མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གསེར་རྟ་བླ་རུང་སྒར་ཛ་དྲག་གི་གནས་ལས་སྐྱོབ་རོགས།

བོད་ཀྱི་དུས་བབ།
༢༠༡༦/༠༧/༢༢
Share on FacebookShare on TwitterShare on EmailShare on Whatsapp

དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་ལྡི་ལིའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་དང་ཨ་རིའི་དོན་གཅོད་ཁང་སོགས་ལ་གསེར་རྟ་བླ་རུང་ཆོས་སྒར་བཙན་གཏོར་གྱི་གནད་དོན་དང་འབྲེལ་བའི་ཛ་དྲག་གི་འབོད་སྐུལ་ཞུས་འདུག

13814404_1034554043308687_2097973896_nཟླ་འདིའི་ཕྱི་ཚེས་ ༢༠ ཉིན་ནས་བཟུང་རྒྱ་གཞུང་གིས་བཀའ་རྒྱ་བསྒྲགས་ཏེ་གསེར་རྟ་བླ་རུང་ཆོས་སྒར་བཙན་གྱིས་གཏོར་བཤིག་གཏོང་བཞིན་ཡོད་པ་ལྟར། དེ་རིང་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་བསམ་ཡས་གླིང་ས་གནས་གཞོན་ནུ་བརྒྱུད། ལྡི་ལིར་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་དང་། ཨ་རིའི་དོན་གཅོད་ལས་ཁུངས་སུ་རྒྱ་ནག་གཞུང་གིས་གསེར་རྟ་བླ་རུང་ཆོས་སྒར་ལ་བཙན་གྱིས་གཏོར་བཤིག་ཚབས་ཆེན་གཏོང་བཞིན་ཡོད་པ་དང་། བོད་མིའི་ཆོས་དད་རང་དབང་ལ་ཚོད་འཛིན་དང་དམ་དྲག་ཤུགས་ཆེན་བྱེད་བཞིན་པའི་ཛ་དྲག་གི་གནས་བབ་ལ་འགན་ཁུར་གྱིས་གནོན་ཤུགས་སྤྲོད་དགོས་པའི་འབོད་སྐུལ་སྙན་ཞུ་ཞིག་ཕུལ་ཡོད་པ་དང་། དེ་བཞིན་ཧྥ་རན་སི་ས་གནས་གཞོན་ནུ་བརྒྱུད་དེ་ཧྥ་རན་སིའི་རྒྱལ་ས་ཕ་རི་སི་རུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནའ་ཤུལ་སྲུང་སྐྱོབ་ཁང་(UNESCO)གི་འགན་འཛིན་ཨེ་རི་ཎ་བྷོ་ཁོ་ཝ་(Irina Bokova)ལགས་ལ། རྒྱ་ནག་གཞུང་གིས་བོད་ཀྱི་ནང་པ་སངས་རྒྱས་པའི་སློབ་གཉེར་བྱ་ཡུལ་གྱི་དགོན་སྡེ་ཆེ་ཤོས་གསེར་རྟ་བླ་རུང་ཆོས་སྒར་གཏོར་བཤིག་གཏོང་བཞིན་ཡོད་པར་འགན་ཁུར་ལག་ལེན་ཡོང་བའི་འབོད་སྐུལ་སྙན་ཞུ་ཞིག་འབུལ་རྒྱུ་ཡིན་འདུག

འདི་གར་བཏང་བའི་ཛ་དྲག་འབོད་སྐུལ་ནང་། གསེར་རྟ་བླ་རུང་ཆོས་སྒར་ནི་བོད་ཀྱི་ནང་པའི་དགོན་པ་ཆེ་ཤོས་ཤིག་ཡིན་ལ། ཆོས་སྒར་དེ་མཁན་ཆེན་དམ་པ་འཇིགས་མེད་ཕུན་ཚོགས་འབྱུང་གནས་མཆོག་གིས་ཐོག་མར་ཕྱག་བཏབ་པ་དང་། ད་ལྟའི་བར་ཆོས་སྒར་དེ་ནས་ནང་པའི་མཁས་དབང་དུ་མ་ཞིག་སྐྱེད་སྲིང་གནང་ཡོད་པ་མ་ཟད། འཛམ་གླིང་གི་ས་གནས་གང་ས་ནས་ནང་ཆོས་སློབ་གཉེར་ཆེད་དུ་ཕེབས་མཁན་མང་དག་ཅིག་ཡོང་བཞིན་ཡོད་ཀྱང་། ཉེ་ཆར་རྒྱ་ནག་གཞུང་གིས་དགོན་པའི་གྲྭ་བཙུན་གྱི་གྲངས་ཚད་ཆིག་ཁྲི་འགལ་བ་ནས ༥༠༠༠ མ་གཏོགས་མེད་པ་བཟོ་རྒྱུ་དང་། དེ་བཞིན་དགོན་པའི་གྲྭ་ཤག་ཀྱང་དེ་དང་མཉམ་དུ་གཏོར་བཤིག་གཏོང་རྒྱུ་ཡིན་པའི་བཀོད་ཁྱབ་འོག ད་ལྟ་དགོན་པའི་གྲྭ་ཤག་སོགས་གཏོར་བཤིག་གཏོང་བཞིན་ཡོད་པའི་གནས་ཚུལ་དང་བརྙན་པར་སོགས་འབྱོར་གྱི་ཡོད་ལ། ནང་པའི་གྲྭ་བཙུན་ཁྲི་ཕྲག་ལྷག་གིས་སློབ་གཉེར་གནང་སའི་དགོན་ཆེན་ཞིག་ལ་གཏོར་བཤིག་ཚབས་ཆེན་གཏོང་བ་འདིས་བོད་མིའི་ཆོས་དད་རང་དབང་ལ་དམ་དྲག་དང་ཚོད་འཛིན་ཤུགས་ཆེན་བྱེད་བཞིན་པ་མཚོན་ཡོད་པ་མ་ཟད། བོད་མིའི་དད་མོས་བྱ་ཡུལ་གྱི་དགོན་པ་ཡང་རྩ་མེད་དུ་བཟོ་བཞིན་ཡོད་སྟབས། ད་ལྟ་དགོན་པའི་གྲྭ་བཙུན་དང་ས་ཕྱོགས་གང་སར་ཡོད་པའི་བོད་མི་ཚོས་བླ་རུང་ཆོས་སྒར་སྐྱོབ་ཆེད་དུ་འབོད་སྐུལ་ཞུ་སྙན་འབུལ་བ་སོགས་གནང་བཞིན་ཡོད་པ་ལྟར། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ངོས་ནས་འབྲེལ་ཡོད་ལས་ཁུངས་ཀྱིས་བོད་མིའི་ཆོས་དད་རང་དབང་དང་། ནང་ཆོས་སློབ་གཉེར་བྱ་སའི་དགོན་སྡེ་སྲུང་སྐྱོབ་ཀྱི་འགན་འཁུར་བླངས་ཏེ་ཛ་དྲག་གི་གནས་ལས་སྐྱོབ་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན་སྐོར་བཀོད་འདུག

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱ་གར་གཞུང་གིས་རྒྱ་ནག་ལ་སྐྱོན་བརྗོད་ནན་མོ་བྱས་འདུག

ཆུ་ཚོད་ ༢ སྔོན་ལ།
TT
Mobile App

ཨ་ཀྱཱ་རིན་པོ་ཆེ་མཆོག་དང་བློ་བཟང་བྱང་ཆུབ་འོད་ཟེར་མཆོག་རྣམ་གཉིས་ཀྱིས་༸གོང་ས་མཆོག་ལ་མཇལ་བཅར་ཞུས།

ཆུ་ཚོད་ ༣ སྔོན་ལ།
this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

༢༠༢༦/༠༤/༡༠
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༤/༡༠
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

༢༠༢༦/༠༤/༡༠
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩

མཆན། 2

  1. ཟླ་བ་ཚེ་བརྟན། says:
    ལོ་ 10 སྔོན།

    མཁན་པོ་ཚུལ་ཁྲིམས་བློ་གྲོས་གང་དུ་བུད་ཐལ། ནམ་རྒྱུན་ཁོང་ནི་འཛམ་གླིང་སར་ལ་ཉུལ་གྱིན་ཡོད་ནའང་གསེར་རྟ་བླ་བྲང་གི་གནས་ཚུལ་ཐད་ལ་བསམ་བློ་འདྲ་མེད་པ་ཡིན་ནམ། སྤྱིར་ན་ཁོང་ནི་ཨ་རི་དང་གང་སར་ལ་འགྲོ་གིན་ཡོད་རུང་། དེའི་ཐད་ལ་གནས་ཚུལ་གླེང་རྒྱུ་ཐད་ལ་འང་གལ་ཆེན་ནང་གི་དོན་ཆེན་ཞིག་ཡིན། དེ་བཞིན་དུ། མཁན་པོ་གསོད་དོར་ཡང་རྒྱ་ནག་གང་སར་དུ་ཆོས་ཕྱོགས་ཀྱི་བྱ་བ་བརྩོན་གྱིན་ཡོད་ལ། དེ་བཞིན་གསེར་རྟ་བླ་བྲང་གི་སླད་དུ་བསམ་བློ་འདོན་རྒྱུ་འང་གལ་ཆེན་ཞིག་མིན་ནམ།

    Reply
  2. པ་སངས་བླ་མ་ says:
    ལོ་ 10 སྔོན།

    ཐུགས་རྗེ་ཆ་བོད་ཀྱི་གཞོན་ནུ་ཧྷན་ཚོགས་། ཁ་བདེ་བོ་གླུ་འཁར་འཇམ་ད་མཐོན་ཤོག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese