མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་ཁོར་ཡུག་སྔོག་གཏོར་ཚབས་ཆེ་རུ་འགྲོ་གཞིན་འདུག

བོད་ཀྱི་དུས་བབ།
༢༠༡༦/༠༦/༠༨
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་བོད་ནང་གཏེར་ཁ་སྔོག་འདོན་བྱས་པའི་མི་ཚད་ས་གནས་མི་མང་ལ་རྡུང་རྡེག་གཏོང་གི་ཡོད་པའི་བྱ་སྤྱོད་དེ་དག་རྒྱལ་སྤྱིའི་ཁྲིམས་ལུགས་དང་རྒྱ་ནག་གི་རྩ་ཁྲིམས། བོད་པའི་ཆོས་དད་སོགས་ལའང་འགལ་བཞིན་ཡོད་སྟབས་ངེས་པར་དུ་ཁྲིམས་ལུགས་དང་མཐུན་པ་གནང་རོགས་ཟེར།

IMG_1834ཟླ་འདིའི་ཚེས་ ༨ ཉིན། གངས་སྐྱིད་ལྷག་པ་ཚེ་རིང་ཚོགས་ཁང་དུ། བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱིས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཏེ། རྒྱ་ནག་གཞུང་གིས་བོད་ནང་གི་ཁོར་ཡུག་སྔོག་གཏོར་དང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པའི་གནས་སྟངས་ཛ་དྲག་ཆགས་ཡོད་སྐོར་བརྗོད་སོང་།

གསར་འགོད་གསལ་བསྒྲགས་ཐོག་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་གསུངས་དོན། ངས་རྒྱུན་པར་རྒྱ་ནག་གཞུང་གིས་བོད་ནང་གི་ཁོར་ཡུག་ཐོག་འཛིན་པའི་སྲིད་ཇུས་དང་ལས་འཆར་ག་འདྲ་ཞིག་ལག་བསྟར་བྱས་ཀྱང་། དང་པོ། ཁོར་ཡུག་གི་ཡུལ་མི་ཚོར་ངོས་མཐུན་ཡོད་པ་དང་། གཉིས་པ། བོད་མིའི་ཆོས་དང་རིག་གཞུང་ལ་གུས་བརྩི་ཆེ་བ། གསུམ་པ། དཔལ་འབྱོར་ཐོག་ནས་མི་མང་ལ་ཁེ་ཕན་ཡོད་པ། བཞི་བ། ཁྲིམས་མཐུན་དང་མི་མང་གི་མོས་མཐུན་ཡོད་པའི་ཐོག་ནས་སྲིད་ཇུས་དང་ལས་འཆར་སྤེལ་དགོས་པ་རེད་ཅེས་ཤོད་སྡོད་ཀྱིན་ཡོད། དོན་ཚན་བཞི་དེ་གཞིར་བཞག་པའི་ཐོག་ནས་ཉེ་ལམ་མི་ཉག་ལྷ་སྒང་གར་རྒྱས་ཁར་བྱུང་བའི་དཀའ་རྙོག་དང་། ད་ཆར་མདོ་སྨད་བླ་བྲང་ཨ་མཆོག་ཡུལ་དུ་བྱུང་བའི་གནད་དོན་་དེ་དག་རྒྱ་ནག་གཞུང་ནས་མི་མང་གི་མངོན་འདོད་བརྩིས་མེད་བཏང་སྟེ་གཏེར་ཁ་སྔོག་པ་ཞིག་ཡིན་སྟབས་མི་མང་གིས་ངོ་རྒོལ་བྱེད་ཀྱིན་ཡོད་པ་རེད། དང་པོ་དེ་ཁོར་ཡུག་རྒྱུན་གནས་ཐུབ་པ་ཞིག་དགོས་པ་རེད། དེ་མེད་པའི་ཐོག་ནས་གཏེར་ཁ་སྔོག་སྟངས་དང་རྫས་ལུད་བེད་སྤྱོད་སྟངས་གང་ཅིའི་ཐད་ནས་འཕྲལ་ཕུགས་རྒྱང་གསུམ་ལ་གནོད་སྐྱོན་ཆེན་པོ་ཡོད་སྟབས་མི་མང་གིས་ངོ་རྒོལ་བྱེད་ཀྱིན་ཡོད་པ་རེད། གཉིས་པ་དེ་ཆོས་དང་རིག་གཞུང་ལ་གུས་བརྩི་བྱེད་དགོས་པ་གལ་ཆེན་པོ་རེད། བོད་ནང་དུ་ང་ཚོའི་གནས་རི་མང་པོ་ཡོད་པ་རེད། བོད་ནང་དུ་གནས་རི་མང་པོ་ཞེ་དྲགས་ཡོད་པ་དེའི་སྒང་ནས་གཏེར་ཁ་སྔོག་པ་ཡིན་ན། མི་མང་གི་འཚོ་བ་དང་མི་མང་གི་བསམ་བློའི་ནང་ལ་དོ་ཕོག་ཆེན་པོ་འགྲོ་གི་ཡོད་པ་རེད། དཔལ་འབྱོར་ཐོག་ཡིན་ནའང་ས་གནས་མི་མང་ལ་ཕན་པ་ཞིག་ཡོང་དགོས་ཀྱི་ཡོད་པ་རེད། ད་ལྟའི་བར་དུ་བོད་ནང་དུ་གཏེར་ཁ་བསྔོགས་པ་དང་ཤིང་ནགས་བཅད་པ། ཆུ་རགས་བརྒྱབ་པ་གང་ཞིག་ཡིན་ཡང་ས་གནས་མི་མང་ལ་དཔལ་འབྱོར་ཐོག་ནས་ཁེ་ཕན་ཡོད་པ་ཕར་ཞོག རྒྱ་ནག་གི་གཏེར་ཁ་འདོན་ཚན་པ་དང་རྒྱ་ནག་གི་ཚོང་པ་ཚོས་གཏེར་ཁ་སྔོག་པ་དང་ཤིང་ནགས་གཅོད་སྐབས་རྫས་རིགས་འདྲ་མིན་བེད་སྤྱོད་བཏང་སྟེ་ས་གཞི་འཕྲོ་བརླག་ཏུ་གཏོང་གི་ཡོད། སྤྱིར་བཏང་གཏེར་ཁ་སྔོག་པ་ཡིན་ན་དཔལ་འབྱོར་ཐོག་ནས་ས་གནས་མི་མང་ལ་ཁེ་ཕན་ངེས་པར་དུ་འཐོབ་དགོས་ཀྱང་། ད་ལྟའི་ཆར་ཁེ་ཕན་གང་ཡང་རེག་གི་མེད་པར་མི་མང་གི་འཚོ་བར་གནོད་སྐྱོན་ཆེན་པོ་ཕོག་གི་ཡོད་པ་རེད། གོང་ཞུས་དོན་ཚན་བཞི་དེ་དག་ལག་ལེན་མ་བསྟར་བའི་ཐོག་ནས་གཏེར་ཁ་སྔོག་ཡོང་དུས་བླ་བྲང་ཨ་མཆོག་གི་མི་མང་གིས་རང་བཞིན་གྱིས་ངོ་རྒོལ་བྱེད་ཀྱིན་ཡོད་པ་རེད། རྒྱ་ནག་གཞུང་གིས་ཁྲིམས་དང་མཐུན་པ། ཡ་རབས་བཟང་སྤྱོད་དང་མཐུན་པའི་ཐོག་ནས་འགྲེལ་བཤད་རྒྱག་རྒྱུ་མེད་སྟབས་ངོ་རྒོལ་བ་ཚོར་མ་ཉེས་ཁ་གཡོག་བྱེད་ཀྱི་ཡོད་པ་རེད། ཉེ་ཆར་ས་གནས་ཀྱི་གསར་འགོད་གསལ་བསྒྲགས་ཤིག་གི་ནང་ག་རེ་འཁོད་འདུག་ཟེར་ན། ཕྱི་ནང་ལག་པ་མཉམ་འབྲེལ་བྱས་ཏེ་མི་མང་གིས་ངོ་རྒོལ་བྱེད་ཀྱི་འདུག་ཅེས་འཁོད་འདུག བོད་མིའི་སྒྲིག་འཛུགས་དང་ལག་འབྲེལ་མེད་པ་བཤད་མ་དགོས་པ་རེད། ད་ལྟའི་བར་བོད་ནང་དུ་ངོ་རྒོལ་དེ་འདྲ་མང་པོ་ཞིག་བྱུང་བ་རེད། དེ་ཚང་མ་རྒྱ་གཞུང་གིས་བོད་ནང་བོད་མི་ཚོར་མནར་གཅོད་དང་གདུག་རྩུབ། དབྱེ་འབྱེད་བྱས་པར་བརྟེན་ནས་བྱུང་བ་གསལ་བོ་རེད། བོད་མི་ཚོའི་བདེ་སྡུག་ལ་ལྟ་རྒྱུ་དང་བོད་མི་ཚོའི་མངོན་འདོད་བསྒྲུབ་རྒྱུའི་འགན་དེ་བོད་མིའི་སྒྲིག་འཛུགས་ལ་ཡོད་པ་རེད། འོན་ཀྱང་རྒྱ་གཞུང་གིས་མ་ཉེས་ཁ་གཡོག་གི་ཐོག་ནས་སྐྱོན་བརྗོད་བྱེད་ཀྱིན་ཡོད་པ་རེད། ཅེས་གསུངས་སོང་།

ཁོང་གིས་མུ་མཐུད་དུ་གསུངས་དོན། ད་ཆར་རྒྱ་ནག་གཞུང་གིས་བླ་བྲང་ཨ་མཆོག་གི་ཡུལ་མི་གཉིས་ལ་རྡུང་རྡེག་བཏང་སྟེ་སྨན་ཁང་དུ་བསྐྱལ་ཡོད་པ་དང་། ཡུལ་མི་ཁ་ཤས་འཛིན་བཟུང་བྱས་པའི་གནས་ཚུལ་ཐོན་ཡོད་པ་དེ་དག་ཁོར་ཡུག་གི་ཁྲིམས་སྒྲིག་གཞི་དང་འགལ་ཡོད་པ་མ་ཟད། འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་དང་འགལ་ཡོད་ལ། རྒྱལ་སྤྱིའི་ཁྲིམས་དང་འགལ་བ། རྒྱ་ནག་གི་རྩ་ཁྲིམས་ལའང་འགལ་ཡོད་སྟབས། དེ་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱེད་ཀྱིན་ཡོད། རྒྱ་ནག་གཞུང་གིས་ཉེ་ཆར་མི་ཉག་ཏུ་བྱུང་བའི་གསར་འགོད་གསལ་བསྒྲགས་ནང་ག་རེ་འཁོད་འདུག་ཟེར་ན། མི་མང་གིས་ངོ་རྒོལ་བྱས་པ་དེར་ཞིབ་འཇུག་བྱས་སྐབས་ཁོར་ཡུག་ལ་གནོད་སྐྱོན་ཡོད་པ་དང་། མི་མང་གི་མོས་མཐུན་མེད་པའི་བསམ་ཚུལ་ལ་བརྟེན་ནས་གནས་སྐབས་སུ་གཏེར་ཁ་སྔོག་རྒྱུ་མཚམས་འཇོག་རྒྱུ་ཡིན་ཞེས་འཁོད་འདུག གནས་སྐབས་རིང་ཞེས་འཕྲལ་སེལ་ཞིག་ཆགས་ཡོད་སྟབས། དེའི་རྗེས་ལ་ག་རེ་བྱེད་མིན་ཧ་གོ་ཡི་ཡོད་པ་མ་རེད། བླ་བྲང་ཨ་མཆོག་ཏུ་བྱུང་བའི་གནས་སྟངས་ཐད་ནས་ཡིན་ནའང་། ཁོར་ཡུག་ལ་མི་གནོད་པ་དང་མི་མང་གི་མོས་མཐུན་དགོས་པ། ཁྲིམས་མཐུན་དགོས་པ་སོགས་གལ་ཆེན་པོ་ཡིན་པ་དེ་རྒྱ་ནག་གཞུང་གིས་ངོས་ཟིན་པའི་ཐོག་ནས་ལག་ལེན་བསྟར་བའི་རེ་བ་ཞུ་རྒྱུ་ཡིན། མ་ཉེས་ཁ་གཡོག་རིགས་ལ་རྩ་བ་ནས་མོས་མཐུན་མེད། རང་ལུས་མེར་བསྲེགས་གཏོང་མཁན་བོད་མི་གཉིས་ཀྱིས་ཆེད་མངགས་གཏེར་འདོན་སྔོན་འགོག་ཆེད་དུ་རང་ལུས་མེར་བསྲེགས་བཏང་གནང་ཡོད་པ་དང་། ཁོང་གཉིས་ཀྱི་ཁ་ཆེམས་ནང་དུའང་བོད་ནང་གི་གཏེར་རི་སྔོག་གཏོར་དང་འབྲེལ་བའི་ཐོག་ནས་ཡིན་ཞེས་གསལ་བོར་འཁོད་ཡོད་པ་རེད། དེ་དག་རྒྱ་ནག་གཞུང་གིས་མཁྱེན་དགོས་པ་གལ་ཆེན་པ་རེད། ཅེས་གསུངས་སོང་།

ཕྱི་དྲིལ་ཁོར་ཡུག་ཚན་པའི་འགན་འཛིན་བསྟན་པ་རྒྱལ་མཚན་ལགས་ཀྱིས་ ༢༠༠༩ ལོ་ནས་ད་ལྟའི་བར་དུ་བོད་ནང་གི་གཏེར་རི་སྔོག་གཏོར་དང་འབྲེལ་བའི་ཞི་བའི་ངོ་རྒོལ་ཐེངས་ ༣༠ ལྷག་བྱུང་འདུག་ལ། དམིགས་བསལ་ད་ལོར་གཏེར་རི་སྔོག་གཏོར་མི་ཆོག་པའི་ཞི་བའི་ངོ་རྒོལ་ལས་འགུལ་མང་པོ་བྱུང་འདུག ཉེ་ལམ་མི་ཉག་ལྷ་སྒང་གར་རྒྱས་ཁ་རུ་རྒྱ་ནག་གཞུང་གི་ཆེད་མངགས་གཏེར་འདོན་ཚན་པས་གཏེར་ཁ་སྔོག་སྐབས་རྒྱུག་ཆུའི་ནང་རྫས་འགྱུར་བླུགས་པའི་རྐྱེན་གྱིས། ཆུ་ནང་གི་ཉ་རིགས་མང་པོ་ཤི་བ་དང་། ས་གནས་བོད་མི་བརྒྱ་ཕྲག་མང་པོ་འདུ་འཛོམས་ཀྱིས་ཉིན་གཉིས་རིང་ཞི་བའི་ངོ་རྒོལ་བྱས་པར་བརྟེན་ནས་ས་གནས་སྲིད་གཞུང་དང་ས་གནས་རང་སྐྱོང་ཁུལ་ནས་གསལ་བསྒྲགས་ཤིག་སྤེལ་ཏེ། ཁོར་ཡུག་ལ་དོ་ཕོག་ཡོང་གི་ཡོད་སྟབས་གནས་སྐབས་སུ་གཏེར་ཁ་སྔོག་འདོན་མཚམས་འཇོག་བྱས་ཡོད་ཀྱང་། དེ་རྒྱ་ནག་གཞུང་གིས་དངོས་གནས་ཁོར་ཡུག་སྲུང་སྐྱོབ་དང་མི་མང་ལ་ཕན་པའི་ལས་ཀ་ཞིག་ཡིན་མིན་དོགས་པ་ཡོད། རྒྱུ་མཚན་ནི། གནས་ཚུལ་དེ་དང་གཅིག་མཚུངས་མང་པོ་ཞིག་ཕྱི་ལོ་ ༢༠༡༡ དང་ ༢༠༡༣ ནང་བྱུང་ཡོད་ནའང་། དེ་དོན་ལ་རྒྱ་ནག་གཞུང་གིས་ཡ་ལན་གང་ཡང་སྤྲད་མེད་པ་རེད། ད་ལྟའི་ཛ་དྲགས་ཀྱི་གནས་སྟངས་ཤིག་ནི་མདོ་སྨད་བླ་བྲང་ཨ་མཆོག་ནས་མི་མང་གི་གཏེར་རི་སྔོག་གཏོར་མི་ཆོག་པའི་ཞི་བའི་ལས་འགུལ་ཉིན་དགུ་རིང་སྤེལ་བ་དང་། ད་དུང་མུ་མཐུད་ནས་སྤེལ་བཞིན་ཡོད་སྟབས། རྒྱ་གཞུང་གིས་ས་གནས་བོད་མི་ཚོར་ཕན་པའི་བརྡ་ལན་ཞིག་སྤྲོད་ཀྱི་མེད་པ་ཧ་ཅང་གསལ་བོ་རེད། ཅེས་བརྗོད་སོང་།

གསར་འགོད་པ། པདྨ་རྒྱལ།

འབྲེལ་ཡོད་གསར་འགྱུར།

The expanded list bars Pentagon-funded researchers from collaborating with listed institutions or using their equipment under new rules. Photo: Handout
Mobile App

ཨ་རིས་རྒྱ་ནག་གི་མཉམ་འབྲེལ་ཞིབ་འཇུག་ལས་དོན་ལ་དོགས་ཟོན་བྱ་དགོས་པའི་བཀོད་ཁྱབ་བཏང་།

ཆུ་ཚོད་ ༡༢ སྔོན་ལ།
ཉེ་ལམ་རྒྱ་ནག་གིས་བླ་རུང་སྒར་གཏོར་བཤིག་གཏོང་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གཞུང་གིས་བླ་རུང་སྒར་དུ་དམག་མི་འབོར་ཆེན་བཀྲམ་ནས་དམ་དྲག་ཤུགས་ཆེན་བྱེད་ཀྱིན་འདུག 

ཆུ་ཚོད་ ༡༤ སྔོན་ལ།
གཏན་ཉིན་སློབ་གྲྭ་ཁག་གི་རིགས་ལམ་འདུ་འཛོམས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༡༧
Mobile App

གཏན་ཉིན་སློབ་གྲྭ་བཅོ་ལྔ་ཡི་རིགས་ལམ་འདུ་འཛོམས་འཚོག་བཞིན་འདུག 

༢༠༢༦/༠༨/༡༧
Mobile App

རྒྱ་ནག་གིས་ནེའུ་ཛི་ལན་ཌིའི་བོད་མི་ཚོར་འཇིགས་སྐུལ་བྱེད་བཞིན་འདུག

༢༠༢༦/༠༨/༡༧
Mobile App

ཡུན་རིང་བའི་རྩ་དོན་འཐབ་རྩོད་ཁྲོད་འབྱུང་ངེས་པའི་ནང་ཁུལ་རྩོད་རྙོག

༢༠༢༦/༠༨/༡༧
Mobile App

མཉམ་འབྲེལ་རྒྱལ་ཚོགས་ནང་ཟུར་ཉན་ཚོགས་མིའི་གནས་བབ།

༢༠༢༦/༠༨/༡༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese