མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྐྱབས་བཅོལ་བ་ཕྱིར་སློག་པ་ཁྲིམས་འགལ་རེད།

བོད་ཀྱི་དུས་བབ།
༢༠༡༦/༠༦/༠༣
Share on FacebookShare on TwitterShare on EmailShare on Whatsapp

གཟའ་འཁོར་འདིའི་ནང་ཡུ་རོབ་རྒྱལ་ཁབ་ཁག་ནང་འབྱོར་བའི་ཡུལ་གྱར་བ་ ༤༠,༦༦༠ ཡོད་པ་དང་མཚོ་ཐོག་ནས་རྐྱེན་ལམ་དུ་ཤོར་བའི་མི་གྲངས་ ༩༠༠ ནས་ ༧༠༠ ཡས་མས་ཟིན་གྱི་ཡོད་འདུག

Screen Shot 2016-05-31 at 10.26.18 AMདེ་རིང་ཨེ་ཕེ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་ཤོག་ངོས་སོ་ལྔ་ཅན་གྱི་གནད་བསྡུས་སྙན་ཐོ་ཞིག་བཏོན་ཏེ་ཡུ་རོབ་མཐུན་ཚོགས་དང་ཊུར་ཀི་སྤྱི་མཐུན་རྒྱལ་ཁབ་གཉིས་མཉམ་འབྲེལ་ཐོག་གྷི་རེ་སིའི་གླིང་ཕྲན་ཁག་ཏུ་འབྱོར་བའི་སྐྱབས་བཅོལ་བ་ཚོ་ཕྱིར་ཊུར་ཀིའི་རྒྱལ་ནང་དུ་སློག་པ་ནི་ཁྲིམས་འགལ་དང་མིའི་བརྩི་ཐང་ལ་རྡོག་རོལ་བཏང་བ་ཡིན་སྐོར་བརྗོད་འདུག

ཨེ་ཤེ་ཡའི་དབུས་ཁུལ་དང་ཡུ་རོབ་གླིང་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པའི་འགན་འཛིན་རྗོན་ཌལ་ཧུ་སིན་ (John Dalhuisen) ཟེར་བ་ཞིག་གིས་ཞི་ལྷིང་མེད་པའི་འབད་བརྩོན་ལ་བརྟེན་ནས་ཡུ་རོབ་མཐུན་ཚོགས་ཀྱི་ངོས་ནས་སྐྱབས་བཅོལ་བ་འགོག་སྡོམ་བྱེད་པ་ནི་རྒྱལ་སྤྱིའི་ཁྲིམས་ལུགས་དང་མི་མཐུན་ཞིང་། ཡུ་རོབ་སྤྱི་མཐུན་ཚོགས་པས་རང་ཤེད་ཀྱི་སྒོ་ནས་ཊུར་ཀིའི་རྒྱལ་ནང་དུ་འབྱུང་བཞིན་པའི་དངོས་ཡོད་གནས་སྟངས་ལོག་འགྲེལ་བྱེད་ཀྱི་ཡོད་སྐོར་བརྗོད་ཅིང་། རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་ཊུར་ཀིའི་རྒྱལ་ནང་དུ་སྐྱབས་བཅོལ་བར་སྣེ་ལེན་བྱེད་པའི་སྟོབས་ཤུགས་དང་བདེ་འཇགས་གང་ཡང་མེད་སྐོར་བརྗོད་འདུག

གནས་ཚུལ་ལྟར་ན། དེང་སྐབས་ཊུར་ཀིའི་སྲིད་གཞུང་གིས་སྐྱབས་བཅོལ་བ་ས་ཡ་ ༣ ལ་སྣེ་ལེན་བྱས་ཡོད་པའི་གྲས་སུ་སི་རི་ཡའི་སྐྱབས་བཅོལ་བ་ས་ཡ་ ༢.༧༥ ཡོད་པ་དང་། ཊུར་ཀིའི་སྲིད་གཞུང་གིས་ཡུ་རོབ་མཐུན་ཚོགས་དང་མཉམ་འབྲེལ་གྲོས་ཆོད་གཞིར་བཟུང་ཐོག་མུ་མཐུད་སྐྱབས་བཅོལ་བར་སྣེ་ལེན་ཐུབ་པའི་རེ་བ་བྱེད་ཀྱིན་ཡོད་ཅིང་། འདི་ལོའི་ཕྱི་ཟླ་ ༣ པའི་ཚེས་ ༢༠ རྗེས་སུ་ཊུར་ཀི་སྤྱི་མཐུན་རྒྱལ་ཁབ་ནས་གྷི་རེ་སིའི་གླིང་ཕྲན་ཁག་ཏུ་འབྱོར་བའི་སྐྱབས་བཅོལ་བ་ཚོ་ཕྱིར་ཊུར་ཀིའི་རྒྱལ་ནང་དུ་ལེན་འཆར་ཡོད་པ་མ་ཟད། ཡུ་རོབ་མཐུན་ཚོགས་ཀྱི་གྲོས་ཆོད་ལྟར་ཊུར་ཀིའི་སྲིད་གཞུང་གིས་ཡུ་རོབ་མཐུན་གྱི་རོགས་དངུལ་ཡུ་སྒོར་ཐེར་འབུམ་ ༦ དང་རང་དབང་འགྲུལ་སྐྱོད་ཀྱི་མཐོང་མཆན་སོགས་རག་ཐབས་བྱེད་ཀྱིན་ཡོད་འདུག

གཞན། གཟའ་འཁོར་འདིའི་ནང་ཡུལ་བྱོལ་བ་ ༤༠,༦༦༠ ཡུ་རོབ་རྒྱལ་ཁབ་ཁག་ནང་འབྱོར་ཡོད་ནའང་། རེས་གཟའ་པ་སངས་ཉིན་ཡུལ་བྱོལ་བ་ ༧༠༠ ཙམ་ཡོད་པའི་གྲུ་གཟིངས་ཤིག་གྷི་རེ་སིའི་གླིང་ཕྲན་ཁ་རི་ཊི་ (Crete) ནང་ནུབ་པའི་གྲས་ནས་མི་ ༢༥༠ སྐྱོབ་ཐུབ་ཡོད་ནའང་། ད་དུང་ཡུལ་གྱར་བ་བརྒྱ་ཕྲག་མང་པོ་བོར་བརླག་ཐེབས་ཡོད་པ་དང་། ཉེ་ལམ་ནས་ཡུ་རོབ་རྒྱལ་ཁབ་ཁག་ནང་སྐྱབས་བཅོལ་དུ་ཡོང་མཁན་མང་ཆེ་བ་སུ་ཌན་ (Sudan) དང་ནེ་གྷི་རེ་ཡ་ (Nigeria)། ཨི་རེ་ཊ་རི་ (Eritrea) སོགས་གཙོས་པའི་ནུབ་ཨ་ཧྥི་རེ་ཁའི་རྒྱལ་ཁབ་ཁག་ནས་ཡིན་ཞིང་། ཡུལ་བྱོལ་བ་དེ་ཚོས་ལེ་བྷི་ཡའི་ (Libya) གྲོང་ཁྱེར་སབ་བྷ་ར་ཐ་ (Sabratha) ནས་ཨ་སྒོར་སྟོང་ཕྲག་མང་པོ་བྱིན་ཏེ་གླས་པའི་གྲུ་གཟིངས་མང་ཆེ་བ་མཚོ་ཐོག་ནག་ཚོང་གཉེར་མཁན་ཚོའི་གྲུ་གཟིངས་ཡིན་པ་དང་། ནག་ཚོང་གཉེར་མཁན་ཚོས་མཚོ་ལམ་ནས་ཡུལ་བྱོལ་བའི་གྲས་ཀྱི་ལོ་ཆུང་བྱིས་པ་དང་བུད་མེད་ཚོར་བཙན་གཡེམ་དང་མནར་གཅོད་གཏོང་མུས་ཡིན་འདུག

གསར་འགོད་པ། པདྨ་རྒྱལ།

འབྲེལ་ཡོད་གསར་འགྱུར།

བོད་ཀྱི་ཟློས་གར་ཚོགས་པའི་ནང་མོན་ཡུལ་གྱི་སློབ་ཕྲུག་ ༡༢ རིན་མེད་ཐོག་སློབ་འཇུག་གནང་།
Mobile App

མོན་ཡུལ་གྱི་སློབ་ཕྲུག་ ༡༢ རིན་མེད་ཐོག་བོད་ཀྱི་ཟློས་གར་ཚོགས་པའི་ནང་སློབ་འཇུག་གནང་།

ཆུ་ཚོད་ ༣ སྔོན་ལ།
Uncategorized

ངའི་མཐོང་ལམ་གྱི་མདོ་སྨད་སྤྱི་འཐུས་ཆོས་གྲགས་རྒྱ་མཚོ།

ཆུ་ཚོད་ ༩ སྔོན་ལ།
Launch of Tibetan Arts Council. Photo: Tibetan Art Council
Mobile App

བོད་ཀྱི་སྒྱུ་རྩལ་མཐུན་ཚོགས་གསར་འཛུགས་གནང་བའི་གསར་འགོད་བསྒྲགས་གཏམ་སྤེལ།

༢༠༢༦/༠༤/༡༥
Advertisement for App

ཨ་ཀྱཱ་བློ་བཟང་བསྟན་འཛིན་མཆོག་གི་ཕྱག་དེབ་“ཕྱིར་དྲན་”ཞེས་པའི་བོད་ཡིག་དེབ།

༢༠༢༦/༠༤/༡༥
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་སྐབས་བཅུ་བདུན་པའི་སྤྱི་འཐུས་གྲོས་ཚོགས་ལ་བསྩལ་བའི་བཀའ་ཡིག་རིན་པོ་ཆེ། ༢༠༢༡།༡༠།༠༦
Mobile App

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོར་སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་གྱིས་གཙོས་ད་ལྟའི་ཆོས་བརྒྱུད་སྤྱི་འཐུས་ཕལ་ཆེ་བས་སྒྲོ་འདོགས་དང་སྐུར་འདེབས་མཚན་སྨད་ཚབས་ཆེན་ཞུས་པའི་དངོས་ཡོད་གནས་ཚུལ་སྙིང་བསྡུས་ངོ་སྤྲོད།

༢༠༢༦/༠༤/༡༥
བལ་ཡུལ་གྱི་ནང་སྲིད་བློན་ཆེན་གྷུ་རུང་དང་བལ་ཡུལ་རྒྱ་ནག་གཞུང་ཚབ་ཀྲང་མོ་མིན། ༢༠༢༦།༠༤།༡༣
Mobile App

བལ་ཡུལ་གཞུང་གིས་རྒྱ་ནག་ལ་རྒོལ་བའི་ལས་འགུལ་རིགས་ལ་བཀག་སྡོམ་བྱ་རྒྱུ་ཡིན་པའི་ཁས་ལེན་གནང་།

༢༠༢༦/༠༤/༡༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese