མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གཅུང་པོས་ཁྱིམ་རྒྱུད་ཀྱི་མཚན་སྙན་སླད་གཅེན་མོ་བསད་པ་ངོས་ལེན།

བོད་ཀྱི་དུས་བབ།
༢༠༡༦/༠༧/༢༠
Share on FacebookShare on TwitterShare on EmailShare on Whatsapp

ས་ཡེ་ར་ཛཱ་ཧཱ་སན་དང་མེ་རན་ཛཱ་ར་མ་ལིག་གིས་སྤེལ།
སྐལ་ལྡན་གྱིས་བསྒྱུར།

ཀན་དྷིལ་བྷ་ལོ་ཅ་(Qandeel Baloch)ཡི་གཅུང་པོས་ཁོ་མོ་སྐེ་བཙེར་ཏེ་དམར་གསོད་བཏང་བ་ཁས་ལེན་བྱས་རྗེས། ལྷོ་ཕྱོགས་ཨེ་ཤ་ཡའི་ཡུལ་གྲུ་དེར་མཚན་སྙན་ཆེད་དམར་གསོད་(honour killing)ཅེས་པའི་ཡིག་འབྲུ་གཉིས་པོར་བགྲོ་གླེང་གི་མེ་ལྕེའི་ཚ་རླབས་འཕྱུར་བཞིན་ཡོད། ཁོ་མོས་སྤྱི་ཚོགས་བརྒྱུད་ལམ་ཁག་ཏུ་སྤེལ་བའི་མི་འོས་པའི་བྱ་སྤྱོད་དེ་དག་གིས། རྙིང་ཞེན་ཆེ་བའི་པ་ཀི་སི་ཐན་གྱི་མི་རྣམས་སྡོད་བཟོད་མི་བདེ་བ་བཟོས་པ་མ་ཟད་འཇིགས་སྣང་སྐྱེ་དགོས་པ་བཟོས་ཡོད་པ་རེད།

གཅུང་པོ་མོཧཱ་མ་དྷ་ཝ་སིམ་(Muhammad Waseem)གྱིས་ “ངས་རང་ཁྱིམ་དུ་ཐོག་མར་ཁོ་མོར་བཟི་སྨན་སྤྲད་པ་ཡིན། དེ་རྗེས་སྐེ་བརྩིར་ཏེ་བསད་པ་ཡིན།”ཞེས་དང་། གཟའ་ཉི་མའི་ཞོགས་པ་ཉེན་རྟོག་པས་གོ་སྒྲིག་བྱས་པའི་གསར་འགོད་ལྷན་ཚོགས་ཐོག་ཁོ་པས་ “ང་ལ་འགྱོད་པ་སྤུ་ཙམ་ཡང་མེད།”ཅེས་བཤད་ཡོད།

ཀན་དྷིལ་བྷ་ལོ་ཅའི་མིང་དངོས་ལ་ཧྥ་ཛིཡ་ཨ་ཛིམ་(Fauzia Azeem)ཟེར་བ་ཡིན། ཁོ་མོ་དམར་གསོད་བཏང་བའི་གནད་དོན་དེས། པ་ཀི་སི་ཐན་གྱི་ཁ་ཆེ་བ་ཡོངས་ལ་ཡིད་ཆེས་པར་དཀའ་བའི་གཡོ་འགུལ་ཐེབས་པ་མ་ཟད། སྤྱི་ཚོགས་བརྒྱུད་ལམ་ཁག་ཏུ་ཁོ་མོར་མྱ་ངན་དང་གདུང་སེམས་ཀྱི་འབོད་སྒྲ་ཤུགས་ཆེ་སྒྲོག་བཞིན་ཡོད།

རང་ལོ་ཉེར་དྲུག་ལ་སོན་པའི་བྷ་ལོ་ཅ་ཡིས། པ་ཀི་སི་ཐན་གྱི་མི་རྣམས་ཀྱི་ཀླད་རྙིང་མཁྲེགས་བཟུང་གི་སེམས་ཁམས་འཕོ་འགྱུར་གཏོང་ཐབས་ལ་འབད་པ་བྱས་ཡོད་པ་དང་། བུད་མེད་ལ་སྡང་ཟུག་གི་ཁ་རྡུང་དང་ཚེ་སྲོག་ལ་གནོད་སྐྱོན་གྱི་སྡིགས་ར་གྲངས་ལས་འདས་པ་བྱས་ཡོད་ཀྱང་། ཁོ་མོས་ངོ་དེབ་ཐོག་དཀྲོག་རྐྱེན་བཟོ་བའི་བརྙན་འཕྲིན་དང་པར་རིས་ཁྱབ་སྤེལ་བྱེད་མཚམས་བཞག་མེད་པ་རེད།

བྷ་ལོ་ཅ་དམར་གསོད་བྱ་ཡུལ་མུལ་ཏན་ས་གནས་ཉེན་རྟོག་མགོ་དཔོན་གྱིས་“གྱོད་གཞི་དེར་ང་ཚོས་སྔོན་འགྲོའི་ཞིབ་འཇུག་བྱས་པ་བརྒྱུད་ཤེས་རྟོགས་བྱུང་བ་ནི། ཆེ་མཐོང་ཁོ་ནར་དམིགས་ཏེ་མི་གསོད་ཁྲག་སྦྱོར་གྱི་བྱ་སྤྱོད་དེ་བརྩམས་པ་ཞིག་རེད་འདུག”ཅེས་བརྗོད།

པ་ཀི་སི་ཐན་ནང་གནད་དོན་དེ་འདྲའི་འོག་ལོ་རེར་མི་གྲངས་ ༥༠༠ ལྷག་གི་ཚེ་སྲོག་ཤོར་གྱི་ཡོད་པ་དང་། ཕལ་ཆེར་ཚང་མ་བུད་མེད་རེད་ཅེས་བཤད་ཀྱང་ཆོག་པ་ཡིན། རྒྱུན་དུ་སྤྱི་ཚོགས་ཁྲོད་རང་གི་ཁྱིམ་རྒྱུད་ངོ་ཚ་ཁ་སྐྱེངས་བཟོས་པའི་ཉེས་ཆད་ལྟ་བུར་དོ་བདག་གི་ནང་མི་ཚོས་མི་གསོད་ཁྲག་སྦྱོར་གྱི་ལས་དེར་འཇུག་གི་ཡོད།

ཝ་སིམ་གྱིས་རང་ཉིད་ཀྱི་གཅེན་མོ་གསོད་དོན་ནི། ཁོ་མོའི་སྤྱི་ཚོགས་བརྒྱུད་ལམ་གྱི་བྱ་སྤྱོད་དག་ལ་བརྟེན་ནས་ཡིན་སྐོར་བརྗོད་ཡོད། ཁོ་མོས་ཁ་ཆེའི་གྲགས་ཅན་ཆོས་དཔོན་ཨབ་དྷུལ་ཁ་ཝི་(Abdul Qavi)ཡི་པང་པར་བསྡད་པའི་བརྙན་འཕྲིན་ཞིག་ངོ་དེབ་ཐོག་ཁྱབ་སྤེལ་བྱས་པ་དེ་ཡང་། རྒྱུ་རྐྱེན་དེ་དག་ཁྲོད་ཀྱི་གཅིག་ཡིན་པ་རེད། ངོ་དེབ་ཐོག་གི་རྙོག་གླེང་ཅན་གྱི་བརྙན་འཕྲིན་དེས། ཆོས་དཔོན་དེ་ཡང་ཁ་ཆེ་ཆོས་བརྒྱུད་ལྷན་ཚོགས་ནས་གནས་དབྱུང་བཏང་ཡོད་པ་རེད། ཉེ་སྔོན་བྷ་ལོ་ཅ་ཤི་བའི་རྗེས་ཆོས་དཔོན་དེས་གསར་འགོད་པར་“ངའི་ངོས་ནས་ཁོ་མོར་དགོངས་པ་དྭངས་བ་ཡིན། ད་ཆ་གནད་དོན་ཐག་གཅོད་བྱེད་རྒྱུ་དཀོན་མཆོག་གི་ཕྱག་ན་ཡོད།”ཅེས་བརྗོད་ཡོད།

མཚན་སྙན་གྱི་ཆེད་དམར་གསོད་བྱེད་པར་ཁྲིམས་སྲོལ།

བྷ་ལོ་ཅ་དམར་གསོད་ཀྱི་དོན་རྐྱེན་དེས། སླར་ཡང་པ་ཀི་སི་ཐན་གྱི་མི་མང་པོས་དམར་གསོད་བྱེད་པོར་དོ་བདག་ཁྱིམ་ཚང་གིས་གུ་ཡངས་དང་དགོངས་ཡངས་ཀྱི་གནང་བ་སྤྲོད་པ་བཀག་འགོག་གིས། ཡང་དག་པའི་ཁྲིམས་ལུགས་ལམ་སྲོལ་གཏན་འབེབས་བྱེད་དགོས་པའི་འབོད་སྒྲ་ཤུགས་ཆེར་སྒྲོག་བཞིན་ཡོད།

ཨིན་ཡིག་ཚགས་ཤོག་ཌེ་ལི་ཌོན་(Daily Dawn)གྱི་རྩོམ་སྒྲིག་པས་གཟའ་ཉི་མའི་ཉིན་“ཀན་དྷིལ་བྷ་ལོ་ཅ་དམར་གསོད་བྱས་པའི་དོན་རྐྱེན་གྱི་རྒྱབ་ལྗོངས་ལས། བུད་མེད་རྣམས་ནམ་ཡང་མགོ་བོ་འདེགས་མི་འཇུག་པའི་བརྡ་ལན་སྤྲོད་ཀྱི་ཡོད་པ་གསལ་པོ་རེད། གལ་ཏེ་བུད་མེད་ཚོས་རང་ཉིད་ཀྱི་མངོན་འདོད་སྒྲུབ་པའི་སྤོབས་པ་ཆེར་སྐྱེད་བྱས་ཚེ། སྲོག་ཀྱང་ཤོར་འགྲོ་བ་དེ་རེད།”ཅེས་དང་། “དོན་རྐྱེན་དེས་མཚན་སྙན་ཞེས་པའི་ཐ་སྙད་གོ་བ་ལོག་སྒྲུབ་ཀྱིས། བུད་མེད་ལ་སྡང་ཟུག་བྱེད་པའི་བྱ་སྤྱོད་ཐོག་ཁྲིམས་སྲོལ་བསྐྱར་ཞིབ་བྱེད་པར་སྐུལ་འདེད་ཐུབ་པ་དགོས།”ཞེས་གཏམ་ཚིག་སྤེལ་ཡོད་པ་རེད།

བྷ་ལོ་ཅ་ཡིས་རང་ཉིད་དེང་རབས་བུད་མེད་ཀྱི་ཐོབ་ཐང་རྩོད་ལེན་པར་འབོད་པ་དང་། སྤྱི་ཚོགས་བརྒྱུད་ལམ་དུ་སྙན་གྲགས་རྒྱས་པའི་གོ་སྐབས་དང་བསྟུན་ཆེད་ལས་དཔེ་སྟོན་མི་སྣ་(model)ཞིག་ཏུའང་གྱུར་ཐུབ་པ་བྱུང་ཡོད། ངོ་དེབ་ཐོག་གི་རང་ཉིད་ཀྱི་རྗེས་འཇུག་པ་མི་གྲངས་ ༧༥༨༠༠༠ རྣམས་ལ་“བུད་མེད་ཅིག་ཡིན་པའི་ཆ་ནས་ང་ཚོས་བུད་མེད་ཀྱི་ཆེད་དུ་ལང་དགོས། བུད་མེད་ཅིག་ཡིན་པའི་ཆ་ནས་ང་ཚོས་གཅིག་ཕན་གཅིག་གྲོགས་བྱེད་དགོས།”ཞེས་འབོད་སྐུལ་བྱས་ཡོད། དེ་ནི་ཁོ་མོའི་མཐའ་མཇུག་གི་འབོད་སྐུལ་དེ་རེད།

རྐྱེན་ངན་མ་བྱུང་གོང་ཁོ་མོས་རང་ཉིད་ཀྱི་ཚེ་སྲོག་ལ་ཉེན་ཁ་དང་སེམས་ཁྲལ་ཡོད་ལུགས་ནང་སྲིད་བློན་ཆེན་ལྷན་ཁང་དུ་སྙན་སེང་ཞུས་པ་མ་ཟད། སྲུང་སྐྱོབ་དགོས་པའི་རེ་སྐུལ་ཡང་ཞུས་ཡོད་པ་རེད། འོན་ཀྱང་ཁོ་མོར་སྲུང་སྐྱོབ་རོགས་རམ་ཐོབ་མེད་ལ། བློན་ཆེན་ལྷན་ཁང་ནས་དོན་གནད་དེའི་སྐོར་འགྲེལ་བརྗོད་ཀྱང་བྱས་མེད།

མི་མི་ཉུང་བ་ཞིག་གིས་བྷ་ལོ་ཅ་ནི་པ་ཀི་སི་ཐན་གྱི་རིག་གཞུང་ཉམས་རྒུད་གཏོང་བའི་ཞབས་འདྲེན་མར་ངོས་འཛིན་གྱིས། ཁོ་མོའི་འཆི་སྐྱོན་གྱི་གནད་དོན་དེར་དགའ་བསུ་བྱེད་པ་དང་། མི་མང་པོས་ཁོ་མོ་ནི་རྙིང་ཞེན་གྱི་སྤྱི་ཚོགས་ཁྲོད་ཡ་ང་བའི་བུད་མེད་ཀྱི་གནས་སྟངས་ལེགས་བཅོས་བྱེད་པའི་བསམ་རྒྱ་ཡངས་བའི་མཛངས་མར་ངོས་འཛིན་བྱེད་ཀྱི་ཡོད།

མ་རྩོམ་གྱི་འབྲེལ་ཐག http://www.reuters.com/article/us-pakistan-honourkillings-idUSKCN0ZX058

འབྲེལ་ཡོད་གསར་འགྱུར།

པར་འགྲེལ། law.asia དྲ་ཚིགས་ཀྱི་པར།
Mobile App

རྒྱ་ནག་གཞུང་གིས་ཕྱི་སྡོད་ཕྱུག་བདག་ཚོར་དངུལ་ཁྲལ་གྱི་ཉེས་ཆད་གཅོད་ཀྱིན་ཡོད་འདུག

སྐར་མ ༡༤ སྔོན་ལ།
Brahma Chellaney  is an Indian geostrategist and columnist.Photo : Sri Lanka Campaign for Peace & Justice
Mobile App

རྒྱ་ནག་གིས་ཞིབ་བཤེར་གྱི་ལག་པ་རིང་དུ་བརྐྱངས་ནས་རྒྱལ་སྤྱིའི་ལྟ་སྟངས་ལ་འགྱུར་བ་གཏོང་བཞིན་ཡོད།

ཆུ་ཚོད་ ༡༩ སྔོན་ལ།
Mobile App

ཁ་མཆུ་ཨང་ ༢༣ པའི་གཏན་འབེབས་ཀྱི་ཉན་ཞིབ་འཚོགས། 

ཆུ་ཚོད་ ༢༡ སྔོན་ལ།
Mobile App

ཨ་རིའི་གྲོས་ཚོགས་གོང་མའི་ནང་བོད་ཀྱི་མ་འོངས་འགན་སྲུང་ཁྲིམས་འཆར་ངོ་སྤྲོད་གནང་།

ཆུ་ཚོད་ ༢༣ སྔོན་ལ།
Editorials

ཤོད་མཁན་ཇེ་མང་། ཉན་མཁན་ཇེ་ཉུང་།

༢༠༢༦/༠༨/༡༡
Taiwan's President Lai Ching-te (2nd-L) and Defence Minister Wellington Koo (3rd-L) (Photo by I-Hwa Cheng / AFP via Getty Images)
Mobile App

ཐའེ་ཝན་གྱིས་དམག་ཤུགས་བསྐྱེད་ནས་རྒྱ་ནག་གི་བཙན་འཛུལ་ལ་འགོག་རྒོལ་བྱ་རྒྱུ་ཡིན་འདུག 

༢༠༢༦/༠༨/༡༡

མཆན། 1

  1. བརྩོན་རྒྱམ། says:
    ལོ་ 10 སྔོན།

    འདི་ལྟ་བུའི་རླབས་ཆེན་དཔའ་མོ་ཚོ་གཅིག་གཅིག་གཉིས་གཉིས་བྱས་ནས་ཚར་སོང་ན་ད་སུ་ཞིག་བུད་མེད་ཐོབ་ཐང་རྩོད་སྲིད་ངེས་པར་བུད་མེད་ཚོས་ངར་ཤུགས་ཆེན་པོས་མོ་ལ་རྒྱབ་སྐོར་གྱི་ངོ་རྒོལ་གནང་དགོས་པ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese