མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་རིགས་ཚོང་པས་བོད་ཀྱི་གླ་བ་ལྐོག་གསོད་བྱས།

བོད་ཀྱི་དུས་བབ།
༢༠༡༦/༠༦/༢༤
Share on FacebookShare on TwitterShare on EmailShare on Whatsapp

སྡེ་དགེ་རྫོང་སྨན་ཤོད་མདའ་མའི་བོད་མི་ཚོས་རྒྱ་རིགས་ཚོང་པ་འགས་རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་སྲུང་སྐྱོབ་སྲོག་ཆགས་གླ་བ་ལྐོག་གསོད་བྱས་པའི་ཉེས་དོན་ས་གནས་སྲིད་གཞུང་ལ་ཡར་ཞུ་བྱས་ཡོད་ཀྱང་གནད་དོན་ཆེན་པོ་གང་ཡང་མིན་ལུགས་བརྗོད་དེ་སྣང་མེད་དུ་བཞག་ཡོད་འདུག

Untitled-1འདི་གར་སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་ཀྱི་ཚོགས་གཙོ་འཆམ་ར་དྲི་མེད་རྒྱལ་མཚན་ལགས་ཀྱིས་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༢༢ ཉིན་སྡེ་དགེ་རྫོང་སྨན་ཤོད་མདའ་མ་ཡུལ་ཚོ། རྩེ་ཐང་གྲོང་རྡལ་དུ་གནས་སྡོད་བྱས་ཡོད་པའི་རྒྱ་མི་ཚོང་པ་འགའ་ཉེ་འཁྲིས་ཀྱི་ནགས་རི་ནས་མར་བབས་ཡོང་བ་ས་གནས་བོད་མི་ཁག་ཅིག་གིས་མཐོང་སྟེ། ཁོ་ཚོ་ནགས་རིའི་ནང་ག་རེ་བྱེད་དུ་སོང་བ་ཡིན་ནམ་སྙམ་ཏེ་རི་བཤེར་བྱེད་དུ་འགྲོ་སྐབས། རི་ངོས་ཆུང་ཆུང་ཞིག་ནས་ལྕགས་རྙིར་ཚུད་པའི་གླ་རོ་ ༡༣ ཙམ་དང་བྱ་གོ་བོ་གཅིག་གི་རོ་བཅས་རྙེད་ཡོད་པ་མ་ཟད། ནགས་རིའི་ནང་བཞག་པའི་ལྕགས་ཀྱི་རྙི་ཐག་མང་པོ་རྙེད་སོན་བྱུང་ཡོད་སྟབས། དེ་མ་ཐག་བོད་མི་ཚོས་ས་གནས་སྲིད་གཞུང་དང་ཉེན་རྟོག་པར་ཁྲིམས་མེད་ལུགས་མེད་ཀྱི་ཉེས་དོན་ཡར་ཞུ་བྱས་ཡོད་པ་མ་ཟད། ཉེས་ཅན་རྒྱ་མི་གཉིས་བྲོས་ཚར་ཡོད་ཀྱང་བཟའ་ཟླ་ས་གནས་སུ་ཡོད་པས་འཕྲལ་དུ་འཛིན་བཟུང་བྱེད་དགོས་པའི་རེ་སྐུལ་བྱེད་སྐབས། ཉེན་རྟོག་པ་ཞིག་གིས་གླ་བ་བསད་པ་དེ་ནག་ཉེས་ཆེན་པོ་གང་ཡང་མིན་སྐོར་དང་། ཉེས་ཅན་བྲོས་ཚར་ཡོད་ནའང་བཟའ་ཟླ་མི་འབྲོ་བར་ཁག་ཐེག་བྱས་ཏེ་རྒྱ་སྒོར་ ༥༠ གཏའ་མར་འཇོག་རྒྱུ་ཡིན་པས། བཟའ་ཟླ་འཛིན་བཟུང་དང་འདྲི་རྩད་བྱེད་མི་ཆོག་པའི་བཀའ་རྒྱ་བསྒྲགས་ཡོད་འདུག

ས་གནས་བོད་མི་ཞིག་གིས་ཐེངས་འདིའི་གནད་དོན་དང་འབྲེལ་ཏེ་ས་གནས་ཀྱི་མགོ་ཁྲིད་ཚོར་རེ་སྐུལ་ཡི་གེ་ཞིག་བྲིས་ཡོད་པའི་ནང་། ས་གནས་ཀྱི་མགོ་ཁྲིད་ཚོ་ཕྱོགས་གཅིག་ནས་སློབ་གྲྭ་དང་གཉིས་ནས་སྨན་ཁང་། གསུམ་ནས་ཁོར་ཡུག་སྲུང་སྐྱོབ་དང་། ཆུ་དང་ཟམ་པ། ལམ། གློག བརྡ་རྟགས་སོགས་ཀྱི་ཐད་མང་ཚོགས་ལ་དཀའ་ངལ་ག་རེ་ཡོད་མེད་གོང་རིམ་ལ་ཡར་ཞུ་བྱེད་མཁན་གྱི་མི་མང་གི་མགྲིན་ཚབ་པ་ཡིན་ནམ། ཡང་ན་གོང་རིམ་གྱི་བཀའ་ཁོ་ན་མི་མང་ནང་ཁྱབ་བསྒྲགས་བྱས་ཏེ་སྐྱིད་ཉལ་རྒྱག་མཁན་ཡིན་མིན་དང་། སྨན་ཤོད་མདའ་མ་ཡུལ་ཚོའི་ནང་ཕྱི་ལོ་ ༢༠༠༡ ནས་འདི་ལོའི་བར་སྲིད་གཞུང་གིས་གྲོང་གསེབ་འཛུགས་སྐྲུན་ཐད་ལོ་རེར་རྒྱ་སྒོར་ཁྲི་ག་ཚོད་སྤྲོད་ཀྱི་ཡོད་པ་དང་། རོགས་དངུལ་དེའི་ནང་ནས་ག་ཚོད་ཅིག་མི་མང་གི་ལག་ཏུ་འཕྲོད་ཀྱི་ཡོད་པ་དང་། ཡུལ་ཚོའི་འཛུགས་སྐྲུན་ཐད་ཡར་རྒྱས་ག་རེ་ཕྱིན་ཡོད་མེད་སོགས་དོགས་འདྲི་བྱས་འདུག

232ཡང་ཁོང་གི་རེ་སྐུལ་ཡི་གེ་དེའི་ནང་ཕྱི་ཚེས་ ༢༢ ཉིན་གྱི་ཕྱི་དྲོ་ནས་ཚེས་ ༢༣ ཉིན་བར་དུ་ཁྱོན་གླ་རོ་ཉི་ཤུ་ལྷག་དང་བྱ་གོ་བོ་ཞིག་གི་རོ་བཅས་རྙེད་ཡོད་པ་དང་། ས་གནས་གཞན་དུ་ད་དུང་ཞིབ་བཤེར་བྱེད་ཐུབ་མེད་ལ། གླ་བ་ནི་འཛམ་གླིང་ཐོག་སྲུང་སྐྱོབ་བྱེད་དགོས་པའི་རིམ་པ་དང་པོའི་རི་སྐྱེས་སྲོག་ཆགས་ཤིག་ཡིན་ལ། དེ་གསོན་མཁན་གྱི་ཉེས་ཅན་ལ་ཉུང་མཐར་ལོ་ ༥ ནས་ ༡༠ བར་གྱི་བཙོན་འཇུག་ཁྲིམས་ཐག་གཅོད་ཀྱི་ཡོད་པ་མ་ཡིན་ནམ། བྱ་གོ་བོ་ནི་རྒྱལ་ཁབ་ཀྱི་རྒྱུན་ཆད་ལ་ཉེ་བའི་སྲོག་ཆགས་ཏེ་སྲུང་སྐྱོབ་རིམ་པ་དང་པོའི་གྲལ་ནས་མ་ཡིན་ནམ་ཞེས་དང་། མཇུག་ཏུ་ཐེངས་འདིའི་ཉེས་དོན་དེར་རྒྱལ་ཁབ་ཀྱི་ཁྲིམས་ལུགས་ལྟར་གསལ་གསལ་རྗེན་རྗེན་གྱིས་ས་གནས་མང་ཚོགས་ཡོངས་ལ་ངོ་སྤྲོད་བྱེད་རོགས་ཞེས་ནན་སྐུལ་བྱས་འདུག

རྒྱ་གཞུང་གིས་བསྒྲགས་པའི་གནས་ཚུལ་ལྟར་ན། དུས་རབས་ ༢༠ པའི་ལོ་རབས་ ༦༠ པའི་ནང་དུ་མདོ་དབུས་མཐོ་སྒང་ན་གླ་བ་ཁྲི་ ༡༠༠ ཡས་མས་ཡོད་ཀྱང་། ད་ལྟ་གླ་བ་ཁྲི་ ༢༠ ཡས་མས་ལས་ལྷག་མེད་སྟབས།  གླ་བ་ནི་རྒྱལ་ཁབ་ཀྱིས་གལ་གནད་དུ་བཟུང་སྟེ་སྲུང་སྐྱོབ་བྱེད་དགོས་པའི་རི་སྐྱེས་སྲོག་ཆགས་རིམ་པ་གཉིས་པ་དེ་ཆགས་ཡོད་འདུག

གླ་བ་ནི་རྒྱ་མཚོའི་ངོས་ལས་ས་བབ་མཐོ་ཚད་སྨིས་ ༣༣༠༠ བརྒལ་བའི་བོད་ཀྱི་མཐོ་སྒང་སྟེ། དེང་སང་རྒྱ་གཞུང་གིས་དབྱེ་བའི་རང་སྐྱོང་ལྗོངས་དང་ཞིང་ཆེན་ལྔའི་ནང་གི་ནགས་ལུང་ཁུལ་དུ་འཚོ་སྡོད་བྱེད་བཞིན་ཡོད་པའི་རི་སྐྱེས་སྲོག་ཆགས་ཤིག་ཡིན་ལ། གླ་བ་ཕོ་ཡི་གླ་རྩི་ནི་གསོ་བ་རིག་པའི་སྨན་སྣ་རྩ་ཆེན་ཞིག་ཡིན་པ་མ་ཟད། བཟོ་ལས་འཕེལ་རྒྱས་ཤུགས་ཆེན་ཕྱིན་པའི་དུས་འདིར་ཐོན་སྐྱེད་རྫས་རིགས་གལ་ཆེན་ཞིག་ཀྱང་ཆགས་ཡོད་སྟབས། ནག་ཚོང་བ་ཚོས་གླ་རྩིར་བསམ་ཏེ་གླ་བ་མང་པོ་ལྐོག་གསོད་བྱས་ནས་བོད་ནང་ལོགས་ཀྱི་གཙོས་རྒྱ་ནག་དང་བལ་ཡུལ། འབྲུག་སོགས་ཀྱི་ནང་ནག་ཚོང་རྒྱག་བཞིན་ཡོད་འདུག

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་དུ་སེའེ་ཊབ་ཀེ་སར་ལོ་འཁོར་བོད་རིག་པའི་ཚོགས་འདུ་ཞིག་འཚོག་མུས་ཡིན་འདུག པར་འབྲེལ་ཡོད་ཀྱིས་མཁོ་སྤྲོད་གནང་། ༢༠༢༦།༡༡།༩
Mobile App

དུས་རབས་ ༡༣ ནས་ ༡༤ བར་གྱི་བོད་ཀྱི་ཆོས་སྲིད་རིག་གནས་ཀྱི་ཚོགས་འདུ་ཞིག་དབུ་བཙུགས།

ཆུ་ཚོད་ ༢ སྔོན་ལ།
(L-R) Dylan Douglas, Michael Douglas and Carys Zeta Douglas attend the Tibet House US Art of Freedom Gala 2026 in New York City. (Photo by Noam Galai/Getty Images for Tibet House US) (Getty Images for Tibet House US)
Mobile App

ཨ་རིའི་བོད་ཁང་གི་ཕྱི་ལོ་ ༢༠༢༦ ལོའི་རང་དབང་གི་སྒྱུ་རྩལ་གཟེངས་རྟགས་དེ་གློག་བརྙན་འཁྲབ་སྟོན་པ་ཞིག་ལ་ཕུལ།

ཆུ་ཚོད་ ༣ སྔོན་ལ།
པར་དྲ་ལམ་ནས་བླངས།
Mobile App

བོད་ཀྱི་འབྲོག་ཁུལ་གྱི་སློབ་ཕྲུག་སྟོང་ཕྲག་མང་པོ་གྲོང་ཁྱེར་གྱི་བཅའ་སྡོད་སློབ་གྲྭར་སྤོས།

༢༠༢༦/༡༡/༠༧
རྒྱ་ནག་གཞུང་ཚབ་ཁང་གིས་སྲིད་སྐྱོང་གི་སྐོར་སྐྱོད་ལ་ངོ་རྒོལ་བསྒྲགས་གཏམ་སྤེལ། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༦།༡༡།༧
Mobile App

རྒྱ་ནག་གཞུང་ཚབ་ཁང་གིས་སྲིད་སྐྱོང་གི་སྐོར་སྐྱོད་ལ་ངོ་རྒོལ་བསྒྲགས་གཏམ་སྤེལ།

༢༠༢༦/༡༡/༠༧
Screenshot
Front Slider

འབུམ་རམས་པ་འཇམ་དབྱངས་དོན་གྲུབ་ལགས་དང་ལྷན་དུ་ཁོང་གི་སློབ་ཐོན་དཔྱད་རྩོམ་སྐོར་གླེང་མོལ།

༢༠༢༦/༡༡/༠༧
Mobile App

ཨ་རིས་རྒྱ་ནག་གི་བཟོ་ཚོང་ཁང་གཉིས་ལ་ཉེས་ཆད་བཏང་།

༢༠༢༦/༡༡/༠༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese