོ་རྣམས་ཀྱི་ཕྱིའི་རྣམ་པ་ཙམ་མ་ཡིན་པར་ནང་བསམ་བློ་གཏོང་ཕྱོགས་དང་ཀུན་སྤྱོད་བཟང་བོ་ཞིག་ཏུ་ངོས་འཛིན་གནང་གི་ཡོད་པ་དང་། བོད་ཀྱི་གཞོན་སྐྱེས་བུ་མོ་ཚོར་བོད་ཀྱི་མཛངས་མའི་འགྲན་སྡུར་ནང་ཞུགས་པའི་གོ་སྐབས་འདི་བརྒྱུད་ནས་སོ་སོའི་འཇོན་ཐང་ལ་བརྟེན་ནས་བོད་དོན་ཐོག་ཞབས་འདེགས་ཞུ་བའི་གོ་སྐབས་ཤིག་ཏུ་ངོས་འཛིན་གནང་གི་ཡོད་སྐོར་དང་། ཁོ་མོ་ཕྱི་ལོ་ ༢༠༡༥ ལོའི་ཧི་མ་ལ་ཡའི་མཛངས་མའི་འགྲན་བསྡུར་ཁྲོད་དུའང་མཉམ་ཞུགས་བྱས་མྱོང་ཡོད་སྐོར་བརྗོད་སོང་།

IMG_9914བུ་མོ་བསྟན་འཛིན་བདེ་སྐྱིད་ལགས་ཀྱིས་གསར་འགོད་པར་ཁོ་མོ་ཝར་ན་མཐོ་སློབ་ཏུ་སློབ་གཉེར་གནང་མུས་ཡིན་པ་དང་། ཁོ་མོ་བོད་ཀྱི་མཛངས་མའི་འགྲན་བསྡུར་ནང་ཞུགས་དོན་གཙོ་བོ་སོ་སོ་སྤྱི་ཚོགས་ཁྲོད་ཡར་ཐོན་འབྱུང་ཐབས་སུ་སོ་སོར་སྡིངས་ཆ་གང་རག་པ་དེའི་ནང་འཛུལ་ཞུགས་དགོས་པ་དང་། སྡིངས་ཆ་ལས་འཐོབ་པའི་བློ་སྤོབས་ལ་བརྟེན་ནས་མ་འོངས་ལས་དོན་ཆེན་པོ་བསྒྲུབ་པའི་ནུས་པ་བསྐྱེད་སྲིང་ཐུབ་པར་ངོས་འཛིན་གནང་གི་ཡོད་སྐོར་བརྗོད་སོང་།

མཇུག་ཏུ་དྲི་བ་དྲིས་ལན་སྐབས་བོད་ཀྱི་མཛངས་མའི་འགྲན་བསྡུར་གོ་སྒྲིག་པ་བློ་བཟང་དབང་རྒྱལ་ལགས་ཀྱིས། ལོ་རྗེས་མའི་བོད་ཀྱི་མཛངས་མའི་འགྲན་བསྡུར་གོ་སྒྲིག་ཞུ་མཁན་དེ་བོད་མི་གཞན་པར་གོ་སྐབས་སྤྲོད་སྲིད་སྐོར་བརྗོད་སོང་།

གསར་འགོད་པ། པདྨ་རྒྱལ།

འབྲེལ་ཡོད་གསར་འགྱུར།

༧སྐྱབས་རྗེ་ཤིང་བཟའ་རིན་པོ་ཆེ་མཆོག་དང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་བསྟན་ཆོས་རྒྱ་མཚོ་ལགས་སོགས་ས་གནས་བོད་མི་རྣམས་ཀྱིས་ཞི་བདེའི་གོམ་བགྲོད་པ་རྣམ་པར་ཕེབས་བསུ་ཞུས། རྭ་རྒྱ་ཐེག་ཆེན་ནང་བསྟན་རིག་གཞུང་གླིང་གི་ངོ་དེབ་ཀྱི་པར།
Mobile App

ཨ་རིའི་ནང་གི་ཞི་བདེའི་གོམ་བགྲོད་པ་རྣམས་ལ་༧གོང་ས་མཆོག་ནས་གསུང་འཕྲིན་ཞིག་བསྩལ་གནང་ཡོད་འདུག

ཆུ་ཚོད་ ༡༥ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཉི་ཧོང་གི་སྲིད་བློན་ལ་འཚམས་འདྲི་མཛད། སྐུ་པར་བོད་ཀྱི་དུས་བབ་གསར་ཁང་གི་བསྒྲིགས། ༢༠༢༦།༢།༡༠
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཉི་ཧོང་གི་སྲིད་བློན་ལ་འཚམས་འདྲི་མཛད།

ཆུ་ཚོད་ ༡༩ སྔོན་ལ།
ཕྱི་ལོ་ ༢༠༢༦ ལོའི་ཇི་ནི་ཝའི་གླེང་སྟེགས་དབུ་འཛུགས་གནང་བ། ༢༠༢༦།༠༢།༠༩ ཐད་གཏོང་གི་པར་བཤུས།
Mobile App

ཕྱི་ལོ་ ༢༠༢༦ ལོའི་ཇི་ནི་ཝའི་གླེང་སྟེགས་དབུ་འཛུགས་ཐོག་བོད་སོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་སྐོར་གླེང་སློང་།

༢༠༢༦/༠༢/༠༩
The Millionaire media tycoon Jimmy Lai, 72, poses during an interview with AFP at the Next Digital offices in Hong Kong. June 16 2020
(Photo by Anthony WALLACE / AFP)
Mobile App

ཧོང་ཀོང་གི་དམངས་གཙོ་དོན་གཉེར་བ་ཇི་མི་ལའེ་ལགས་ལ་ལོ་ ༢༠ བཙོན་འཇུག་ཁྲིམས་ཐག་བཅད། 

༢༠༢༦/༠༢/༠༩
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་རྒྱལ་ས་ལྡི་ལིར་ཞབས་སོར་བདེ་བར་བཀོད། ལྡི་ལི་དོན་གཅོད་ཀྱི་སྐུ་པར། ༢༠༢༦།༠༢།༠༩
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཞབས་སོར་བདེ་བར་འཁོད།

༢༠༢༦/༠༢/༠༩
A-Nya Sengdra
Mobile App

ཨ་ཉག་སེང་སྒྲ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༢/༠༩

མཆན། 3

  1. བོད་ཀྱི་བུ་ཆུང་། says:
    ལོ་ 10 སྔོན།

    ༢༠༡༦ ལོའི་བོད་ཀྱི་མཛངས་མས་དངོས་གནས་བཀའ་མོལ་དེ་འདྲ་གནང་ཡོད་ན།
    ང་རང་རྗེ་བཙུན་སྒྲོལ་མ་དང་ལྷ་ལ་ཐུགས་རྗེ་ཆེ་ལབ་ཡ་ཡིན། ང་འདི་སྡིངས་ཆ་དཔེ་ཕན་པོ་ཡོད་རེད། Be couse ང་དང་འདི་ littile ཐོབ་ན་འདི་ཚོ་ང་སྐད་ཆ་ཉན་གྱི་རེད། ད་འགྲོ་ནས་བུད་མེད་དང་ young people ཡིན་ཡང་རེད། I can inspire ང་ཁོང་ཚོ་ལ་inspire and influence བྱེད་ཡག་ཡོད་རེད། ཁྱེད་རང་མི་ཚོ་ལ་meaningful བྱོས།

    Reply
  2. བསྟན་འཛིན། says:
    ལོ་ 10 སྔོན།

    བློ་བཟང་དབང་རྒྱལ་ལ་བཀའ་དྲིན་ཞུ།

    Reply
  3. ཤར་མདའ། says:
    ལོ་ 10 སྔོན།

    བོད་ཀྱི་མཛངས་མའི་འགྲན་བསྡུར་ཆེད་འཛུགས་གནང་མཁན་སྐུ་ཞབས་བློ་བཟང་དབང་རྒྱལ་ལགས་ལ་ཐོག་མར་འཚམས་འདྲི་དང་བཀྲིས་བདེ་ལེགས་ཡོད། གང་ཡིན་ཟེར་ན་བོད་ཀྱི་མཛམས་མའི་འགྲན་བསྡུར་འདི་ལ་བསམ་ཚུལ་དང་ལྟ་ཚུལ་འདོད་མཁན་སྔོན་མ་ནས་མང་པོ་བྱུང་བ་རེད་ལ་མ་ཟད་སྐྱོན་བརྗོད་བྱེད་མཁན་ཡང་བྱུང་བ་རེད། དེ་འདྲ་ཡིན་དུས་མཛམང་མ་འགྲན་བསྡུར་འདི་བོད་ཀྱི་སྤྱི་ཚོགས་ལ་དགོས་པ་ཞིག་མ་རེད་འདོད་མཁན་ཡང་བྱུང་བ་རེད། ཡང་ན་ཡང་འུ་ཅག་བོད་མི་རིགས་ཟེར་པ་འདི་སྔོན་མ་རྒྱལ་ཁབ་ལྡན་པའི་མི་རིགས་ཤིག་ཡིན་པ་ཚང་མ་ངེས་ཤེས་ཡོད་པ་ཞིག་རེད། མ་འོངས་པར་བོད་ལ་སྐྱིད་པའི་ཉི་མ་ཞིག་ཤར་ན་བོད་མི་རིགས་འདི་ལ་གཞན་དང་འགྲན་ནུས་པའི་བྱ་གཞག་ཆེ་ཆུང་གང་ཡིན་རུང་དགོས་པ་ཞིག་རེད་འདོད་ཡོད། མ་ཟད་ད་བར་བོད་ཀྱི་དཀའ་སྡུག་མང་པོ་ཞིག་འཛམ་གླིང་མི་མང་ལ་སྟོན་ཐུབ་པའི་ཐབས་ལམ་ཞིག་ཡང་རེད་འདོད་ཡོད། ད་ལྟ་བར་གྱི་མཛངས་མ་གང་མང་ཞིག་རྒྱལ་ཁབ་གཞན་པའི་མཛངས་མ་དང་མཉམ་དུ་འགྲན་བསྡུར་ནང་དུ་སོང་ནས་རྒྱ་ནག་ལ་ངོ་ཚ་བཟོས་པ་སོགས་བོད་དོན་ཁྱབ་བསྒྲགས་གནང་ཐུབ་ཡོད་པ་རེད། ཡིན་ན་ཡང་གཙོ་བོ་དབང་རྒྱལ་ལགས་ཀྱིས་དྲན་བདེན་ཐོགས་ནས་དཔྱད་འདེམས་པ་ཡག་པོ་བཙལ་ནས་གླེང་རྙོག་མེད་པ་ཞིག་གལ་ཆེན་རེད་འདོད་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese