མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཀྲུའུ་ཡོང་ཁང་གི་བཟའ་ཟླ་དང་བུ་ལ་ཁྲིམས་ཐག་བཅད།

བོད་ཀྱི་དུས་བབ།
༢༠༡༦/༠༦/༡༦
Share on FacebookShare on TwitterShare on EmailShare on Whatsapp

ཀྲུའུ་ཡོང་ཁང་གི་བཟའ་ཟླ་རྒྱ་ནག་དབུས་བརྙན་འཕྲིན་ཁང་གི་གཙོ་སྐྱོང་བ་ཟུར་པ་ཅཱ་ཞོ་ཡེ་ལ་ལོ་ ༩ དང་ཀྲུའུ་ཡི་བུ་ཀྲུའུ་པེན་ལ་ལོ་ ༡༩ ཡི་ཁྲིམས་ཐག་བཅད་འདུག

Untitled-1ཁ་སང་ཧུའུ་པེ་ཞིང་ཆེན་ཡས་ཁྲང་གྲོང་ཁྱེར་འབྲིང་རིམ་ཁྲིམས་ཁང་ཟེར་བ་ཞིག་གིས། རྒྱ་ནག་དབུས་ཆབ་སྲིད་ལྷན་ཁང་གི་མགོ་ཁྲིད་ཟུར་པ་ཀྲུའུ་ཡོང་ཁང་གི་བུ་ཀྲུའུ་པེན་ལ་ཡོངས་བསྒྲགས་ཁྲིམས་ར་བསྡུས་ཏེ། ཕ་རྒན་གྱི་དབང་ཆ་ལོག་སྤྱོད་ཀྱིས་ལྐོག་རྔན་བླངས་བ་དང་སྤྱི་རྒྱུ་ཧམ་ཟ་བྱས་པ་སོགས་ཁྱོན་རྒྱ་སྒོར་དུང་ཕྱུར་ ༣.༥༠༢ བརྒལ་ཡོད་པའི་ནག་ཉེས་འོག ཁྲིམས་འགལ་གྱིས་བླངས་བའི་རྒྱ་སྒོར་དུང་ཕྱུར་ ༣.༥ ཡིས་ཉེས་ཆད་བཅད་ཡོད་པ་མ་ཟད། ལོ་ ༡༨ ཀྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་དང་། ཁྲིམས་རའི་ནང་ཀྲུའུ་པེན་གྱིས་ཁྲིམས་ཁང་གི་ཐག་གཅོད་དང་ལེན་བྱས་ཏེ་བསྐྱར་ཞིབ་ཀྱི་ཁྲིམས་གཏུག་བྱ་རྒྱུ་མིན་སྐོར་བརྗོད་ཡོད་པ་བསྒྲགས་འདུག

ཡང་ཁྲིམས་ཁང་དེས་ཀྲུའུ་ཡོང་ཁང་གི་བཟའ་ཟླ་གཉིས་པ་དང་རྒྱ་ནག་དབུས་བརྙན་འཕྲིན་ཁང་གི་གཙོ་སྐྱོང་བ་ཟུར་པ་ཅཱ་ཞོ་ཡེས་ཀྱང་སྤྱི་ཚོགས་ཐོག་གི་ཤུགས་རྐྱེན་བེད་སྤྱད་དེ་ལྐོག་རྔན་བླངས་བའི་ནག་ཉེས་འོག་ལོ་ ༩ ཡི་བཙོན་འཇུག་ཁྲིམས་ཐག་བཅད་པ་དང་། རྒྱ་སྒོར་ས་ཡ་གཅིག་གི་ཉེས་ཆད་བཅད་ཡོད་སྐོར་ཕྱིར་བསྒྲགས་བྱས་འདུག

རྒྱ་གཞུང་གིས་བསྒྲགས་པའི་གནས་ཚུལ་ལྟར་ན། ཀྲུའུ་པེན་གྱིས་ཀྲུའུ་ཡོང་ཁང་གི་ཆབ་སྲིད་དབང་ཤུགས་ལ་བརྟེན་ནས་སྒེར་གྱི་ཁེ་བཟང་བླངས་ཏེ། རྒྱ་ནག་རྒྱལ་ཡོངས་ནང་དང་ལྷག་པར་དུ་སི་ཁྲོན་ཁུལ་དུ་ཆུ་གློག་དང་རྡོ་སྣུམ། ཡུལ་སྐོར་སྤྲོ་འཆམ་སོགས་ཀྱི་ཐོག་ནས་རྒྱ་སྒོར་ས་ཡ་བརྒྱ་ཡས་མས་ཀྱིས་ཁེ་ལས་གཉེར་ཡོད་པ་དང་། ཕ་བུ་གཉིས་ཀྱིས་དབང་ཆ་ལོག་སྤྱོད་ཀྱིས་ཁྱོན་རྒྱ་སྒོར་ས་ཡ་ ༩༨ ལྷག་(༩༨༠༤.༦༦) གི་ལྐོག་རྔན་བླངས་ཡོད་སྐོར་དང་། ཀྲུའུ་ཚང་གིས་རྒྱ་ནག་ནང་ལོགས་ཙམ་མ་ཟད། ཕྱི་རྒྱལ་དུའང་གསང་བའི་ཆབ་སྲིད་དང་དཔལ་འབྱོར་གྱི་ལྟེ་བ་བཙུགས་ཡོད་སྟབས། ཕྱི་ལོ་ ༢༠༡༣ ལོའི་ལོ་མཇུག་ཏུ་ཞི་ཅིན་ཕིན་གྱི་སྟག་དང་སྤྲང་མ་མཉམ་རྡུང་གི་རྒོལ་རྡུང་ཁྲོད་ཀྲུའུ་ཡོང་ཁང་གི་བཟའ་ཟླ་དང་བུ་སོགས་ཁྱིམ་མི་མང་པོ་འཛིན་བཟུང་བྱས་ཏེ་ཞིབ་བཤེར་བྱེད་མགོ་བརྩམས་ཡོད་པ་རེད།

ཆབ་སྲིད་དཔྱད་ཞིབ་པ་ཚོས་ཀྲུའུ་ཡོང་ཁང་དང་ཁོའི་ཁྱིམ་མི་འབྲེལ་ཡོད་ཚོར་ཞིབ་བཤེར་ཁྲིམས་ཐག་བཅད་པ་དེ་ཞི་ཅིན་ཕིན་དང་ཝང་ཅི་ཧྲན་གཉིས་ཀྱི་ལྐོག་ཟ་རུལ་སུངས་ལ་རྒོལ་རྡུང་གཏོང་བའི་སྲིད་བྱུས་ཀྱི་གྲུབ་འབྲས་ཤིག་ཡིན་པ་མ་ཟད། དམག་ཤོག་ཚོགས་པ་ནང་ཁུལ་གྱི་ཆབ་སྲིད་ཀྱི་དབང་ཆ་འཕྲོག་རྩོད་ལ་ཐོབ་པའི་རྒྱལ་ཁ་ཞིག་ཀྱང་ཡིན་སྟབས། ད་ལྟ་དམར་ཤོག་ཚོགས་པའི་ནང་ཞི་ཅིན་ཕིན་གྱི་སྲིད་དབང་ལ་མངོན་གསལ་དོད་པོས་འགྲན་རྩོད་བྱེད་མཁན་ཧ་ཅང་དཀོན་པོ་ཆགས་ཡོད་སྐོར་རྗོད་ཀྱི་འདུག

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱ་ནག་གི་སྒྱུ་རྩལ་བ་གྲགས་ཅན་ཞིག་ལ་འདྲི་ཞིབ་བྱེད་ཀྱི་འདུག

ཆུ་ཚོད་ ༡༠ སྔོན་ལ།
The expanded list bars Pentagon-funded researchers from collaborating with listed institutions or using their equipment under new rules. Photo: Handout
Mobile App

ཨ་རིས་རྒྱ་ནག་གི་མཉམ་འབྲེལ་ཞིབ་འཇུག་ལས་དོན་ལ་དོགས་ཟོན་བྱ་དགོས་པའི་བཀོད་ཁྱབ་བཏང་།

༢༠༢༦/༠༨/༡༨
ཉེ་ལམ་རྒྱ་ནག་གིས་བླ་རུང་སྒར་གཏོར་བཤིག་གཏོང་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གཞུང་གིས་བླ་རུང་སྒར་དུ་དམག་མི་འབོར་ཆེན་བཀྲམ་ནས་དམ་དྲག་ཤུགས་ཆེན་བྱེད་ཀྱིན་འདུག 

༢༠༢༦/༠༨/༡༨
གཏན་ཉིན་སློབ་གྲྭ་ཁག་གི་རིགས་ལམ་འདུ་འཛོམས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༡༧
Mobile App

གཏན་ཉིན་སློབ་གྲྭ་བཅོ་ལྔ་ཡི་རིགས་ལམ་འདུ་འཛོམས་འཚོག་བཞིན་འདུག 

༢༠༢༦/༠༨/༡༧
Mobile App

རྒྱ་ནག་གིས་ནེའུ་ཛི་ལན་ཌིའི་བོད་མི་ཚོར་འཇིགས་སྐུལ་བྱེད་བཞིན་འདུག

༢༠༢༦/༠༨/༡༧
Mobile App

ཡུན་རིང་བའི་རྩ་དོན་འཐབ་རྩོད་ཁྲོད་འབྱུང་ངེས་པའི་ནང་ཁུལ་རྩོད་རྙོག

༢༠༢༦/༠༨/༡༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese