དགུང་གྲངས་གྱ་གཅིག་བཞེས་པའི་༧སྐུའི་འཁྲུངས་སྐར་དུས་ཆེན་ལ་ཕུལ།
པ་སངས་ལྷ་མོ།
ན་ནིང་གི་ད་ལྟའི་དུས་ཚོད་འདིར་༧སྐུའི་གྱ་སྟོན་རྟེན་འབྲེལ་སྲུང་བརྩི་རྒྱ་ཆེན་ཞུས་ཡོད། ཨ་རིར་སྔར་བྱུང་མ་མྱོང་བའི་བོད་མི་ཁྲི་ཚོ་བརྒལ་བ་དུས་གཅིག་གནས་གཅིག་ལ་འཛོམས་ནས་༧སྐུའི་འཁྲུངས་སྐར་དགའ་སྟོན་དང་། ༧རྒྱལ་བའི་བཀའ་དྲིན་རྗེས་དྲན་སྲུང་བརྩི་གཟབ་རྒྱས་ཞུ་ཐུབ་པ་བྱུང་ཡོད། དེ་བཞིན་རྒྱ་གར་ནང་དུའང་བོད་ལུགས་བོད་ཟླ་ལྔ་པའི་ཚེས་ལྔ་ཉིན་༧སྐུའི་གྱ་སྟོན་སྲུང་བརྩི་གཟབ་རྒྱས་ཞུས་ཏེ་ད་ལྟ་ལོ་གཅིག་འཁོར་ཟིན། ན་ནིང་གྱ་སྟོན་སྲུང་བརྩིའི་སྐབས་སུ་བྱུང་བའི་གནས་ཚུལ་མང་པོ་ལས་ད་ལྟའང་ངའི་སེམས་ངོས་གསལ་པོར་དྲན་པའི་གནས་ཚུལ་གཅིག་ནི་མདོ་སྨད་པ་གླུ་པ་ཞིག་གིས་མཛད་སྒོའི་ཐོག་ (༧གོང་ས་མཆོག བཀའ་དྲིན་ཆེ་) ཞེས་པའི་གླུ་གཞས་བཏང་པ་དེ་རེད། ང་ཚོས་ལག་གཉིས་ཐལ་མོར་སྙིང་ཁར་སྦྱར་ནས་༧གོང་ས་མཆོག་ལ་བཀའ་དྲིན་བླ་མེད་དུ་ཆེ་ཞུ་དགོས་ལ། ད་ལྟ་ང་ཚོར་གང་ཡོད་པ་ཚང་མ་ཁོང་གི་བཀའ་དྲིན་ལ་བརྟེན་ནས་བྱུང་བ་ངེས་པར་དུ་ཤེས་དགོས་པ་མ་ཟད། མཐོ་དམན་ཚང་མས་ཁོང་ཐུགས་ཕམ་ནམ་ཡང་མ་བཟོ་རོགས།
ཁོང་དགུང་གྲངས་བཅུ་དྲུག་ལ་ཕེབས་སྐབས་བོད་ཀྱི་ཆབ་སྲིད་རྩབ་རལ་དེ་ཁོང་གི་ཕྱག་ཏུ་ཕུལ་པ་ནས་ཁོང་གིས་ང་ཚོར་གཡས་སྐྱོར་གཡོན་སྐྱོར་གནང་ནས་དམངས་གཙོའི་ལམ་བཟང་ཐོག་འཁྲིད་གནང་མཛད་ཡོད། འོན་ཀྱང་ཆེས་བློ་ཕམ་པ་ཞིག་ལ་ད་ལྟ་ང་ཚོས་ལོངས་སུ་སྤྱོད་བཞིན་པའི་དམངས་གཙོའི་གོ་བསྐལ་བཟང་པོ་སུས་གནང་མིན་ལ་བསམ་ཞིབ་མེད་པར་ད་དུང་དམངས་གཙོ་རེད་ཅེས་གང་བྱུང་བཤད། གང་བྱུང་བྲིས་པ་ཡིན་ན་སྤྱི་ཚོགས་ཟང་ཟིང་བཟོ་བཞིན་ཡོད། རྩོམ་ཡིག་ནི་སྤྱི་ཚོགས་ཀྱི་འཚོ་བ་དངོས་ལས་བྱུང་བ་དང་། རང་ཉིད་ཀྱི་བསམ་ཚུལ་བཤད་བྲིས་བྱ་རྒྱུ་ནི་དམངས་གཙོའི་ཐོབ་ཐང་ཡིན་མོད། རང་ཉིད་དང་སྤྱི་ཚོགས། མི་རིགས་དང་བཅས་པར་འགན་འཁུར་ལྡན་པའི་རྩོམ་ཡིག་འབྲི་རྒྱུ་དེ་ཡང་དམངས་གཙོའི་ལས་འགན་ཡིན་པ་མ་བརྗེད་པ་བྱེད་དགོས།
འདས་ལོའི་ལོའི་ནང་ཕྱོགས་གཅིག་ནས་༧གོང་ས་མཆོག་གི་འཁྲུངས་སྐར་སྲུང་གཙི་གཟབ་རྒྱས་ཞུས་པ་དང་། ༧རྒྱལ་བའི་བཀའ་དྲིན་རྗེས་དྲན་ཞུས་ཡོད་ནའང་། ཕྱོགས་གཞན་ཞིག་ནས་ ༢༠༡༦ ལོའི་འོས་བསྡུ་ཆེན་མོ་དང་འབྲེལ་ནས་བསྟན་པ་མགོ་ནས་བཤིག་པའི་གནས་སྟངས་བྱུང་སྟེ། ཁོང་ཉིད་ལ་ཧ་ཅང་ཐུགས་ཕམ་བཟོས་ཡོད། བཀའ་བཞིན་བསྒྲུབ་པ་ནི་མཆོད་པའི་མཆོག་ཡིན་ཞེས་པ་ལྟར། ༧མགོན་པོ་གང་ཉིད་ཀྱིས་གསུངས་པའི་བཀའ་སློབ་ལམ་སྟོན་ཁག་ལ་སློབ་སྦྱོང་གིས་སེམས་པ་བཟང་པོ་བྱ་རྒྱུ་ནི་གལ་ཆེན་དོན་ཆེན་དང་། འཁྲུངས་སྐར་གྱི་ལག་རྟགས་ཡག་ཤོས་ཡིན་པ་དྲན་དགོས།
ནང་འགལ་གྱི་ལས་ཀ་བྱེད་མཁན་མང་པོ་ཡོད་ཁོངས་ནས། ཕྱོགས་གཅིག་ནས་མི་མང་གི་མགོ་འཁྲིད་བྱ་ཡི་ཡིན་ཞེས་བརྗོད་པ་དང་། ཕྱོགས་གཞན་ནས་མི་མང་གིས་དད་པ་དང་དགའ་ཞེན་ཞུ་ཡུལ་བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་དབུ་བསྐོར་དང་། ཧམ་བཤད། རྫུན་བཤད་པ། མཐའ་ན། རྒྱལ་འཚོང་བ་ཞེས་བརྗོད་མཁན་ཡང་བྱུང་ཡོད་པ་དེ་དག་གིས་གཞིས་བྱེས་བོད་མི་ཙམ་མ་ཟད། རྒྱལ་སྤྱིའི་ཁྱོན་ཡོངས་ཀྱི་ཕྱི་ནང་མི་རིགས་མང་པོའི་སེམས་ཁམས་ལ་གནོད་སྐྱོན་ཆེན་པོ་བཏང་ཡོད་ངེས།
དེ་བས་མང་པོ་བརྗོད་མི་དགོས་པར་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་འཁྲུངས་སྐར་ཉིན་མོ་དང་བསྟུན་ཏེ། ང་ཚོའི་མགོ་འཁྲིད་དང་མི་མང་ཡོངས་ནས་༧གོང་ས་མཆོག་གི་བཀའ་སློབ་ལམ་སྟོན་སྤྱི་དང་། ལྷག་པར་དུ་ཨི་ཊ་ལིའི་གྲོང་ཁྱེར་མི་ལཱན་དང་ལ་དྭགས། ས་ལུ་སྒར། དྷ་སར་བོད་ཀྱི་སྨན་རྩིས་ཁང་ལོ་བརྒྱ་འཁོར་བའི་དུས་དྲན་ཐོག འདི་ལོའི་སྲིད་སྐྱོང་དམ་འབུལ་མཛད་སྒོའི་ཐོག་བཅས་སུ་གནང་བའི་བཀའ་སློབ་ལམ་སྟོན་ཁག་ལ་སློབ་སྦྱོང་གིས་ད་ནས་བཟུང་༧རྒྱལ་བའི་དགོངས་གཞི་ནམ་ཡང་འགལ་མེད་དང་། ཐུགས་ཕམ་ནམ་ཡང་བཟོ་རྒྱུ་མིན་ཞེས་དམ་བཅའ་འཇོག་དགོས་ལ། སྙིང་ཁོངས་རུས་པའི་གཏིང་ནས་༧གོང་ས་མཆོག བཀའ་དྲིན་ཆེ། ཞེས་ཤུགས་དྲག་ཆེན་པོས་བརྗོད་དགོས།
རང་ཉིད་ལ་མཚོན་ལ་དེ་རིང་འཁྲུངས་སྐར་ཉིན་ནས་༧གོང་ས་མཆོག་གིས་ད་བར་གནང་བའི་བཀའ་རྩོམ་དང་བཀའ་སློབ་ལམ་སྟོན་ཁག་ལ་སློབ་སྦྱོང་གིས་ལག་བསྟར་གང་ཐུབ་ཀྱིས་བོད་མི་དོན་དང་ལྡན་པ་ཞིག་བྱ་རྒྱུ་ཡིན་ལ། རང་ནུས་གང་ལྕོགས་ཀྱིས་བོད་མི་རིགས་ལ་ཞབས་ཞུ་བསྒྲུབ་རྒྱུ་ཡིན། དེ་བཞིན་རང་རེའི་སྤྱི་ཚོགས་ནང་དངོས་ཤུགས་བརྒྱུད་གསུམ་ནས་༧གོང་ས་མཆོག་ལ་མཚན་སྨད་ཞུ་མཁན་དང་། བཀའ་སློབ་དགོངས་གཞི་དང་འགལ་བའི་ལས་ཀ་བྱེད་མཁན་མཐོ་དམན་སུ་བྱུང་ཡང་མཐའ་གཅིག་ཏུ་དགག་པ་རྒྱབ་རྒྱུ་ཡིན། བསམ་ཡོད་ཚང་མས་བསམ་ཞིབ་ལག་བསྟར་གནང་རོགས། བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་བསྐལ་བརྒྱའི་བར་བརྟན་ཅིང་། ཐུགས་བཞེད་ལྷུན་གྱིས་གྲུབ་པ་ཤོག བཀའ་དྲིན་ཆེ། ཐུགས་རྗེ་ཆེ། །བོད་རྒྱལ་ལོ། བདེན་པ་ཉིད་རྒྱལ་འགྱུར་ཅིག
༧གོང་ས་མཆོག བཀའ་དྲིན་ཆེ་ ཞེས་པའི་གླུ་གཞས་བཏང་པ་དང་རྩོམ་བྲིས་པ་ཧ་ཀྱང་ཡག་པོ་རེད། ཡིན་ན་དེ་ཙམ་གྱི་སངས་རྒྱས་ཁོང་གི་བཀའ་དྲིན་སྐྱེ་བ་ནས་སྐྱེ་བ་བཀའ་དྲིན་གུན་སབ་ག་ལ་ཐུབ་། མགོན་པོ་གང་ཉིད་ཀྱི་མ་འོང་ལུངས་བསྟན་དང་ལམ་བརྟོན་ཐོག་བོད་མི་རིགས་སྤུན་ཟླ་རྣམས་ལུང་མཚན་ལ་ཆོག་རེས་དང་བོད་མི་རིགས་ལ་གདང་ཟུར་རྩ་བ་ནས་བྱེད་མི་རུང་། སྤུན་ཟླ་མཚོ་རྒྱལ་ཁབ་ག་འདྲས་གཅིག་ནང་བོད་པ་གཅིག་ཡོད་ན་དེ་ང་མཚོའི་ཤ་རུ་ཁྲག་གསུམ་གི་སྤུན་ཆེད་ཡིན་པའི་འདེང་བཞག་རོགས་གནང་། ང་རང་སློབ་གྲ་འགྲ་ཐུབ་མེད་པའི་ཀྱེན་གྱི་བོད་ཡིག་དག་ཆ་མེད་དགོང་པ་མ་ཚོམས་གནང་རོགས།
པ་སངས་ལྷ་མོ་ལགས་ བཀའ་དྲིན་ཆེ་།
༅༅། པ་སངས་ལྷ་མོ་ལགས་ནས་རྒྱལ་བའི་བཀའ་དྲིན་དྲན་པ་དང་དྲན་དགོས་སྐོར་ལ་རྩོམ་བྲིས་པ་དངོས་གནས་
ཡག་པོ་མཐོང་བྱུང། བཀྲིས་བདེ་ལེགས་ཡོད། བུད་མེད་ཀྱི་ངོས་ནས་རྕོམ་འདི་ལྟ་བུ་བྲིས་མཁན་ཕལ་ཆེར་གོ་མཐོང་
མ་བྱུང་ལབ་ན་འགྲིགས།
རེད་དངོས་གནས་རེད། མཁས་མདོག་ རྗིག་མདོག་ འཇོན་མདོག་བཤད་མཁན་རེ་གཉིས་། ནང་ལ་ཤེས་ཡོན་
མེད་པའི་སྤྲང་པོ། ཕྱི་ལ་རྒྱུ་ནོར་མེད་པའི་སྤྲང་པོ་། ནང་ལ་ཟ་རྒྱུ་མེད་པའི་སྤྲང་པོ།
སོ་སོས་བསྡད་ས་གང་དུ་བསྡད་ཡོད་མེད་ཙམ་ཡང་མ་ཤེས་པ་པར་ད་དུང་མགོན་པ་མཆོག་ལ་མཚན་སྨད་ཞུ་མཁན་དེ་ཚོ་མི་རབས་ནས་མི་རབས།་ཚེ་རབས་ནས་ཚེ་རབས་ཡག་པོ་ཡོང་རྒྱུ་རྩ་བ་ཉིད་ནས་ཡོད་པ་མ་རེད། ༧གོང་ས་མཆོག་ལ་མཚན་སྨད་ཞུ་མཁན་གསུམ་རང་ཡོད་པ་ཤེས་གསལ་རེད།
གཅིག་རྒྱ་དམར་པོ། གཅིག་དོལ་ཚོགས་ གཅིག་སུ་རེད། ཧ་ཧ་ཧ་ ་་་་་་་་་་་་་་་་་་་་་་་་་་་་ངོ་ཚ་རྒྱུ་མེད་པ།
བཤད་རྒྱུ་དང། སྨད་རྒྱུ་ཡོད་ན་་་ཆོས་མེད་རྒྱ་དམར་པོར་ཤོད། རང་གི་ཕ་ཡུལ་བཙན་འཕྲོག་བྱས། ཕ་མ་སྤུན་གསུམ་བསད། རྩ་ཆེའི་ཆོས་ནོར་རྣམས་རྩ་མེད་བཏང་མཁན་ལ་སྨད་མི་ཐུབ་པ་ཅི་ཡིན་།
བཤད་རྒྱུ་མང་པོ་ཡོད་། ད་རིང་འདི་ཙམ་ཡིན།
པ་སངས་ལྷ་མོ་ལགས་ཁྱེད་ནི་གནས་ལུགས་དང་བདེན་པ་འབྲི་བའི་སྨྱུག་ཐོག་པ་ཞིག་རེད། ཁྱེད་ནི་བཀའ་དྲིན་ངོས་ཟིན་མཁན་གྱི་བོད་མི་ཞིག་དང་། ངོ་ཚ་དང་ཁྲེལ་ཡོད་ཀྱི་བོད་མི་ཞིག་རེད། ང་ལ་ཁྱེད་ལྟ་བུའི་དད་པ་བརྟན་ལ་དྲིན་ལན་ཡོད་པའི་སྤུན་ཟླ་ཚོ་དང་དཔུང་བ་གཤིབ་ནས་༸གོང་ས་མཆོག་གི་མཁའ་ཁྱབ་ཀྱི་མཛད་པ་དང་ཀུན་ཁྱབ་ཀྱི་བྱམས་བརྩེ་ལ་མ་རིག་པ་དང་རྨོངས་ཚོད་ཀྱིས་དྲི་མ་བྱུག་མཁན་གྱི་སྐབས་འཚོལ་བ་ཚོར་གོ་བརྡ་སྤྲོད་པར་ཡོང་བའི་དམ་བཅའ་བརྟན་པོ་ཡོད།