མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ངས་འོས་བསྡུའི་ལེགས་བཅོས་འདི་ལྟར་བྱེད།

བོད་ཀྱི་དུས་བབ།
༢༠༡༦/༠༧/༡༧
Share on FacebookShare on TwitterShare on EmailShare on Whatsapp

ཨ་མཆོད་འཇམ་དཔལ་ཚུལ་ཁྲིམས་ཀྱིས།

གཅིག བརྗེད་ངེས་ཚབ་པོ་ཆེ་དེ་དྲན་གསོ་གཏོང་།

ད་ལྟའི་སྐབས་སུ་སྤྱི་འཐུས་མང་ཚོགས་དང་བཅས་པ་ཀུན་གྱི་སེམས་སུ་བརྗེད་ངེས་ཚབ་པོ་ཆེ་ཞིག་བྱུང་ཡོད། གྲོས་ཚོགས་ཀྱི་ལམ་ལུགས་འདི་ཐོག་མ་འཛུགས་སྐབས་སྤྱི་འཐུས་མི་གྲངས་ངེས་ཅན་དེ་དག་བོད་སྤྱི་བའི་ལས་དོན་སྒྲུབ་པའི་ཆེད་དུ་བཏང་བའི་“སྤྱི”་མི་ཤ་སྟག་ལ་དམིགས་པ་རེད། འོན་ཀྱང་ད་སྐབས་གྲོས་ཚོགས་ར་བའི་ནང་གི་སྤྱི་འཐུས་རྣམས་རང་རང་གི་ཡོང་ཁུངས་དག་གི་བདེ་སྡུག་བརྗོད་མཁན་གྱི་མགྲིན་ཚབ་པ་ལྟ་བུ་ཞིག་ཡིན་བསམ་པ་ལས། ཐོག་མའི་དམིགས་ཡུལ་ལྟར་ “སྤྱི་འཐུས”་ཞིག་ཡིན་པའི་ཚོར་བ་དང་འདུ་ཤེས་དེ་བརྗེད་ཟིན་པ་རེད། བརྗེད་ངེས་རྐུན་པོ་ཆེ་འདི་རྨང་མེད་དུ་གཏོང་རྒྱུ་ནི་ད་ལྟའི་དུས་ཀྱི་ཆེས་གལ་ཆེན་གྱི་བྱ་བ་དེ་རེད།

ད་སྐབས་ཆོལ་ཁའི་སྤྱི་འཐུས་ཤིག་ཆོལ་ཁ་སོ་སོའི་མི་མང་ཁོ་ནས་འོས་འཕངས་ནས་ཡོང་བ་ཡིན་སྟབས་ཁོང་ཅག་ཆོལ་ཁ་སོ་སོའི་བདེ་སྡུག་གི་ཆེད་དུ་ཡོང་བ་ཡིན་པའི་མཐོང་ཚུལ་དང་། ཆོས་ལུགས་སྤྱི་འཐུས་ཤིག་ཆོས་རྒྱུད་སོ་སོ་ནས་ཡོང་བ་ཡིན་སྟབས་ཁོང་ཆོས་བརྒྱུད་སོ་སོའི་བདེ་སྡུག་གི་ཆེད་དུ་ཕེབས་པ་ཡིན་པའི་དགོངས་ཚུལ། དེ་བཞིན་ཡུ་རོབ་སོགས་ནས་ཡོང་བས་དེ་དང་དེའི་མི་མང་གི་བདེ་སྡུག་བཤད་པའི་ཆེད་དུ་ཡིན་པའི་བསམ་ཚུལ་བཅས་ཡོང་གི་ཡོད་པ་དེ་ནོར་འཁྲུལ་འདིའི་རྩ་བ་ཡིན་པར་སྙམ། སྤྱིར་ནོར་འཁྲུལ་དེའི་ཡོང་ཁུངས་ནི་སྤྱི་འཐུས་དེ་དག་གི་ཡོང་ཁུངས་ངེས་བཅད་བྱས་པ་དང་། རང་ཅག་གི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དེ་ངོས་མ་འཕྲོད་པར་གཡས་གཡོན་གྱི་མང་གཙོའི་ལམ་ལུགས་ཁག་ལས་དཔེ་ལེན་ཙམ་བྱས་པ་ལས་བྱུང་བར་མངོན། ནམ་ཡིན་ན་སོ་སོའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དེ་ངོས་འཕྲོད་དགོས།

གཉིས། འོས་འཕེན་ལམ་ལུགས་འགྱུར་བ་གཏོང་།

གོང་དུ་ཞུས་པའི་ནོར་འཁྲུལ་དེ་སྒྲིག་གཞིའི་ཐོག་ནས་བླངས་དོར་ཇི་དགོས་གསལ་མ་ཐུབ་པའི་སྐྱོན་ལས་བྱུང་བ་ཞིག་མ་རེད། གལ་སྲིད་ད་ལྟའི་ལམ་ལུགས་འདི་མུ་མཐུད་ནས་སོང་ན་སྤྱི་འཐུས་དེ་སྤྱི་མི་ཡིན་དགོས་པ་ལས་ཆོལ་མི་ཡིན་མི་འོས་པའི་སྐོར་ལ་སྒྲིག་གཞི་ལ་ཇི་ཙམ་འཁོད་ཀྱང་། ཇི་ཙམ་བཤད་ཀྱང་ད་ལྟ་བཞིན་ཡོང་ངེས་ལས་འགྱུར་བ་གང་ཡང་འགྲོ་མི་ཐུབ། དེས་ན་སྤྱི་འཐུས་རྣམས་ཀྱི་སེམས་སུ་རང་ཉིད་བོད་ཆོལ་ཁ་གསུམ་གྱི་སྤྱི་མི་ཡིན་པ་ལས་ཆོལ་ཁ་གཅིག་གི་སྒེར་མི་མིན་པའི་ཚོར་སྣང་འབྱུང་བའི་ཆེད་དུ་ཆོལ་ཁ་སོ་སོའི་འཐུས་མི་ལ་ཆོལ་ཁ་གཞན་གྱི་མི་མང་གིས་ཀྱང་འོས་འཕངས་ནས་འདེམས་དགོས། སྤྱི་འཐུས་གང་ཞིག་ལ་ཆོལ་ཁ་གསུམ་ཁའི་མང་ཚོགས་ཀྱིས་འོས་འཕངས་ནས་བདམས་པའི་ཚེ་རང་ཉིད་བོད་སྤྱི་བའི་ལས་དོན་སྒྲུབ་ཆེད་དུ་བསྐོས་པའི་མི་ཞིག་ཡིན་པའི་ཚོར་སྣང་འབྱུང་། དེ་བྱེད་ལུགས་ནི་སླ་མོ་ཡིན་ཏེ། ད་ལྟ་བཞིན་ཆོལ་ཁ་སོ་སོའི་འོས་མི་ཉི་ཤུ་ལས་རྩེ་བཏོག་གིས་བདམས་ན་འགྲིག་པ་རེད།

གསུམ། སྲིད་སྤྱིའི་འོས་ཆོས་ལ་འགྱུར་བ་གཏོང་།

སྤྱི་འཐུས་ནང་དུ་མི་ཡག་པོ་གཏོང་དགོས་ཞེས་ཇི་ཙམ་བཤད་ཀྱང་འགྲོ་ལུགས་དང་ལག་ལེན་རང་གི་ཐོག་ནས་འགྲོ་ས་དང་བྱེད་ས་མེད་པ་ཞིག་བཟོ་མ་ཐུབ་ན་སྟོང་བཤད་ཁོ་ན་ཡིན། དེས་ན་སེམས་སུ་མི་འཐད་པའི་སྣང་བ་ཅུང་ཟད་ཙམ་ཡང་མི་འབྱུང་བའི་ཆེད་དུ་ལམ་ལུགས་ཤིག་བསྐྲུན་དགོས་པ་ལས། སྒྲིག་གཞི་ཙམ་ལ་བརྙེས་པས་མི་ཕན་པས་དེའི་ཐོག་ལ་ཚང་མས་རིག་པ་སྒྲིམ་དགོས།

འོ་ན་ད་ལྟ་ཡོད་བཞིན་པའི་སྤྱི་བློན་སྲིད་གསུམ་གྱི་འོས་ཆོས་དག་གི་ཐོག་ཏུ་འོས་ཆོས་གསར་བ་གང་འཇོག་དགོས་ཤེ་ན། “དགེ་འདུན་པ་མ་ཡིན་པ”་ཞེས་པ་ཞིག་འཇོག་དགོས། ལར་ནས་བོད་རྒྱལ་ཁབ་ཀྱི་ལོ་རྒྱུས་ཀྱི་ཐོག་ཏུ་ཡང་མྱང་ཏིང་འཛིན་བཟང་པོ་སོགས་དགེ་འདུན་པས་སྲིད་ཀྱི་བྱ་བ་ལ་ཞུགས་མ་མྱོང་བ་མིན། འོན་ཀྱང་ད་སྐབས་དང་དེ་སྐབས་མི་འདྲ། སྤྱིར་ན་འཕགས་པའི་དགེ་འདུན་པ་ནི་ “་་་ཐལ་མོ་སྦྱར་བའི་འོས་སུ་གྱུར་བ། ཕྱག་བྱ་བའི་འོས་སུ་གྱུར་བ། བསོད་ནམས་ཀྱི་དཔལ་གྱི་ཞིང༌་་་།” ཞེས་པ་སོགས་ཡིན་དགོས་པ་ལས། སྐྱ་བོ་མི་ནག་གི་བྱ་བའི་ནང་དུ་འཛུལ་ནས་ཁྱིམ་པ་སུན་འབྱིན་གྱི་ལས་གསོག་པའི་རྒྱུ་བྱས་ན་རང་གཞན་དང་དུས་རྣམ་ཀུན་ཏུ་གནོད་པ་ཞིག་ལས་མེད། ད་ལྟའི་སྐབས་སུ་སྤྱི་བློན་སྲིད་གསུམ་གྱི་ནང་དུ་དགེ་འདུན་པས་འཚང་ཀ་ཡོད་ཀྱང་གཞུང་ཞབས་ཀྱི་ནང་དུ་ཞུགས་མཁན་དགེ་འདུན་པ་མེད་པ་འདིས་ཀྱང་སྐབས་འདི་དང་འབྲེལ་བའི་དོན་དག་མང་པོ་ཞིག་སྟོན། གཞན་ཡང་ “སྐྱ་ལམ་སེར་ལམ་ཁ་ཁ་རེད། འབྲོང་བྲེ་ལུའི་ལམ་དེ་རྫ་ལམ་རེད།” ཅེས་འཇིག་རྟེན་གྱི་ཁ་དཔེ་ལ་ཡོད་པ་བཞིན་ད་ལྟའི་ཆ་ལ་སྐྱ་སེར་གྱི་ལམ་ཁ་སོ་སོར་བྱས་པ་ཡིན་ན་ཚེ་འདི་ཕྱི་གཉིས་དང་། སྐྱ་སེར་སྒེར་སོ་སོ། ཆོས་འཇིག་རྟེན་གཉིས་བཅས་གང་ཐད་ནས་དགེ་མཚན་ཧ་ཅང་ཆེ། དགེ་འདུན་པ་ནི་རང་རེའི་སྐྱབས་གསུམ་གྱི་ཡ་གྱལ་ཞིག་ཡིན་ཞིང་། སྐྱབས་དེ་སྐྱབས་ཀྱི་གནས་སུ་བཞག་ཅིང་བཞུགས་ན་ཕྱོགས་གང་ས་ནས་དགེ་མཚན་ཆེ།

འོ་ན་དགེ་འདུན་པའི་ཆབ་སྲིད་ཀྱི་ཐོབ་ཐང་འཕྲོག་སོང་རབས་ཀྱི་རྙོག་དྲ་ལངས་སྲིད་ཀྱི་མ་རེད་དམ་དགོངས་སྲིད་ཀྱང་། དོན་ངོ་མར་བཤད་ན་དགེ་འདུན་པའི་ཚོགས་སྡེ་འདི་འཚོ་ཐབས་བྱེ་བྲག་པ་ཞིག་ཡིན་པའི་ངོས་ལེན་ཡོངས་སུ་བྱས་ན་ཁོང་ཅག་ལ་ཐོབ་ཐང་དེ་མ་སྤྲད་མི་འགྲིག་པ་བདེན་ཡང་། དེ་ལྟར་ངོས་བཞེས་མེད་པར་ཐར་བ་དང་ཐམས་ཅད་མཁྱེན་པ་དོན་དུ་གཉེར་མཁན་གྱི་ཚོགས་སྡེ་ཞིག་ཡིན་པར་དགོངས་ན་འཇིག་རྟེན་ཆགས་སྡང་གི་རྨང་གཞིར་གྱུར་བའི་སྲིད་དོན་གྱི་བྱ་བ་དེ་འདྲའི་ནང་དུ་ཞུགས་པར་འདོད་རྔམ་སྐྱེ་དགོས་དོན་གང་ཡང་མེད། སྤྱི་ཚོགས་ཀྱི་ཞབས་ཞུ་སྒྲུབ་ན་གང་དུ་ཡང་སྒྲུབ་ཆོག་ལ། ངེས་པར་དུ་གཞུང་གི་བྱ་བ་ཞིག་སྒྲུབ་འདོད་ན་ཡང་གཞུང་ཞབས་ཀྱི་ནང་དུ་ཕེབས་ན་དེ་བས་དགེ་མཚན་ཆེ།

འོ་ན་དགེ་འདུན་པ་ཡིན་མིན་ནི་སྐྱེ་བོ་གང་ཞིག་གི་རྒྱུད་ལ་དགེ་ཚུལ་སློང་གི་སྡོམ་པ་ཡོད་མེད་ལ་མཐར་གཏུགས་དགོས་པས་འདི་ལག་ལེན་དུ་སྟར་བར་ཧ་ཅང་དཀའ་མོ་མིན་ནམ་སྙམ་སྲིད། སྤྱིར་ན་བྱ་བ་ག་འདྲ་ཞིག་ཡིན་ཡང་འདུན་པ་ཡོད་ན་སྒྲུབ་མི་ཐུབ་པ་ཞིག་མི་སྲིད་པས། འཇིག་རྟེན་ཁ་དཔེར་ཡོད་པ་བཞིན། ལ་ཞིག་ཡོད་ན་ལམ་ཞིག་རྙེད་ངེས་རེད། འདིར་གུས་རང་ཉིད་ཀྱི་བསམ་ཚུལ་ཞིག་འབུལ་ན་དགེ་འདུན་པ་ཡིན་མིན་ནི་ཕྱི་ཚུལ་ཙམ་གྱིས་འབྱེད་རྒྱུ་བྱ་ཆོག གལ་སྲིད་དགེ་འདུན་པ་ཞིག་སྲིད་དོན་ལ་ཞུགས་འདོད་ནས་སངས་རྒྱས་ཀྱི་མནབས་བཟའ་ཕུད་དེ་སྐྱ་ཆས་སུ་ཞུགས་ནས་འོས་འགྲན་ལ་ཞུགས་ན་འགོག་ཐབས་མེད་ཅིང་། འདི་འདྲ་ནི་འབྱུང་བ་དཀོན་ཙམ་ཡིན་པས་སྐྱོན་ཆེན་པོ་མི་འབྱུང་།

བཞི། ཆོས་བརྒྱུད་སྤྱི་འཐུས་ཕྱིར་བསྡུ་བྱེད།

རང་རེའི་སྤྱི་འཐུས་ནི་རྒྱལ་ཁབ་གཞན་གྱི་འཐུས་མི་བཞིན་མིན་པར་། ཕར་འབུལ་མཁན་ཞིག་ཡིན་པ་ལས་ཚུར་ལེན་མཁན་ཞིག་མིན། རང་རེའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་འདི་ངེས་དགོས་པ་ཧ་ཅང་གལ་ཆེ། དེ་ཡང་ཆོལ་ཁའི་སྤྱི་འཐུས་ནི་ཆོལ་ཁའི་ངོས་ནས་སྤྱི་དོན་ལ་ཞལ་འདེབས་འབུལ་དུ་བཏང་བ་ལས་ཆོལ་ཁའི་ཆེད་དུ་ཐོབ་ཐང་ལེན་དུ་མངགས་པ་མིན། དེ་བཞིན་ཁུངས་གཞན་པའི་སྤྱི་འཐུས་དག་ཀྱང་དེ་ལྟར་ཡིན་དགོས། དེས་ན་ལར་ནས་ཆོས་ལུགས་ཀྱི་ངོས་ནས་སྲིད་དོན་ལ་འབུལ་རྒྱུ་ཞིག་ཡོང་དཀའ་ཞིང་། གལ་སྲིད་ཡོད་ན་ཡང་ཆོལ་ཁའི་ནང་དུ་མ་ཚུད་པའི་ཆོས་རྒྱུད་ཀྱི་ངོས་ནས་སྤྱི་དོན་ལ་འབུལ་རྒྱུའི་ཞལ་འདེབས་ཤིག་མེད། ཆོས་རྒྱུད་དང་ཆོལ་ཁའི་སྤྱི་འཐུས་ཀྱི་ལམ་ལུགས་འདིས་ངས་ཐོག་མར་ཞུས་པའི་ནོར་འཁྲུལ་དེ་བསྐྲུན་ཡོད་ཀྱང་། འོས་འཕེན་ལམ་ལུགས་ལ་འགྱུར་བ་བཏང་ན་ཆོལ་ཁའི་སྤྱི་འཐུས་ལམ་གྱི་སྐྱོན་ཆ་དེ་ཧ་ཅང་ཉུང་དུ་འགྲོ་ངེས་པས་མ་བཞག་ཐབས་མེད་འདི་དེ་མུར་འཇོག་ཆོག

ཕྱི་ལོ་ ༢༠༡༦ ཟླ་ ༧ ཚེས། ༡༥ ལ་ཧུན་སུར་ནས།

འབྲེལ་ཡོད་གསར་འགྱུར།

Donald Trump and Xi Jinping at a bilateral meeting. Photograph: Alex Wong/Getty Images
Mobile App

ཨ་རིའི་སྲིད་འཛིན་ཊོམ་ཕུ་མཆོག་དང་རྒྱ་ནག་གི་མགོ་ཁྲིད་ཞི་ཅིན་ཕིང་གཉིས་ཐུག་འཕྲད་གནང་།

སྐར་མ ༣༦ སྔོན་ལ།
ཕྱག་འཁྱེར་གནང་བ།
Mobile App

ཀིརྟིའི་བྱེས་པ་གྲྭ་ཚང་གི་ཆེས་མཐོའི་བོད་ཀྱི་རིག་གནས་སློབ་གཉེར་ཁང་གི་སློབ་ཐོན་པ་ ༢༢ ལ་ཕྱག་འཁྱེར་གནང་།

ཆུ་ཚོད་ ༡ སྔོན་ལ།
Because of high altitudes in the Himalayas, difficult terrain and often poor weather, the Kailash Manasarovar pilgrimage if one of the most challenging in the world [File: Purnima Shrestha/Reuters]
Mobile App

བལ་ཡུལ་གྱིས་ས་མཚམས་རྩོད་རྙོག་དང་འབྲེལ་ནས་རྒྱ་གར་གཞུང་ལ་ངོ་རྒོལ་བྱས།

ཆུ་ཚོད་ ༡ སྔོན་ལ།
རུ་སོག་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེ་མཆོག་ནས་༧གོང་ས་༧སྐྱབས་མགོན་ཆེན་པོར་མཇལ་བཅར་ཞུས་པ། རིན་པོ་ཆེའི་ངོ་དེབ་ཀྱི་སྐུ་པར། ལོ་དུས་མི་གསལ།
Mobile App

རུ་སོག་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེ་མཆོག་ནས་ལས་འཁྱུར་གནང་། 

ཆུ་ཚོད་ ༢ སྔོན་ལ།
Election Commission announced the final results of the 2026 Tibetan Parliamentarians. Photo: tibettimes 2026/5/13
Mobile App

བཙན་བྱོལ་བོད་མིའི་སྐབས་བཅོ་བརྒྱད་པའི་འདེམས་ཐོན་སྤྱི་འཐུས་ ༤༥ གསལ་བསྒྲགས་གནང་སོང་།

༢༠༢༦/༠༥/༡༣
ཁ་ལི་ཧྥོར་ནི་ཡ་མངའ་སྡེའི་ཨར་ཁ་དྷི་ཡའི་གྲོང་ཁྱེར་སྤྱི་ཁྱབ་ཨི་ལེན་ཝང་ཞེས་པའི་གསང་ཉུལ་བ་དེ་འཛིན་བཟུང་བྱས། དྲ་ལམ་གྱི་པར།
Mobile App

ཁ་ལི་ཧྥོར་ནི་ཡའི་གྲོང་ཁྱེར་གྱི་སྤྱི་ཁྱབ་རྒྱ་མོ་ཞིག་གིས་གསང་མྱུལ་བའི་ལས་ཀ་བྱས་ཏེ་འཛིན་བཟུང་བྱས།

༢༠༢༦/༠༥/༡༢

མཆན། 2

  1. རིག་གྲོལ། says:
    ལོ་ 10 སྔོན།

    ཨ་མཆོད་འཇམ་དཔལ་ཚུལ་ཁྲིམས་ཀྱིས་གསུངས་བའི་ཆོས་ལུགས་ཁག་གི་སྤྱི་མཐུས་མི་དགོས་པའི་དགོངས་ཚུལ་དེར་རྒྱབ་སྐྱོར་དང་ཆབས་ཅིག་ཁ་སྣོན་ཙམ་དུ་རང་ཉིད་ཀྱི་བསམ་ཚུལ་ཞིག་བརྗོད་འདོད་བྱུང་བ་ནི། ད་ལྟའི་འཆར་བོད་མི་མང་པོ་ཞིག་ཕྱི་རྒྱལ་ཡུལ་ལུང་མང་པོར་འཚོ་དང་བཞིན་པ་དང་དེ་དག་གི་གྲངས་འབོར་གང་ཙམ་འཕར་གྱིན་པ་སོང་། ཆོས་ལུགས་ཁག་གི་སྤྱི་མཐུས་ཕྱི་བསྡུ་ཞུས་ཏེ་ཡུལ་གྲུ་དེ་ལས་བོད་མི་གྲངས་ངེས་ཅན་ཞིག་ཚང་བའི་ཆག་རྐྱེན་ཐོག་དེ་དག་གི་སྤྱི་མཐུས་གྲངས་ཚད་སྤར་བ་དང་གསར་བསྐོ་སོགས་བྱས་ན། དེ་ནི་བོད་མི་རིགས་ཀྱི་རྩ་དོན་སླད་འཕྲལ་ཕུགས་གཉིས་གར་དགེ་ཕན་ཆེ་སྙམས།

    Reply
  2. tenzin says:
    ལོ་ 10 སྔོན།

    གནད་དོན་འདི་དག་ངོ་མ་བདེན་པ་རེད་བསམ་གྱི་འདུག རྒྱབ་སྐྱོར་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese