མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཆོས་དབྱངས་སྐྱིད་ཨང་ལྔ་པ་ཆགས།

བོད་ཀྱི་དུས་བབ།
༢༠༡༦/༠༨/༢༠
Share on FacebookShare on TwitterShare on EmailShare on Whatsapp

བོད་པའི་བུད་མོ་ཆོས་དབྱངས་སྐྱིད་ལགས་བྷར་རྫིལ་ཨོ་རྩེད་འགྲན་ཚོགས་སྟེང་སྤྱི་ལེ་ ༢༠ ཅན་གྱི་སྐྱེས་མའི་འདུར་རྒྱུག་འགྲན་བསྡུར་ཁྲོད་ཨང་ལྔ་པ་ཐོབ།

tibettimesདོ་ནུབ་རྒྱ་གར་གྱི་མཚན་མོའི་ཆུ་ཚོད་ ༡༡།༠༠ པའི་ཐོག ལྷོ་ཨ་མི་རི་ཁའི་བྷར་རྫིལ་(Brazil)རྒྱལ་ཁབ་ཏུ་འཚོགས་བཞིན་པའི་རྒྱལ་སྤྱིའི་ཨོ་ལིམ་ཕིག་གི་རྩེད་འགྲན་སྟེང་། སྤྱི་ལེ་༢༠ ཅན་གྱི་བུད་མེད་འདུར་རྒྱུག་འགྲན་བསྡུར་ཁྲོད། རྒྱ་ནག་གི་རྩེད་འགྲན་རུ་ཁག་གི་མིང་ཐོག་ནས་མཉམ་ཞུགས་གནང་ཡོད་པའི་བོད་པའི་བུ་མོ་ཆོས་དབྱངས་སྐྱིད་ལགས་ཨང་ལྔ་པ་ཆགས་ཡོད་པ་རེད།

ཐེངས་འདིར་ཁྱོན་འགྲན་ཞུགས་གནང་མཁན་ ༦༣ ཡོད་པའི་ཁྲོད་ནས་ཨང་དང་པོ་རྒྱ་ནག་གི་བུ་མོ་ལེའུ་ཧོང་(Liu Hong)ཞུ་བ་དུས་ཡུན་(1:28:35)དང་། ཨང་གཉིས་པ་མེག་སི་ཁོའོ་བུ་མོ་ (Maria Guadalupe Gonzalez)ཞུ་བ་དུས་ཡུན་(1:28:37)། ཨང་གསུམ་པ་རྒྱ་ནག་གི་བུ་མོ་(Lu Xiuzhi)་ཞུ་བ་དུས་ཡུན་(1:28:42)། ཨང་བཞི་པ་ཨི་ཊ་ལིའི་བུ་མོ་(Antonella Palmisano)ཞུ་བ་དུས་ཡུན་(1:29:03)། ཨང་ལྔ་པ་བོད་པའི་བུ་མོ་ཆོས་དབྱངས་སྐྱིད་ལགས་དུས་ཡུན་(1:29:04)བཅས་ཆགས་ཏེ། ཨང་དང་པོ་ལེའུ་དང་ཨང་ལྔ་པ་ཆོས་དབྱངས་སྐྱིད་ཀྱི་བར་སྐར་ཆ་ ༢༩ ཙམ་གྱི་ཁྱད་པར་ཤོར་ཡོད་པ་རེད།

དེ་སྔོན་ ༢༠༡༢ ལོའི་དབྱིན་ཇུ་ལོན་ཌོན་ཨོ་རྩེད་འདུར་རྒྱུག་འགྲན་བསྡུར་ཁྲོད་ཐོག་མ་བོད་པའི་བུ་མོ་ཆོས་དབྱངས་སྐྱིད་ལགས་སུ་ཨང་གསུམ་པ་ཐོབ་པར་ངོས་འཛིན་གྱིས་ཟངས་ཀྱི་རྟགས་མ་སྤྲད་ཡོད་ཀྱང་། སྐབས་དེར་ཨང་གཉིས་པ་འཐོབ་མཁན་ར་ཤི་ཡའི་བུ་མོ་(Kaniskina)ཞུ་བ་དེས་སྨན་རྫས་བེད་སྤྱོད་བཏང་ཡོད་པའི་རྙོག་གླེང་བྱུང་སྟེ། རྗེས་ལ་ཆོས་དབྱངས་སྐྱིད་བསྐྱར་དུ་ཨང་གཉིས་པར་ངོས་འཛིན་བྱུང་ཡོད་པ་རེད། སྐབས་དེར་ཨང་གསུམ་པ་ཐོབ་མཁན་རྒྱ་མོ་(Hong Liu)ཞུ་བ་དེར་ད་ལོར་ཨང་དང་པོ་ཐོབ་ཡོད་པ་རེད།

བོད་རིགས་བུ་མོ་ཆོས་དབྱངས་སྐྱིད་ལགས་ནི། ཕྱི་ལོ་ ༡༩༩༠ ཟླ་ ༡༡ ཚེས་ ༡༡ ཉིན་ཨ་མདོ་མཚོ་སྔོན་མཚོ་བྱང་ཁུལ་འདབ་བཞི་རྫོང་ཝ་མགྱོགས་སྡེ་བ་རུ་སྐྱེས་ཤིང༌། ཁོང་མོ་ནི་རྒྱལ་སྤྱིའི་ཨོ་ལིམ་ཕིག་རྩེད་འགྲན་སྟེང་ཞུགས་མཁན་བོད་རིགས་བུ་མོ་ཐོག་མ་དེ་ཆགས་ཡོད་པ་རེད།

ཟླ་འདིའི་ཚེས་ ༢༡ ཉིན་བོད་པའི་ཕོ་གསར་སྟོབས་རྒྱལ་ལགས་ཨོ་ལིམ་ཕིག་རྩེད་འགྲན་སྟེང་རྨིད་ ༥༠༠༠ ཅན་གྱི་སྐྱེས་པའི་རྒྱང་རྒྱུག་འགྲན་བསྡུར་ཁྲོད་ཞུགས་རྒྱུ་ཡིན་འདུག

སྟོབས་རྒྱལ་ལགས་ནི་ ༡༩༩༤ ལོའི་ཟླ་ ༢ པའི་ཚེས་ ༡༦ ཉིན་ལྷ་ས་སྟག་རྩེ་རྫོང་དར་རྒྱས་ཤིང་དུ་སྐྱེས་ཤིང་། ༢༠༡༤ ལོར་ལྷོ་ཀོ་རི་ཡར་ཚོགས་པའི་ཨེ་ཤ་ཡའི་རྩེད་འགྲན་སྟེང་རྨིད་ ༥༠༠༠ ཅན་གྱི་སྐྱེས་པའི་རྒྱང་རྒྱུག་འགྲན་བསྡུར་ཁྲོད་ཨང་ ༡༢ པ་དང་། ༢༠༡༥ ལོར་རྒྱ་ནག་ཨིའུ་ཧྭན་དུ་ཚོགས་པའི་ཨེ་ཤ་ཡའི་རྒྱང་རྒྱུག་འགྲན་བསྡུར་ཁྲོད་ཨང་ ༥ པ་བཅས་ཐོབ་མྱོང་ཡོད་པ་རེད།

འབྲེལ་ཡོད་གསར་འགྱུར།

Mobile App

 མགོན་པོ་སྐྱིད་ལགས་ཀྱིས་སླར་ཡང་རང་སྲོག་བློས་གཏོང་གིས་ལས་འགུལ་སྤེལ།

ཆུ་ཚོད་ ༧ སྔོན་ལ།
ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པའི་ཡེ་ཤུའི་ལྷ་ཁང་གྲགས་ཅན་ MONTSERRAT ནས་གདན་ཞུས་གནང་ལྟར་ཆོས་ཁང་དུ་ཕེབས་ཏེ་ཆོས་ལུགས་འཆམ་མཐུན་དང་འཛམ་གླིང་ཞི་བདེའི་སྐོར་ལ་བཀའ་མོལ་ལྷུག་པོ་གནང་། ༢༠༢༥།༡༡།༠༤ པར་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་ཀྱི་ངོ་དེབ་ནས་བླངས།
Mobile App

ཀུན་བདེ་གླིང་རྟ་ཚག་རྗེ་སྤྲུལ་རིན་པོ་ཆེ་མཆོག་གིས་ཡུ་རོབ་རྒྱལ་ཁབ་ཁག་ཅིག་ནང་མཛད་འཕྲིན་སྐྱོང་བཞིན་པ།  

༢༠༢༥/༡༡/༠༥
༧ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེའི་སྐུ་ཚབ་ཞུས་ཏེ་བཀྲ་ཤིས་ལྷུན་པོའི་མཁན་པོ་གཟིག་རྒྱབ་རིན་པོ་ཆེ་མཆོག་གིས་དམངས་གཙོའི་གཟེངས་རྟགས་བཞེས་པ། ༢༠༢༥།༡༡།༤ དྲ་ལམ་གྱི་པར།
Mobile App

འདི་ལོའི་དམངས་གཙོའི་གཟེངས་རྟགས་༧ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་མཆོག་སོགས་ལ་ཕུལ།

༢༠༢༥/༡༡/༠༥
Aftab Pureval accepts congratulations following his reelection as Mayor of Cincinnati. Photo by Xiaojie Zavon
Mobile App

བོད་རིགས་ཀརྨ་ལགས་སླར་ཡང་ཨ་རིའི་སིན་སིན་ན་ཊི་གྲོང་ཁྱེར་སྤྱི་ཁྱབ་པར་བདམས་ཐོན་བྱུང་།

༢༠༢༥/༡༡/༠༥
Photo Credit: Global Peace Prayer Festival
Mobile App

འབྲུག་གི་འཛམ་གླིང་ཞི་བདེའི་སྨོན་ལམ་ཆེན་མོ་དངོས་སུ་དབུ་འཛུགས་གནང་།

༢༠༢༥/༡༡/༠༤
Setti Warren directed the Harvard Institute of Politics out of the Harvard Kennedy School since 2022. By Claire Yuan
Mobile App

སྲིད་སྐྱོང་མཆོག་གིས་ཧྭ་ཝར་ཌིའི་སྐུ་ཞབས་ཝ་རན་ལགས་འདས་གྲོངས་སུ་ཕྱིན་པར་ཐུགས་གསོ་གནང་།

༢༠༢༥/༡༡/༠༤

མཆན། 4

  1. ཨ་འབར་འཇིགས་དབང། says:
    ལོ་ 9 སྔོན།

    ༅༅། འགྲོ་དང་འགྲོ་བོད་ལ་འགྲོ། བོད་གངས་ལྗོངས་ཡུལ་ལ་འགྲོ།
    བོད་གཞེས་བྱེས་གཉིས་པོ་མཉམ་དུ་འཛོམས།
    དྲིན་མེས་པོས་གདུང་རྒྱུད་འཛིན་དུ་འགྲོ།

    ༅༅། བཀྲིས་བདེ་ལེགས་སྟོབས་རྒྱལ་ཆོས་དབྱངས་སྐྱིད་།
    འཛམ་གླིང་རྩེད་འགྲན་ཆེན་པོའི་རྩེད་ཐང་དུ།
    གངས་ཅན་བོད་ཀྱི་སྐུ་ཚབ་མཚོན་ཕེབས་པར།
    སེམས་གཏིང་ནས་བཀྲིས་བདེ་ལེགས་ཞུ།

    Reply
  2. ཨོ་རྒྱན་རྡོ་རྗེ། says:
    ལོ་ 9 སྔོན།

    བོད་པའི་བུ་མོ་ཆོས་དབྱངས་སྐྱིད་ལ་བཀྲ་ཤིས་བདེ་ལེགས་ཞུ། བོད་མི་རིགས་ཀྱི་ལ་རྒྱ་དང་སྤོབས་པ་འཁྱེར་ནས་དངོས་གནས་དྲང་གནས་ཤུགས་བསྐྱོན་སོང་། ད་ནི་ང་ཚོའི་རེ་བ་དང་སྨོན་འདུན་གཉིས་པ་སྟོབས་རྒྱལ་ལགས་སང་ཉིན་རྒྱང་རྒྱུག་འགྲན་བསྡུར་ནང་ཞུགས་དགོས་པས་ཁོང་ལ་འཕྲིན་བཅོལ་རེ་བྱེད་དགོས།

    Reply
  3. ཉི་མ་ཚེ་རིང་། says:
    ལོ་ 9 སྔོན།

    2012 ལོར་ལོན་ཊོན་དུ་ཨང་གཉིས་པ་ཐོབ་མཁན་དེ་སྨན་རྫས་བེད་སྤྱོད་བཏང་བ་ཤེས་ཏེ་ཨང་ཐོབ་ཟེགས་པ་རེད་ཟེར་བ་དེ་གནས་ཚུལ་གསར་བ་རེད། གནས་ཚུལ་དེའི་ཁུངས་གང་ཞིག་ཏུ་ཡོད་ན་ཁོ་སྤྲོད་རེ་གནང་རྒྱུ་སྐུ་མཁྱེན། གང་ལྟར་ད་རེས་ཆོས་དབྱངས་སྐྱིད་ལགས་སུ་ཨང་ལྔ་པ་ལས་མ་ཐོབ་ཀྱང་བསྔགས་བརྗོད་ཚད་མེད་ཞུ་དགོས་པ་ཞིག་རེད་བསམ་གྱིན་འདུག

    Reply
  4. དཔལ་འཇམ་བློ། says:
    ལོ་ 9 སྔོན།

    གསར་འགྱུར་རང་རེད། དུས་ལྟར་སྤེལ་འདུག་མགྱོགས་ཀིབཀའ་དྲིན་ཞུ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese