མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཡོངས་འཛིན་བོད་ཡིག་འཚོལ་བཤེར་མ་ལག་ནང་༧གོང་ས་མཆོག་དང་བོད་རང་བཙན་སྐོར་བཀག་འདུག

བོད་ཀྱི་དུས་བབ།
༢༠༡༦/༠༨/༢༨
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་ནང་གནས་སྡོད་ཧྤ་རིན་སི་རླུང་འཕྲིན་ཁང་གི་གསར་འགོད་པ་ཧལ་ཁི་སི་མི་ཐི་(Heike SCHMIDT) ལགས་ཀྱིས་སྤྱི་ཚེས་ ༢༥ ཉིན་པེ་ཅིན་ནས་བཏང་བའི་གནས་ཚུལ་ནང་བཀོད་པ་ལྟར་ན། ཡོངས་འཛིན་བོད་ཡིག་འཚོལ་བཤེར་མ་ལག་ནི་འཛམ་གླིང་ཐོག་བོད་ཡིག་གི་འཚོལ་བཤེར་མ་ལག་ཐོག་དང་པོ་དེ་ཆགས་ཡོད་པར་རྒྱ་ནག་གཞུང་གིས་བརྗོད་ཡོད་ན་ཡང་། དབྱིན་ཡིག་ཁ་ཛི་(Quartz)ཞེས་པའི་དུས་དེབ་ཁང་ཞིག་གིས་ཚོད་ལྟ་བྱས་པའི་གྲུབ་འབྲས་ལ་འཚོལ་བཤེར་མ་ལག་དེའི་ནང་རྒྱ་ནག་ལ་ཚོར་བ་རྣོན་པོར་སྟེར་བའི་མིང་ཚིག་གང་གི་ཡང་དོན་འཚོལ་ཐུབ་ཀྱི་མེད་མ་ཟད། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་༧གོང་ས་ཏྭ་ལའི་བླ་མའི་དྲྭ་རྒྱ་སོགས་ཀྱང་འཚོལ་ཐུབ་ཀྱི་མེད་པ་རེད་འདུག

494236-yongzin

ཡོངས་འཛིན་ཞེས་པ་ནི་བླ་མའམ་དགེ་རྒན་གྱི་དོན་དུ་གོ་ཞིང་། ཀྲུང་གོའི་ཞིང་ཧ་དབྱིན་ཡིག་དྲྭ་ཚིག་ནང་ངོ་སྤྲོད་འདི་ལྟར་གནང་འདུག ཡོངས་འཛིན་བོད་ཡིག་འཚོལ་བཤེར་མ་ལག་གི་དམིགས་ཡུལ་ནི་རྒྱ་ནག་ནང་གཙོ་བོ་བོད་ཡིག་གི་དྲྭ་ཚིག་ཡོངས་རྫོགས་གཅིག་བསྒྱུར་ཀྱི་སྒོ་འབྱེད་བྱེད་པའི་ལྡི་མིག་ལྟ་བུ་ཆགས་རྒྱུ་དང་བོད་མི་ཁྲི་བདུན་བརྒྱ་ལྷག་གིས་གདམས་ཀ་གཅིག་པོ་དེ་ཡིན་པར་རེད་ཅེས་བརྗོད་འདུག

རྒྱ་ནག་གི་དྲྭ་རྒྱ་འཚོལ་བཤེར་མ་ལག་པེ་ཏུག་དང་སུ་གུ་སོགས་ནང་བོད་ཡིག་མེད་ལ་གྷོ་གྷིལ་ལ་བོད་ཡིག་ཡོད་ཀྱང་འདས་པའི་ལོ་ཤས་ནང་རྒྱ་ནག་གཞུང་གིས་དྲྭ་རྒྱ་དེ་ཡོངས་སུ་སྒོ་རྒྱག་ཏུ་བཅུག་ཡོད།

ཡོངས་འཛིན་བོད་ཡིག་འཚོལ་བཤེར་མ་ལག་གི་དྲྭ་རྒྱའི་འཆར་འགོད་དེ་གྷོ་གྷིལ་དང་ཧ་ཅང་མཐུན་པ་མ་ཟད། གཙོ་བོ་གསར་འགྱུར་དང་དྲྭ་ངོས། པར་རིས་དང་བརྙན་རིས། གླུ་དབྱངས་སོགས་ཀྱང་གྷོ་གྷིལ་དང་འདྲ་མཚུངས་ཡོད་འདུག བོད་ཡིག་གི་འཚོལ་བཤེར་མ་ལག་དེ་སྤྱི་ཟླ་ ༨ པའི་ ༢༢ ཉིན་མཚོ་སྔོན་ནས་ཤར་གཏོང་བྱས་ཡོད་འདུག

ཁ་ཛི་(Quartz)ཞེས་པའི་དུས་དེབ་ཁང་གིས་བོད་ཡིག་ཤེས་པའི་མི་སྣ་ཁ་ཤས་གདན་ཞུའི་ཐོག་ཡོངས་འཛིན་བོད་ཡིག་འཚོལ་བཤེར་མ་ལག་དང་གྷོ་གྷིལ་གཉིས་མཚུངས་བསྡུར་གྱིས་ཚོད་ལྟ་བྱས་པའི་གྲུབ་འབྲས་སུ་དེ་གཉིས་ལ་ཁྱད་པར་ཧ་ཅང་ཆེན་པོ་ཡོད་པ་ཤེས་རྟོགས་ཐུབ་ཡོད། དབྱིན་ཇིའི་རྒྱལ་ས་ལོན་ཌོན་ནང་བརྟེན་གཞི་བྱས་པའི་བོད་གནས་ལྟ་ཞིབ་ཁང་(TIBET WATCH) གི་ལས་བྱེད་མི་སྣ་ཞིག་གིས་བརྗོད་པ་ལྟར་ན། ཡོངས་འཛིན་བོད་ཡིག་འཚོལ་བཤེར་དྲྭ་ངོས་སུ་བོད་རང་བཙན་ཞེས་བྲིས་ནས་འཚོལ་སྐབས་དྲྭ་ངོས་སུ་ཐོག་མར་ཤར་བ་ནི་ ༢༠༡༤ ལོའི་རྒྱ་ནག་མི་མང་ཉིན་རེའི་ཚགས་པར་《人民日报》ཐོག་བཀོད་པའི་རྩོམ་ཡིག་ཞིག་ཡིན་པ་རེད། འོན་ཀྱང་། གྷོ་གྷིལ་ནང་ཚིག་དེ་བཞིན་སྣོན་པས་དྲྭ་ངོས་སུ་བོད་མིའི་སྒྲིག་འཛུགས་ཀྱི་ཚོགས་པ་ཁག་ཁ་ཤས་ཤར་ཡོད་འདུག གཞན་ཡང་ཡོངས་འཛིན་དྲྭ་ཚིགས་ནང་༧གོང་ས་མཆོག་སྐུ་སྒེར་གྱི་དྲྭ་རྒྱ་ཡོངས་རྫོགས་འཚོལ་ཐུབ་ཀྱི་མེད་པ་དང་། གྷོ་གྷིལ་ནང་འཚོལ་ཐུབ་ཀྱི་ཡོད་པ་རེད།

པར་རིས་འཚོལ་བཤེར་དྲྭ་ངོས་སུའང་༧གོང་ས་མཆོག་གི་སྐུ་པར་གཅིག་ཀྱང་འཚོལ་ཐུབ་ཀྱི་མེད་པ་དང་གྷོ་གྷིལ་ནང་༧གོང་ས་མཆོག་གི་སྐུ་པར་གྲངས་མེད་བདེ་བླག་ངང་འཚོལ་ཐུབ་ཀྱི་ཡོད།

ཐ་ན་བོད་ཇ་ཞེས་འཚོལ་སྐབས་དྲྭ་ངོས་དེ་གཉིས་སུ་ཤར་བའི་གྲུབ་འབྲས་ལ་ཧ་ཅང་ཁྱད་པར་ཆེན་པོ་ཡོད་པ་དཔེ་ན། ཡོངས་འཛིན་ནང་མང་ཆེ་ཤོས་དེ་རྒྱ་ནག་གི་དཔོན་རིགས་ཚོས་ཇ་འཐུང་བའི་བརྙན་པར་དང་། གྷོ་གྷིལ་ནང་དེ་ལྟར་མ་ཡིན་པར་བོད་ནང་ཐོན་པའི་ཇའི་བརྙན་པར་མང་པོ་ཡོད་པ་རེད།

རྒྱ་ནག་གཞུང་གིས་ ༢༠༡༣ ལོ་ནས་ཡོངས་འཛིན་བོད་ཡིག་འཚོལ་བཤེར་མ་ལག་དེ་གསར་སྐྲུན་ལས་གཞི་མགོ་འཛུགས་གནང་། རྒྱ་ནག་གཞུང་གིས་མ་དངུལ་རྒྱ་སྒོར་ཁྲི་ ༥༧༠༠ ལྷག་ཙམ་བཏང་བའི་ལས་གཞི་དེའི་ནང་ལས་མི་ ༡༥༠ ཙམ་མཉམ་ཞུགས་དང་བརྒྱ་ཆ་ ༨༠ བོད་རིགས་ཡིན་པ་རེད།།

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

ཆུ་ཚོད་ ༢༡ སྔོན་ལ།
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡
དྷ་ས་ནས་ལྡི་ལི་བར་གྱི་ཞྭ་མོ་ནག་པོའི་གོམ་བགྲོད་ཀྱི་ལས་འགུལ་བ། ༢༠༢༦།༠༣།༣༡ དུས་བབ་ཀྱི་པར།
Mobile App

དྷ་རམ་ས་ལ་ནས་ལྡི་ལི་བར་ཞྭ་མོ་ནག་པོའི་གོམ་བགྲོད་མགོ་འཛུགས་གནང་།

༢༠༢༦/༠༣/༣༡
The new government led by Prime Minister Balendra Shah unveiled an ambitious 100-point work plan on Saturday, a signal of a break from the slow, plodding pace of past administrations. PHOTO: THE KATHMANDU POST
Mobile App

བལ་ཡུལ་གྱི་སྲིད་གཞུང་གསར་པའི་བསྒྱུར་བཅོས་དོན་ཚན་ ༡༠༠ ལག་བསྟར་བྱེད་ཀྱི་ཡོད་འདུག

༢༠༢༦/༠༣/༣༡
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་འཁྲུག་རྩོད་འཕྲལ་དུ་མཚམས་འཇོག་ཐུབ་པའི་ཐུགས་སྨོན་མཛད། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༣།༣༡
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་འཁྲུག་རྩོད་འཕྲལ་དུ་མཚམས་འཇོག་ཐུབ་པའི་ཐུགས་སྨོན་མཛད། 

༢༠༢༦/༠༣/༣༡
Mobile App

སྐབས་ ༡༧ པའི་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པ་མཇུག་སྒྲིལ་སོང་།

༢༠༢༦/༠༣/༣༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese