མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མགོ་བཙུཊ་ནས་མཇུག་ཡག་པོ་སྐྱོང་རྒྱུ་དཔེ་གལ་ཆེན་པོ་རེད།

བོད་ཀྱི་དུས་བབ།
༢༠༡༦/༠༦/༡༥
Share on FacebookShare on TwitterShare on EmailShare on Whatsapp

ན་གཞོན་པར་པ་སྐལ་བཟང་འཇིགས་མེད་ལགས་ནས་བོད་ཀྱི་འགྲེམས་སྟོན་ཁང་དུ་པར་རིས་འགྲེམས་སྟོན་དང་པར་འགྲན་སྡུར་གྱི་ལས་གཞི་ཞིག་མགོ་བཙུགས་འདུག

IMG_2171དེ་རིང་སྔ་དྲོའི་ཆུ་ཚོད་ ༡༠ ཐོག་དྷ་ས་མེག་གྷན་བོད་ཀྱི་འགྲེམས་སྟོན་ཁང་གི་ཐོག་ཁང་དུ། བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་འགྲེམས་སྟོན་ཚན་པའི་མཐུན་འགྱུར་འོག་ན་གཞོན་ཆེད་ལས་པར་པ་སྐལ་བཟང་འཇིགས་མེད་ལགས་ནས་པར་རིས་འགྲེམས་སྟོན་དང་སྦྲགས། པར་འགྲན་སྡུར་གྱི་བྱ་འགུལ་ཞིག་དབུ་འབྱེད་གནང་སོང་བ་དང་། སྐུ་མགྲོན་གཙོ་བོ་དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་མཆོག་གིས་པར་རིས་འགྲེམས་སྟོན་གྱི་ལས་གཞི་གསར་པ་མགོ་བཙུགས་པ་དེ་དཔེ་ཡག་པོ་ཡིན་ལ། ལས་གཞི་ཞིག་མགོ་བཙུགས་རྗེས་མཇུག་ཡག་པོ་སྐྱོང་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་སྐོར་གསུངས་སོང་ལ། དབུ་འབྱེད་ཐོག་པར་པ་སྐལ་བཟང་འཇིགས་མེད་ལགས་ནས་ཁོང་རང་གིས་བྲིས་པའི་རང་བྱུང་ཁོར་ཡུག་གི་མཛེས་སྡུག་མཚོན་པའི་པར་རེ་སྐུ་མགྲོན་གཙོ་བོ་མཆོག་དང་ཕྱི་དྲིལ་འགྲེམས་སྟོན་ཚན་པའི་འགན་འཛིན་བཀྲ་ཤིས་ཕུན་ཚོགས་ལགས་གཉིས་ལ་ཕུལ་སོང་།

སྐལ་བཟང་འཇིགས་མེད་ལགས་ནས་ཐེངས་འདིའི་པར་རིས་འགྲེམས་སྟོན་དང་འགྲན་སྡུར་གྱི་དགོས་དམིགས། དེ་བཞིན་ཁོང་རང་གི་(IN FRAME)ཞེས་པའི་ལས་གཞི་ཡི་རྩ་བའི་དམིགས་ཡུལ་གཙོ་བོ་གསུམ་གྱི་སྐོར་ལ་གཏམ་བཤད་གནང་སྐབས། ལོ་ལྟར་བོད་པའི་སྤྱི་ཚོགས་ནང་པར་རིས་འགྲེམས་སྟོན་དང་པར་འགྲན་སྡུར་བྱེད་པའི་ལས་འཆར་ཡོད་ལ། དེའི་དམིགས་ཡུལ་གཙོ་བོ་ནི་བོད་པའི་སྤྱི་ཚོགས་ནང་པར་ལ་དོ་སྣང་ཡོད་མཁན་དང་པར་རྒྱག་རྒྱུར་དགའ་བོ་ཡོད་མཁན་མང་པོ་ཞེ་དྲགས་ཡོད་ཀྱང་། ཁོང་ཚོར་སྡིངས་ཆ་དཀོན་པོ་ཡིན་ལ། དམིགས་བསལ་གྱིས་བོད་པའི་སྤྱི་ཚོགས་ནང་སྡིངས་ཆ་དཀོན་པོ་ཡིན་སྟབས། པར་རིས་འགྲེམས་སྟོན་བྱས་པ་ཡིན་ན་ཁོང་ཚོར་སྡིངས་ཆ་དང་ཁོང་ཚོའི་སྒྱུ་རྩལ་གྱི་རྣམ་པ་དེ་མང་ཚོགས་ལ་སྤྱན་འབུལ་ཞུ་པའི་གོ་སྐབས་བཟང་པོ་ཞིག་ཐོབ་པའི་ཆེད་དུ་ཡིན། ཞེས་དང་། ཁོང་གི་དམིགས་བསལ་གཙོ་བོ་དང་གལ་ཆེ་ཤོས་ནི་མི་རྣམས་པར་རིས་ལྡན་པའི་དུས་དེབ་ལ་ལྟ་རྒྱུར་དགའ་བོ་ཡོད་པ་དེ་བེད་སྤྱོད་གཏོང་ཐུབ་པའི་ཆེད་དུ། (IN FRAME)ཞེས་པའི་པར་རིས་ཁོ་ནའི་དུས་དེབ་ཅིག་འདོན་འཆར་ཡོད་ཅིང་། དུས་དེབ་འདོན་ཐེངས་དང་པོ་བསྒྲིགས་ཚར་ནས་པར་སྐྲུན་གྱི་འགྲོ་གྲོན་མཁོ་སྒྲུབ་བྱེད་བཞིན་པའི་སྒང་ཡིན་སྐོར་དང་། དེ་བཞིན་པར་གསར་རྙིང་རྣམས་བསྡུ་རུབ་ཉར་ཚགས་བྱས་ཏེ་དྲ་ཐོག་བརྒྱུད་གཞན་ལ་བཙོང་ནས་ཡོང་འབབ་བསག་ཐབས་ཐོག་ཤུགས་རྒྱག་རྒྱུ་ཡིན་སྐོར་བརྗོད་སོང་།

ཡང་ཁོང་གིས། ཐེངས་འདིའི་པར་རིས་འགྲན་སྡུར་ནང་ཧྥ་རན་སི་དང་ཨོ་སི་ཊོ་ལི་ཡ། གྷི་རི་སི། དབྱིན་ལན་བཅས་ཕྱི་རྒྱལ་གྱི་རྒྱལ་ཁབ་བཞི་དང་། དམིགས་བསལ་གྱིས་བོད་ནང་ནས་མཉམ་ཞུགས་བྱེད་མཁན་ཡོད་པ་དང་། ཚོར་སྣང་ཆེ་ཤོས་ཤིག་ལ་དུས་རྒྱུན་ཚོགས་འདུ་དང་གཏམ་བཤད་སོགས་བྱ་འགུལ་ག་རེའི་ནང་དུ་ཡིན་ནའང་བོད་པའི་བུད་མེད་ཚོས་ཆ་ཤས་བླངས་བ་ཉུང་ཉུང་ཡིན་ནའང་། ད་རེས་ཀྱི་པར་རིས་འགྲན་སྡུར་ནང་བུད་མེད་གང་འཚམ་ཡོད་པ་མ་ཟད། པར་ཡང་ཡག་པོ་དེ་འདྲ་བསྐུར་ཡོད་སྐོར་བརྗོད་སོང་ལ། པར་རིས་འགྲེམས་སྟོན་དང་འགྲན་སྡུར་དེའི་ནང་པར་པ་ ༥༠ ཙམ་གྱིས་བརྒྱབ་པའི་རང་བྱུང་ཁོར་ཡུག་དང་སེམས་ཅན། མིའི་རང་བཞིན་གྱི་རྣམ་འགྱུར་དང་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་ཆས་གོས་སོགས་ཀྱི་མཛེས་པ་འབུར་དུ་ཐོན་པའི་ཁྱོན་པར་རིས་ ༦༣ ཡོད་པ་དང་། སྐུ་མགྲོན་གཙོ་བོ་མཆོག་གི་དབུས་ལྟད་མོ་བ་རྣམ་པས་སོ་སོའི་དགའ་ཕྱོགས་དང་མཐོང་སྣང་ལྟར། མི་རེས་པར་ ༤ ཙམ་རེ་འདེམས་དགོས་ཀྱི་འདུག་ལ། ལྟད་མོ་བ་ཚོས་བདམས་པའི་རྩེ་ཕུད་པར་རིས་བཞི་ལ་ལག་ཁྱེར་ཞིག་དང་བྱ་དགའི་དངུལ་བཅས་སྤྲོད་རྒྱུ་ཡིན་འདུག

སྐུ་མགྲོན་གཙོ་བོ་ཀརྨ་ཡེ་ཤེས་མཆོག་ནས་པར་གྱི་འགྲེམས་སྟོན་དེ་བྲེལ་འཚུབ་ཆེ་བའི་དེང་དུས་ཀྱི་སྤྱི་ཚོགས་ནང་གལ་ཆེན་པོ་ཡིན་སྟབས། སྐལ་བཟང་འཇིགས་མེད་ལགས་ནས་ཆེད་ལས་སློབ་སྦྱོང་གནང་བ་ལྟར་སྒེར་ངོས་ནས་ལས་གཞི་འདི་འདྲ་མགོ་བཙུགས་པར་བསྔགས་བརྗོད་དང་བྱ་བ་ལམ་ལྷོང་ཡོང་བའི་སྨོན་འདུན་དང་བཅས་ཁོང་གིས། བོད་པའི་སྤྱི་ཚོགས་ནང་པར་ལ་དོ་སྣང་མེད་མཁན་མེད་ལ། པར་ཡག་པོ་རྒྱག་གི་ཡོད་ཀྱང་། སོ་སོས་བརྒྱབ་པ་དེ་གཤམ་ནས་མི་ལ་སྟོན་མཁན་དཔེ་ཉུང་ཉུང་ཡིན་དུས། དེ་འདྲའི་ཐད་སྤྱི་ཚོགས་ནང་གཞོན་སྐྱེས་ཤིག་ཐོན་པ་དཔེ་མི་སྲིད་པའི་ཡག་པོ་ཡིན་སྐོར་དང་། པར་གྱི་དུས་དེབ་ཅིག་འདོན་འཆར་ཡོད་ལབ་པ་ལྟར་དུས་དེབ་འདོན་རྒྱུ་དེ་དཔེ་གལ་ཆེན་པོ་ཡིན་ལ། དུས་དེབ་དེ་བརྒྱུད་ནས་བོད་ཀྱི་རིག་གཞུང་དང་རྩ་དོན། དེ་བཞིན་སྐུ་མདུན་གྱི་མཛད་འཕྲིན་ཁག་ངོ་སྤྲོད་གནང་བར་ཐུགས་ཕན་ཆེན་པོ་གསོ་ཐུབ་ཀྱང་། དེ་ལས་གལ་ཆེ་བ་ནི་དུས་དེབ་དེར་གནས་སྐབས་རིང་དཔལ་འབྱོར་གྱི་དཀའ་ངལ་ཡོད་སྟབས། ཟླ་བ་གཉིས་རེར་ཐེངས་གཅིག་འདོན་མ་ཐུབ་ནའང་ལོ་གཅིག་ནང་ཐེངས་བཞི་འདྲ་པོ་བཏོན་ནས་མཇུག་སྐྱོང་རྒྱུ་དཔེ་གལ་ཆེན་པོ་ཡིན་ལ། བོད་པའི་སྤྱི་ཚོགས་ནང་དུས་དེབ་དེ་འདྲ་བཏོན་ནས་འདོན་ཐེངས་དང་པོ་དང་གཉིས་པ་དཔེ་ཚགས་ཚུད་པོ་ཡག་པོ་བཏོན་རྗེས་བར་ལམ་ཞིག་ནས་མཚམས་ཆད་འགྲོ་ཡི་ཡོད་པས། དེ་འདྲ་མ་ཡིན་པར་ད་ལྟ་གསར་པ་ཡིན་དུས་དཔལ་འབྱོར་ཐོག་དཀའ་ངལ་ཡོད་པ་རེད་དེ། དེ་འདྲའི་ཐོག་ལ་འབྲེལ་བ་བྱེད་ས་ཡོད་རྒྱུ་རེད་བསམ་གྱི་འདུག་པས། དེ་ཚོར་འབྲེལ་བ་བྱས་བཞག་ན་དོན་དག་འགྲུབ་འགྲོ་བ་དང་། དོན་དག་ཆེ་ཤོས་ལས་གཞི་དེ་མགོ་བཙུགས་ནས་མཇུག་སྐྱེལ་ཐུབ་དགོས་པ་དེ་དཔེ་མི་སྲིད་པའི་གལ་ཆེན་པོ་ཡིན་སྐོར་སོགས་གསུངས་སོང་།

ཆེད་ལས་པར་པ་སྐལ་བཟང་འཇིགས་མེད་ལགས་བོད་ཀྱི་རྒྱལ་ས་ལྷ་ས་རུ་སྐྱེས་ཤིང་། ཕྱི་ལོ་ ༡༩༩༨ ལོར་རྒྱ་གར་ནང་བཙན་བྱོལ་དུ་བསླེབས་ཏེ་མ་སུ་རི་བོད་ཁྱིམ་དང་བྷང་ལོར་རུ་( St. Josephs college)མཐོ་སློབ་ནས་མཐར་ཕྱིན་ཡོད་པ་དང་། དེའི་རྗེས་ལྡི་ལི་གསར་པ་རུ་(Paul Academy)ནང་པར་གྱི་ཐོག་སློབ་སྦྱོང་བྱས་ཡོད་འདུག ཁོང་གིས་གསར་འགོད་པར་ཐོག་མར་པར་རིས་སྒྱུ་རྩལ་ལ་སྤྲོ་སྣང་ག་འདྲ་བྱུང་བའི་སྐོར་བརྗོད་སྐབས། པར་རིས་སྒྱུ་རྩལ་དེ་སོ་སོའི་སེམས་ནང་གི་ཚོར་བ་སྟོན་བྱེད་ཀྱི་སྐད་ཡིག་ལྟ་བུ་ཞིག་ཡིན་དུས། པར་རིས་སྒྱུ་རྩལ་ཐོག་ལ་དམིགས་བསལ་གྱིས་དོ་སྣང་བྱས་པ་དང་། ལྷག་པར་དུ་བོད་པའི་སྤྱི་ཚོགས་ནང་པར་རིས་སྒྱུ་རྩལ་ཐོག་ཆེད་ལས་རང་བཞིན་ལྡན་པ་ཞེ་དྲགས་ཉུང་ཉུང་ཡིན་སྟབས། པར་རིས་སྒྱུ་རྩལ་ཐོག་ལས་ཀ་བྱས་ན་བོད་པའི་སྤྱི་ཚོགས་ནང་ཐུགས་ཕན་གསོ་ཐུབ་ས་རེད་བསམ་སྟེ། འདས་པའི་ལོ་ ༤ རིང་པར་བརྒྱབ་ནས་བསྡད་པ་ཡིན་སྐོར་བརྗོད་བྱུང་།

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

རྒྱ་ནག་གིས་བཀག་སྡོམ་བྱས་པའི་ཨ་རིའི་དམག་དོན་དང་འབྲེལ་བའི་བཟོ་ཚོང་ཁང་ ༡༠ ཡི་ལས་རྟགས། ༢༠༢༦།༦།༢༢ པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

རྒྱ་ནག་གིས་ཨ་རིའི་རྒྱལ་སྲུང་དང་འབྲེལ་བའི་བཟོ་ཚོང་ཁང་ ༡༠ བཀག་སྡོམ་བྱས།

ཆུ་ཚོད་ ༢ སྔོན་ལ།
Mobile App

ཁྲིམས་ཞིབ་པ་ཆེ་བ་ཟུར་པ་ངག་དབང་འཕེལ་རྒྱལ་ལགས་སྐུ་ཚེ་འཕེན་པ་རྫོགས།

ཆུ་ཚོད་ ༤ སྔོན་ལ།
ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

༢༠༢༦/༠༦/༡༩
སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།༡༩
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་།  

༢༠༢༦/༠༦/༡༩
Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

༢༠༢༦/༠༦/༡༨
TT
Mobile App

ཨ་རི་དང་ཨི་རན་བར་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་།

༢༠༢༦/༠༦/༡༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese