མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མཱ་ཡེན་ཇོ་ཧོང་ཀོང་ནང་སྐོར་སྐྱོད་བཀག་སྡོམ།

བོད་ཀྱི་དུས་བབ།
༢༠༡༦/༠༦/༡༣
Share on FacebookShare on TwitterShare on EmailShare on Whatsapp

ཐའེ་ཝན་སྲིད་འཛིན་ལས་ཁུངས་ནས་བསྒྲགས་གཏམ་ཞིག་སྤེལ་ཏེ་ཧོང་ཀོང་ནི་ཆབ་སྲིད་ཀྱི་ཚོར་ཤུགས་སྐྱེན་པའི་ས་ཁུལ་ཞིག་ཡིན་སྟབས་ཐའེ་ཝན་མཚོ་འགག་གི་བདེ་འཇགས་འགན་སྲུང་སླད་དུ་མཱ་ཡེན་ཇོ་ཧོང་ཀོང་ནང་སྐོར་སྐྱོད་མི་ཆོག་ཟེར།

chrome_2016-06-13_10-37-09-1དེ་རིང་རོའུ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཐའེ་ཝན་མཚོ་འགག་གི་སྲིད་གཞུང་གསར་བས་ཐའེ་ཝན་མཚོ་འགག་གི་བདེ་འཇགས་སླད་དུ་གོ་མན་ཏང་སྲིད་གཞུང་གི་སྲིད་འཛིན་ཟུར་བ་མཱ་ཡེན་ཇོ་ཧོང་ཀོང་སྲིད་འཛིན་ས་ཁུལ་ནང་སྐོར་སྐྱོད་མི་ཆོག་པའི་སྐྱོན་བརྗོད་བྱས་ཡོད་འདུག

ཐའེ་ཝན་གོ་མན་ཏང་སྲིད་འཛིན་ལས་ཁུངས་ནས་སྐུ་ཞབས་མཱ་ཡེན་ཇོ་ཧོང་ཀོང་སྲིད་འཛིན་ས་ཁུལ་དུ་སྐོར་སྐྱོད་ལས་གཞི་དེས་ཐའེ་ཝན་མཚོ་འགག་གི་ཆབ་དང་སྤྱི་ཚོགས་ལ་ཕན་གནོད་གང་ཡང་མེད་ལུགས་བཤད་ཅིང་། ལྕམ་ཚའེ་ཡེན་ཝན་གྱི་སྲིད་འཛིན་ལས་ཁུངས་ནས་གླེང་གཞི་དེའི་ཐད་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཏེ། ཧོང་ཀོང་ནི་ཆབ་སྲིད་ཀྱི་ཚོར་ཤུགས་སྐྱེན་པའི་ས་ཁུལ་ཞིག་ཡིན་སྟབས། ཐའེ་ཝན་མཚོ་འགག་ལ་འཕྲད་བཞིན་པའི་རྒྱལ་སྤྱིའི་གནས་བབ་དང་། ཐའེ་ཝན་མཚོ་འགག་གི་བདེ་འཇགས་དང་ཁེ་ལས་སོགས་འགན་སྲུང་བྱེད་ཆེད་སྐུ་ཞབས་མཱ་ཡེན་ཇོ་ཡི་སྐོར་སྐྱོད་བཀག་སྡོམ་བྱས་པ་ཡིན་སྐོར་བརྗོད་འདུག

ཡང་ཧོང་ཀོང་རང་དབང་གསར་ཁང་གིས་སྤེལ་བའི་གནས་ཚུལ་ཞིག་གི་ནང་། གོ་མན་ཏང་སྲིད་འཛིན་ལས་ཁུངས་ནས་སྐུ་ཞབས་མཱ་ཡེན་ཇོ་ཡི་སྐོར་སྐྱོད་བཀག་སྡོམ་བྱས་པ་དེ་ནི་ཐའེ་ཝན་མཚོ་འགག་གི་སྲིད་འཛིན་ཟུར་བར་གུས་བརྩི་མ་བྱས་པ་དང་། བྱ་སྤྱོད་དེས་ཐའེ་ཝན་མཚོ་འགག་ནི་རང་དབང་དམངས་གཙོའི་རྒྱལ་ཁབ་ཅིག་ཡིན་པའི་སྣང་བརྙན་ལ་གཏོར་བརླག་བཟོས་པ་ཡིན་ཚུལ་བཤད་འདུག

དེ་རིང་ཞོགས་པར་གོ་མན་ཏང་སྲིད་གཞུང་གི་སྲིད་འཛིན་ཟུར་བ་མཱ་ཡེན་ཇོ་ཡིས་ཐའེ་ཝན་དབུས་བརྙན་འཕྲིན་ཁང་གཙོས་པའི་གནས་འཕྲིན་བརྒྱུད་ལམ་ཁག་གི་གསར་འགོད་པར། ང་ཧོང་ཀོང་ནང་སྐོར་སྐྱོད་མི་ཆོག་པའི་ཐག་གཅོད་དེའི་ཐད་སྤྱི་དམངས་ནང་གླེང་གཞི་སྣ་ཚོགས་ཡོང་གི་ཡོད་པ་རེད། ཐག་གཅོད་དེ་དགོས་ངེས་ཤིག་ཡིན་ནམ། དེ་དྲང་བདེན་ཞིག་ཡིན་ནམ། དེ་ལ་གནས་ལུགས་རྒྱུ་མཚན་ལྡན་ནམ། གནད་དོན་དེའི་ཐའེ་ཝན་རྒྱལ་ཡོངས་མི་མང་གིས་མཐོང་གི་ཡོད་སྟབས། སྤྱི་དམངས་ཀྱིས་གནད་དོན་དེའི་ཐོག་ཁོ་རང་ཚོའི་ལྟ་ཚུལ་དང་བསམ་ཚུལ་ཡང་དག་ཅིག་འདོན་ངེས་རེད། ཅེས་བཤད་ཡོད་སྐོར་འཁོད་འདུག

གནས་ཚུལ་ལྟར་ན། ཕྱི་ལོ་ ༡༩༤༩ ལོར་གོ་གུང་གཉིས་ཀྱི་ཟིང་འཁྲུག་ཁྲོད་མའོ་ཙེ་ཏུང་གི་དབང་སྒྱུར་འོག་གི་གུང་ཁྲན་ཏང་ལ་རྒྱལ་ཁ་ཐོབ་རྗེས། ཅང་ཅེ་ཧྲིའི་གཙོ་འཛིན་འོག་གི་ཐའེ་ཝན་གོ་མན་ཏང་དེང་གི་ཐའེ་ཝན་མཚོ་འགག་ཏུ་བྲོས་བྱོལ་དུ་བསྐྱོད་དགོས་བྱུང་བ་དང་། སྐབས་དེ་ནས་བཟུང་ཐའེ་ཝན་མཚོ་འགག་ཕྱིར་རྒྱ་ནག་གི་མངའ་འོག་ཏུ་འཇུག་རྒྱུ་ནི་དམར་ཤོག་ཚོགས་པའི་འགྱུར་མེད་དམ་བཅའ་ཡིན་པ་དང་། ཕྱི་ལོ་ ༡༩༩༧ ལོར་དེ་སྔོན་དབྱིན་ཇིའི་མི་སེར་སྤེལ་ཡུལ་དུ་གྱུར་བའི་ཧོང་ཀོང་གྲོང་ཁྱེར་རྒྱ་ནག་གཞུང་གིས་བཏོན་པའི་ “རྒྱལ་ཁབ་གཅིག་ལམ་ལུགས་གཉིས” ཀྱི་རྩ་འཛིན་འོག་ཕྱིར་རྒྱ་ནག་གི་སྲིད་དབང་འོག་རྩིས་ལེན་བྱས་པ་དང་། སྤྱིར་བཏང་རྒྱ་ནག་སྲིད་གཞུང་གིས་བཏོན་པའི” རྒྱལ་ཁབ་གཅིག་ལུགས་གཉིས” ཀྱི་རྩ་འཛིན་འོག ཧོང་ཀོང་སྲིད་འཛིན་ས་ཁུལ་ནི་དཔལ་འབྱོར་འཁོར་རྒྱུག་གི་ལྟེ་བ་ཆགས་ཀྱི་ཡིན་སྟབས། ཧོང་ཀོང་སྲིད་འཛིན་ས་ཁུལ་ནང་ཚད་མཐོའི་རང་སྐྱོང་གི་གནས་བབ་ཁས་ལེན་ཁག་ཐག་བྱས་ཡོད་ནའང་། རྒྱ་ནག་གཞུང་གི་དམ་དྲག་སྲིད་ཇུས་འོག ཧོང་ཀོང་མི་མང་གི་རང་དབང་དམངས་གཙོའི་སྲིད་འཛིན་འོས་བསྡུའི་ཁེ་ཐོབ་ཀྱི་རེ་འབོད་བསྒྲགས་ཏེ་ཁྲོམ་སྲང་གང་སར་ཞི་བའི་ངོ་རྒོལ་ལས་འགུལ་སྤེལ་མུས་ཡིན་པ་རེད།

རྒྱ་ནག་གཞུང་གིས་ཐའེ་ཝན་མཚོ་འགག་ལའང་ “རྒྱལ་ཁབ་གཅིག་ལམ་ལུགས་གཉིས” ཀྱི་ཆ་རྐྱེན་འདོན་གྱི་ཡོད་ནའང་། ཐའེ་ཝན་མཚོ་འགག་གི་དཔོན་རིགས་ཚོས་དེ་དོན་ངོས་ལེན་བྱེད་ཀྱིན་མེད་པ་རེད། དེར་མ་ཟད་གལ་ཏེ་ཐའེ་པེ་གཞུང་ནས་པེ་ཅིན་གཞུང་གིས་བཏོན་པའི་ “རྒྱ་ནག་རྒྱལ་ཁབ་གཅིག” གི་རྩ་འཛིན་འོག ཐའེ་ཝན་མཚོ་འགག་རྒྱ་ནག་གི་ཆ་ཤས་ཡིན་པར་ངོས་ལེན་མི་བྱེད་ཚེ། རྒྱ་ནག་གཞུང་གིས་ཐའེ་ཝན་མཚོ་འགག་ལ་ལྡོག་ཕྱོགས་ཀྱི་གནོན་ཤུགས་སྤྲོད་སྲིད་པའི་ཉེན་བརྡ་གཏོང་མུས་ཡིན་པ་དང་། ད་ལྟའི་ཐའེ་ཝན་མཚོ་འགག་གི་སྲིད་འཛིན་གསར་བ་ལྕམ་ཚའེ་ཡེན་ཝན་གྱིས་ “ད་ལྟའི་ཐའེ་རྒྱ་གཉིས་ཀྱི་འབྲེལ་ལམ་དང་དེའི་གནས་བབ་རྒྱུན་འཁྱོངས” བྱེད་པ་ལས་ “རྒྱ་ནག་རྒྱལ་ཁབ་གཅིག” གི་རྩ་འཛིན་ངོས་ལེན་བྱེད་ཀྱིན་མེད་པ་རེད།

གསར་འགོད་པ། པདྨ་རྒྱལ།

འབྲེལ་ཡོད་གསར་འགྱུར།

ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

༢༠༢༦/༠༦/༡༩
སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།༡༩
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་།  

༢༠༢༦/༠༦/༡༩
Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

༢༠༢༦/༠༦/༡༨
TT
Mobile App

ཨ་རི་དང་ཨི་རན་བར་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་།

༢༠༢༦/༠༦/༡༨
TT
Mobile App

༧གོང་ས་མཆོག་ནས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་མཛད། 

༢༠༢༦/༠༦/༡༧
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

༢༠༢༦/༠༦/༡༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese