རྒྱ་གར་གྱི་ཚོང་པ་གསེར་གྱི་སྟོད་གོས་ཅན་ཌཱ་ཐཱ་ཧྥུ་གྷེ་ཟེར་བར་མི་མང་པོས་རུབ་བརྡུང་བྱས་ཏེ་དམར་གསོད་བཏང་ཡོད་འདུག
ཟླ་འདིའི་ཕྱི་ཚེས་༡༤ ཉིན་གྱི་མཚན་མོར། རྒྱ་གར་གྱི་ཚོང་པ་གསེར་གྱི་སྟོད་གོས་ཅན་ཌཱ་ཐཱ་ཧྥུ་གྷེ་(Datta Phuge)མེམ་བྷེ་གྲོང་ཁྱེར་གྱི་ཌི་ཧི་(Dighi)རུ་བསྡུས་པའི་སྐྱེས་སྐར་སྤྲོ་ཚོགས་ཤིག་ཏུ་ཕྱིན་ཏེ་ཕྱིར་ནང་དུ་ལོག་སྐབས། མི་བཅུ་གྲངས་ཤིག་གིས་ཌཱ་ཐཱ་ཧྥུ་གྷེ་ལ་རྡོ་དང་མཚོན་ཆས་བརྒྱབ་སྟེ་དམར་གསོད་བཏང་ཡོད་འདུག
ཉེན་རྟོག་པས་ཌཱ་ཐཱ་ཧྥུ་གྷེ་གསོད་མཁན་མི་༡༢ ཡོད་པ་དང་། ད་ལྟའི་ཆར་ཌཱ་ཐཱ་ཧྥུ་གྷེ་ཡི་ཚ་བོ་བཅས་དོགས་ཡོད་ཉེས་ཅན་༤ འཛིན་བཟུང་བྱས་ཏེ་འདྲི་གཅོད་བྱེད་བཞིན་ཡོད་སྐོར་དང་། ཁོ་ཚོས་དངུལ་ལ་ཧམ་སེམས་སྐྱེས་ནས་ཁོ་བསད་པ་ཡིན་སྐོར་བརྗོད་འདུག་ལ། ཁོའི་བུ་ཞུ་བྷམ་གྱིས་ཉེན་རྟོག་པར། ཕ་རྒན་གྱིས་རླངས་འཁོར་བཏང་སྟེ་ཕྱིར་ནང་དུ་ལོག་རྩིས་བྱེད་སྐབས་མི་མང་པོས་རུབ་བརྡུང་བྱས་པ་ཁོས་དངོས་སུ་མཐོང་བ་མ་ཟད། ལག་དམར་བ་དེ་ཚོའི་ནང་ནས་མི་བདུན་བརྒྱད་ཅིག་ངོ་ཤེས་ཀྱི་ཡོད་སྐོར་བརྗོད་ཡོད་པ་རེད།
ཌཱ་ཐཱ་ཧྥུ་གྷེ་ནི་མ་ཧཱ་ར་ཤི་ཊ་མངའ་སྡེའི་(Pimpri-Chinchwad) གྲོང་ཁྱེར་ནས་ཡིན་པའི་ཚོང་པ་ཞིག་ཡིན་ལ། ཁོས་ཕྱི་ལོ་༢༠༡༢ ལོར་གསེར་སྤྱི་རྒྱ་༣ ལྷག་གིས་བཟོས་པའི་གསེར་གྱི་སྟོད་གོས་ཕུ་ཐུང་ཅན་ཞིག་ཉོས་པ་ནས་བཟུང་སྟེ་གསེར་གྱི་མི་ཞེས་སྐད་གྲགས་ཆགས་ཡོད་པ་རེད།
གསར་འགོད་པ། པདྨ་མཚོ།