མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཆར་རླུང་ཁྲོད་མི་ ༩༨ རྐྱེན་ལམ་དུ་ཤོར།

བོད་ཀྱི་དུས་བབ།
༢༠༡༦/༠༦/༢༤
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་རོའུ་ཊར་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཁ་སང་ཕྱི་ཚེས་ ༢༣ ཉིན་གྱི་དགོང་དྲོའི་ཆུ་ཚོད་ ༨ ཙམ་ལ་རྒྱ་ནག་ཤར་རྒྱུད་ཅང་སུའུ་ཞིང་ཆེན་ཡན་ཁྲིན་གྲོང་ཁྱེར་གྱི་རྫོང་དང་གྲོང་རྡལ་མང་པོར་རླུང་འཚུབ་དང་དྲག་ཆར་གྱི་གནོད་པ་ཚབས་ཆེན་ཐེབས་ཏེ། ས་ཁུལ་དེ་དག་གི་ཁང་བ་དང་བཟོ་གྲྭ། སློབ་གྲྭ་དང་ཤིང་སྡོང་། ཐོག་རྩེག་ཁང་ཆེན་དང་འགྲིམ་འགྲུལ་གཞུང་ལམ་སོགས་ལ་གཏོར་སྐྱོན་ཐེབས་པའི་ཁྲོད་ད་སྔ་མི་ ༩༨ རྐྱེན་ལམ་དུ་ཤོར་བ་དང་མི་ ༨༠༠ ལྷག་རྨས་སྐྱོན་ཕོག་འདུག

8bfe29ae523aa19d62fec4683e18d9c5

ཅང་སུའུ་ཞིང་ཆེན་གྱི་དཔོན་རིགས་ཧྲི་ཐེ་ཧྥིན་ (Shi Taifeng) ཟེར་བ་ཞིག་གིས། ཆར་རླུང་ཁྲོད་དུ་ཡུལ་མི་ ༩༨ རྐྱེན་ལམ་དུ་ཤོར་བ་དང་ཡུལ་མི་ ༨༠༠ ལྷག་རྨས་སྐྱོན་ཕོག་སྐོར་བཤད་ཅིང་། རྒྱ་ནག་གཞུང་འབྲེལ་ཞིན་ཧྭ་གསར་ཁང་གིས་ཐེངས་འདིའི་ཆར་རླུང་ཁྲོད་ཡུལ་མི་ ༢༠༠ རྨས་སྐྱོན་ཕོག་པ་ཙམ་ཡིན་ལུགས་བཤད་འདུག

ཝང་ཧྲུ་ཆེན་ (Wang Shuqing) ཟེར་བའི་རྒྱ་རིགས་ཡུལ་མི་ཞིག་གིས་ཨེ་ཕེ་གསར་འགོད་པར་བརྗོད་དོན། ངའི་ནང་མི་ཚང་མ་སྡོད་ཁང་ནང་ཡོད་སྟབས། ཁོ་ཚོ་ཚང་མ་ཁང་རྩེག་རྡིབ་སྐྱོན་འོག་རྐྱེན་ལམ་དུ་ཤོར་བ་རེད། དེའི་རྗེས་ས་གནས་ཉེན་རྟོག་དམག་མི་ཡོང་ནས་ཁོ་ཚོའི་ཕུང་པོ་ཕྱིར་བཏོན་པ་རེད། ངའི་སེམས་པ་ཧ་ཅང་སྐྱོ་བོ་བྱུང་། ཞེས་བརྗོད་འདུག

པེ་ཅིན་གཞུང་འབྲེལ་གསར་ལམ་ཁག་ཏུ་ཆར་རླུང་གི་གནོན་འཚེ་ཐེངས་ཁུལ་ཁག་ཏུ་སྦྲ་གུར་དང་ཛ་དྲག་གི་མཁོ་དངོས་སྐྱེལ་འདྲེན་བྱས་ཏེ་གནོད་འཚེ་ཐེབས་ཡུལ་གྱི་མི་མང་མྱུར་སྐྱོབ་བྱེད་བཞིན་ཡོད་ལུགས་བཤད་འདུག

གནས་ཚུལ་ལྟར་ན། ཅང་སུའུ་ནི་ཧྲང་ཧེ་གྲོང་ཁྱེར་ནུབ་རྒྱུད་ཀྱི་མཚོ་ཁུལ་ཞིང་ཆེན་ཞིག་ཡིན་པ་དང་། ཡན་ཁྲིན་གྲོང་ཁྱེར་ནི་གནའ་བོའི་གྲོང་ཁྱེར་རྙིང་པ་ཡིན་ཞིང་། གྲོང་ཁྱེར་དེའི་ནང་མི་མང་ས་ཡ་ ༨ ལྷག་འཚོ་སྡོད་བྱས་ཡོད་པ་དང་། ཕྱི་ལོ་ ༡༩༦༦ ལོའི་ ༣ པའི་ཚེས་ ༣ ཉིན་ཡན་ཁྲིན་གྲོང་ཁྱེར་དུ་བྱུང་བའི་ཆར་རླུང་གི་གནོད་འཚེ་ཁྲོད་ཡུལ་མི་ ༨༧ རྐྱེན་འདས་དང་ཡུལ་མིའི་སྡོད་ཁང་ ༣༠༠༠༠ ལྷག་གཏོར་བཅོམ་ཐེབས་ཡོད་འདུག

BULGARIA-FLOODS/

གསར་འགོད་པ། པདྨ་རྒྱལ།

འབྲེལ་ཡོད་གསར་འགྱུར།

Screengrab of a Tibetan monk in Minnesota, US casting his vote for the Tibetan presidential and parliamentary election in 2021
བསམ་ཚུལ།

བཙན་བྱོལ་བོད་མིའི་སྲིད་སྤྱི་གཉིས་ཀྱི་འོས་བསྡུ་དང་འབྲེལ་བའི་གཏམ་མམ་རྒྱ་ནག་འཐབ་ཕྱོགས་གཅིག་གྱུར་གྱི་གསང་བའི་ཐ་སྙད་བཀབ་པ་མངོན་པར་ཕྱུང་བའི་ཨ་རིག་གི་འབེལ་གཏམ།

ཆུ་ཚོད་ ༣ སྔོན་ལ།
བོད་རང་སྐྱོང་ལྗོངས་མི་མང་འཐུས་ཚོགས་ཀྱི་རྒྱུན་ལས་ཁང་ཟེར་བའི་མགོ་ཁྲིད་གཞོན་པ་ཝང་ཅུན། དྲ་ལམ་གྱི་པར།
Mobile App

བོད་རང་སྐྱོང་ལྗོངས་ཀྱི་དཔོན་རིགས་ཤིག་ལ་ཞིབ་བཤེར་བྱེད་བཞིན་འདུག

༢༠༢༥/༡༢/༢༥
ཕོ་བྲང་དཀར་པོའི་མདུན་དུ་ཤར་ཏུར་ཀི་སི་ཐན་མི་མང་གིས་རྒྱ་གཞུང་ལ་ངོ་རྒོལ་བྱས། ༢༠༢༢།༡༢།༢༢ ཤར་ཏུར་ཀི་སི་ཐན་རྒྱལ་ཡོངས་ལས་འགུལ་ཚོགས་པའི་པར།
གསར་འགྱུར།

ཤིན་ཅང་ཟེར་བའི་ཐ་སྙད་དེས་ཤར་ཏུར་ཀི་སི་ཐན་རང་བཙན་རྒྱལ་ཁབ་ཅིག་ཡིན་པའི་ལོ་རྒྱུས་ནག་གསུབ་བཏང་ཡོད་ཅེས་བརྗོད།

༢༠༢༥/༡༢/༢༤
Advertisement for App

སྐབས་ ༡༨ པའི་སྤྱི་འཐུས་འོས་མིར་ཞུགས་རྒྱུ་མིན་པའི་གསལ་བསྒྲགས།

༢༠༢༥/༡༢/༢༣
དབུས་འོས་བསྡུ་ལས་ཁང་ནས་འོས་བསྡུ་ཆེན་མོའི་གསར་འགོད་གསལ་བསྒྲགས་ཤིག་བསྐྱངས། ༢༠༢༥།༡༢།༢༣ དུས་བབ་ཀྱི་པར།
གསར་འགྱུར།

ཕྱི་ལོ་ ༢༠༢༦ ལོའི་སྲིད་སྤྱི་འོས་བསྡུ་ཆེན་མོར་དེབ་འགོད་བྱེད་མཁན་བོད་མི་གྲངས་ ༩༡༠༤༢ བྱུང་ཡོད་འདུག

༢༠༢༥/༡༢/༢༣
Nepalese police stand guard at the premises of the Boudhanath Stupa after a Tibetan monk self-immolated in Kathmandu on February 13, 2013. © 2013 Reuters
Mobile App

རྒྱ་ནག་གཞུང་གིས་བལ་ཡུལ་ནང་ཡོད་པའི་བོད་མི་རྣམས་ལ་སོ་ལྟ་བྱེད་བཞིན་འདུག

༢༠༢༥/༡༢/༢༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese