མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

པེ་ཅིན་གྱིས་རམ་འདེགས་བྱས་པའི་བོད་ཡིག་འཚོལ་བཤེར་མ་ལག་དེ་ཅི་ཙམ་ཡག་པོ་ཡོད་དམ།

བོད་ཀྱི་དུས་བབ།
༢༠༡༦/༠༨/༢༨
Share on FacebookShare on TwitterShare on EmailShare on Whatsapp

སྦི་སྦི་སི་ཡི་གསར་གནས།
ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།

བདུན་ཕྲག་འདིའི་ནང་བོད་ཡིག་ནང་གི་འཚོལ་བཤེར་མ་ལག་ཆེས་ཐོག་མ་འདི་འགྲེམས་སྤེལ་བྱས་ཡོད།

tibettimes
ཡོངས་འཛིན་བོད་ཡིག་འཚོལ་བཤེར་མ་ལག་དྲ་བའི་གསར་འགྱུར་སྡེ་ཚན་ནང་རྒྱ་ནག་གཞུང་འབྲེལ་གསར་འགྱུར་རིགས་སྟོན་བཞིན་ཡོད་པ།

རྒྱ་ནག་གཞུང་གི་རམ་འདེགས་འོག་འགྲེམས་སྤེལ་བྱས་པའི་ཡོངས་འཛིན་(འཚོལ་བཤེར་མ་ལག་)ནི་སྐད་ཡིག་དེའི་ནང་དུ་རྙོག་འཛིང་ཆེ་བའི་ཚིག་ཚོགས་དུ་མ་འཚོལ་བཤེར་བྱེད་ཕྱོགས་ཐད་འཚོལ་བཤེར་མ་ལག་གཞན་ལས་བཀོལ་སྤྱོད་བྱེད་སྟབས་བདེ་བ་ཡོད་ཚུལ་བརྗོད།

འོན་ཀྱང་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་ཞིག་གིས་སྦི་སྦི་སི་གསར་ཁང་ལ་བརྗོད་གསལ་ལྟར་ན། འཚོལ་བཤེར་མ་ལག་འདི་ནི་ “ རྒྱ་ནག་གཞུང་གིས་བོད་ཁྲིམས་འགལ་གྱི་དབང་སྒྱུར་བྱེད་བཞིན་པ་དེ་ཁྲིམས་མཐུན་དུ་བསྒྱུར་ཐབས་ཀྱི་དྲིལ་བསྒྲགས་གོང་མཐོར་དུ་གཏོང་བའི་སྡིངས་ཆ་” ཞིག་ཏུའང་བཀོལ་སྤྱོད་བྱེད་སྲིད་པ་ཞིག་ཆགས་ཡོད་འདུག

བོད་ནི་རྒྱ་ནག་གི་རང་སྐྱོང་མངའ་ཁུལ་ཞིག་གི་ཚུལ་དུ་འཛིན་སྐྱོང་བྱེད་བཞིན་ཡོད། པེ་ཅིན་གྱིས་ཧི་མ་ལ་ཡའི་མངའ་ཁུལ་དེའི་ཐོག་དུས་རབས་མང་པོའི་རིང་བླ་ན་མེད་པའི་དབང་ཚད་ཅིག་བཟུང་ཡོད་སྐོར་བརྗོད། དེ་ནའང་བོད་མི་མང་དག་ཅིག་གི་དད་གུས་དང་དགའ་ཞེན་ནི་བཙན་བྱོལ་དུ་ཡོད་པའི་ཆོས་ཀྱི་དབུ་འཁྲིད་ཏཱ་ལའི་བླ་མར་ཡོད་པ་རེད་ལ། ཁོང་ནི་རྒྱ་ནག་གིས་ཁ་བྲལ་རིང་ལུགས་པའི་འཇིགས་སྐུལ་ཞིག་ཏུ་ལྟ་བཞིན་ཡོད་པ་རེད།

འཛམ་གླིང་ཁྱོན་ཡོངས་སུ་ཡོད་པའི་བཙན་བྱོལ་གྱི་ཤོག་ཁག་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་རྣམས་ཀྱིས་པེ་ཅིན་གཞུང་གིས་བོད་པའི་རིག་གཞུང་དང་སྲོལ་རྒྱུན་སོགས་ལ་གཏོར་བཤིག་དང་བཙན་གནོན་བྱེད་བཞིན་ཡོད་པར་སྐྱོན་འཛུགས་བྱེད་བཞིན་ཡོད་ལ། བོད་ཀྱི་སྐད་ཡིག་དེ་ནི་བཙན་གནོན་དེའི་ཆ་ཤས་ཆེ་ཤོས་ཤིག་ཡིན་པ་རེད།

འདི་ནི་བོད་ཡིག་གི་འཚོལ་བཤེར་མ་ལག་ཐོག་མ་དེ་ཡིན་ནམ།

གྷོ་གྷིལ་(གོ་གྷིལ་ནི་རྒྱ་ནག་ནང་བཀག་ཡོད་སྟབས་བོད་ནང་དུའང་བཀག་ཡོད་པ་རེད)དང་། རྒྱ་ནག་གི་འཚོལ་བཤེར་མ་ལག་པའེ་ཏུ་གཉིས་ཀའི་ནང་དུའང་བོད་ཡིག་ཐོག་འཚོལ་བཤེར་བྱེད་ཐུབ་ཀྱི་ཡོད།

འོན་ཀྱང་། ཡོངས་འཛིན་ནི་དེ་ཉིད་ཀྱི་འབྲེལ་མཐུད་མཉེན་ཆས་ཀྱི་ཆ་ཤས་རྣམས་ཐེ་བའི་ཆ་ཡོངས་སུ་རྫོགས་པ་བོད་ཡིག་ནང་དུ་ཡོད་སྟབས། ཆ་རྐྱེན་དེ་དག་གི་ངོས་ཐད་ནས་བཤད་ན་ཡོངས་འཛིན་ཟེར་བ་དེ་དོན་དངོས་ཐོག་ནས་དང་པོ་ཆགས་ཡོད། བོད་ཡིག་གི་འཚོལ་བཤེར་མ་ལག་དེའི་མིང་ལ་ “སློབ་དཔོན་”ནམ་ཡང་ན། “དགེ་བའི་བཤེས་གཉེན་” དུ་གོ

དེས་ན་ཡོངས་འཛིན་.com འདི་དགོས་དོན་ཅི་ཞིག་ཡིན་ནམ།

རྒྱ་ནག་གི་གཞུང་གཉེར་བརྒྱུད་ལམ་ལྟར་ན་འཚོལ་བཤེར་མ་ལག་དེས་བོད་ཀྱི་སྐད་ཡིག་གོང་མཐོར་དང་བོད་ཡིག་གི་དྲ་གནས་རྣམས་ཀྱི་ཆེད་གཉེར་སྡིངས་ཆ་ཞིག་མཁོ་སྤྲོད་ཞུ་བཞིན་ཡོད་སྐོར་བརྗོད་འདུག “དེས་བོད་སྐད་རྒྱག་མཁན་གྱི་མང་ཚོགས་ཀྱི་འཕེལ་བཞིན་པའི་དགོས་མཁོ་རྣམས་དང་། བོད་ཡིག་ནང་གི་གློག་ཀླད་ཀྱི་ལས་གཞིའི་རེའུ་མིག་རྒྱ་བསྐྱེད་དང་། བོད་ཡིག་གི་གྲངས་འཛིན་ཡིག་མཛོད་བསྐྲུན་རྒྱུར་མཐུན་རྐྱེན་སྦྱོར་རྒྱུ་ཡིན་པ་རེད།” ཞེས་ལས་བྱེད་ཅིག་གིས་བརྗོད།

ཨོ་སི་ཊོ་ལི་ཡའི་བོད་མི་མང་སྤྱི་འཐུས་གདུང་འདུས་སྐྱིད་འཛོམས་ལགས་ཀྱིས། སྦི་སྦི་སི་གསར་ཁང་ལ་བརྗོད་ན། ཁོ་མོས་གསར་གཏོད་དེ་ནི་ “བོད་ཀྱི་སྐད་ཡིག་གི་བཀོལ་སྤྱོད་དར་ཁྱབ་གཏོང་ཕྱོགས་ཐད་བཟང་ཕྱོགས་ཀྱི་གོམ་སྟབས་” ཤིག་ཡིན་པར་དགའ་བསུ་ཞུ་བཞིན་ཡོད་ལ། དེ་དང་ཆབས་གཅིག་དེ་ནི་པེ་ཅིན་གྱི་ “དྲིལ་བསྒྲགས་ཀྱི་ལག་ཆ་” ཞིག་ཏུ་འགྱུར་སྲིད་པར་ཡང་དོགས་པ་ཟ་བཞིན་ཡོད་འདུག

ཨ་རིའི་ཝིར་ཇི་ནི་ཡའི་གཙུག་ལག་སློབ་ཆེན་དུ་ཡོད་པའི་རྒྱ་ནག་གི་བརྒྱུད་ལམ་ཐོག་ཆེད་ལས་མཁས་པ་ཨན་ནེ་ཀོ་ཀཱ་སི་ཡིས་ཀྱང་དེ་ནི་ “ཚན་རྩལ་གྱི་གོང་འཕེལ་ཆེན་པོ་” ཞིག་དང་ “དམ་བསྒྲགས་མེད་པའི་གནད་དོན་ཁག་འདྲི་རྩད” ཐོག་ཕན་ཐོགས་ཆེན་པོ་ཞིག་ཡོང་སྲིད་པར་འགྲེལ་བརྗོད་བྱེད། འོན་ཀྱང་ཁོ་མོས་བརྗོད་ན་དེས་རྒྱ་གཞུང་གི་ལྟ་ཚུལ་དང་མཐུན་པའི་དྲ་གནས་ཁག་གི་ཕྱོགས་སུ་ “དྲ་རྒྱའི་གནས་འཕྲིན་གྱི་འགྲོ་འོང་བསྐྱར་དུ་ཁ་བསྒྱུར་བྱེད་སྟབས་བདེ་རུ་གཏོང་གི་ཡོད་སྲིད།” ཅེས་བརྗོད་འདུག

བོད་རང་དབང་ལས་འགུལ་ཁང་གིས་བྱེད་ཐབས་དེ་ནི་སྲིད་བྱུས་ཀྱི་འཕོ་གྱུར་ཞིག་མཚོན་ཡོད་པར་བརྗོད། “ལོ་ངོ་བཅུ་ཕྲག་འགའ་ཞིག་གི་རིང་ནུས་ཤུགས་ཡོད་རྒུས་བོད་ཀྱི་སྐད་ཡིག་ལ་བཙན་གནོན་བྱས་རྗེས། ད་ཆ་རྒྱ་ནག་གིས་སྐད་ཡིག་དེར་ཕན་གྲོགས་བྱེད་པའི་མཐོང་སྣང་བསྐྲུན་རྒྱུར་དོ་ནན་བྱེད་བཞིན་ཡོད་པ་རེད།” ཅེས་མགྲིན་ཚབ་ཨ་ལི་སི་ཊར་གྱིས་སྦི་སྦི་སི་ལ་བརྗོད། ཁོས་ད་དུང་ “བོད་ནང་གི་བྱ་དངོས་ཐམས་ཅད་དང་མཚུངས་པར་སྐད་ཡིག་ཀྱང་ཆབ་སྲིད་ཀྱི་གོ་དོན་གྱིས་སྦགས་ཡོད། པེ་ཅིན་གྱིས་འཕེལ་རྒྱས་གང་རུང་ཞིག་ལ་ཆོག་མཆན་སྤྲོད་རྒྱུ་ལས་ལྡོག་སྟེ་དེ་དག་ལ་སྟངས་འཛིན་བྱ་འདོད་ཡོད་པ་རེད།” ཅེས་བརྗོད་འདུག

དེས་འཚོལ་བཤེར་གྱི་གྲུབ་འབྲས་ཅི་འདྲ་ཞིག་འདོན་གྱི་ཡོད་དམ།

Untitled
འདིར་གྷོ་གྷིལ་དང་ཡོངས་འཛིན་སྟེང་གཉིས་སྟེང་གི་ཏཱ་ལའི་བླ་མའི་སྐུ་པར་འཚོལ་བཤེར་གྱི་ཁྱད་པར་ཞིག

ཏཱ་ལའི་བླ་མའི་(ཁོང་ནི་བོད་ཀྱི་ཆོས་དང་སྔོན་ཆད་སྲིད་ཀྱི་དབུ་ཁྲིད་ཡིན་ཞིང་། ༡༩༥༠ ནང་རྒྱ་ནག་གིས་བོད་སར་དབང་སྒྱུར་བྱས་རྗེས་བོད་ནས་བྲོས་འབྱོལ་དུ་ཕེབས་)ཐ་སྙད་འཚོལ་བཤེར་སྐབས་འདྲ་པར་སྟབས་བདེ་ཞིག་མངོན་བཞིན་མཆིས།

གྷོ་གྷིལ་དང་མ་འདྲ་བར་ཡོངས་འཛིན་གྱིས་(ཏཱ་ལའི་བླ་མའི་)འདྲ་པར་གཅིག་ཁོ་ན་ལས་གསལ་སྟོན་མི་བྱེད་ཅིང་། གྷོ་གྷིལ་གྱིས་བཅུ་ཕྲག་འགའ་ཞིག་གསལ་སྟོན་བྱེད་པ་རེད།

“ང་ཚོས་དེ་སྔོན་པའེ་ཏུ་ནས་མཐོང་བ་བཞིན་དྲ་གནས་དེར་བཀོལ་སྤྱོད་ཀྱི་ཕན་ནུས་ཆེན་པོ་ཞིག་ལྡན་ནའང་། འཚོལ་བཤེར་གྱི་བྱ་བ་རྣམས་དབུས་གཞུང་གི་སྟངས་འཛིན་འོག་ཇི་ཙམ་གྱིས་མང་བ་ཚུད་ན། དེ་ཙམ་གྱིས་ཐ་སྙད་བྱེ་བྲག་པ་ཞིག་བཀག་སྡོམ་བྱེད་རྒྱུར་ལས་སླ་བ་ཡོད་པ་རེད།” ཅེས་ཀོ་ཀཱ་སི་ཡིས་སྦི་སྦི་སི་ལ་བརྗོད།

འོན་ཀྱང་གདོང་འདུས་སྐྱིད་འཛོམས་ལགས་ཀྱིས་བརྗོད་ན། རང་ཉིད་ཀྱི་སྐད་ཡིག་ནང་དུ་ཡོད་པའི་འཚོལ་བཤེར་མ་ལག་གསར་པ་དེ་ལ་ “བོད་ནང་དུ་དྲ་ཐོག་གི་ཤེས་བྱར་གོ་རྟོགས་ཟབ་མོ་ལྡན་པའི་བོད་རིགས་གཞོན་སྐྱེས་ཤེས་ཡོན་ཅན་མང་དག་ཅིག་གིས་དགའ་བསུ་ཞུས་ཡོད་པ་རེད།” ཁོ་མོས་ “འདི་ནི་རྒྱ་གཞུང་གིས་བོད་ནང་དུ་ཡོད་པའི་ཤེས་ཡོན་ལྡན་པའི་མི་སྣ་རྩེ་ཕུད་རྣམས་ཀྱི་ཡིད་དབང་འགུགས་ཐབས་བྱེད་བཞིན་པ་ཞིག་ཏུའང་ལྟ་ཆོག་པ་རེད་” ཅེས་བརྗོད། ད་དུང་ཁོང་མོས་ “ཉེ་བའི་ལོའི་ནང་བོད་ནང་གི་གཞོན་སྐྱེས་ཤེས་ཡོན་ཅན་མང་དག་ཅིག་གིས་དྲ་ཟིན་དང་། སྒྱུ་རྩལ། རོལ་དབྱངས་བཅས་བརྒྱུད་དེ་བོད་ནང་དུ་བཟུང་བའི་རྒྱ་ནག་གི་སྲིད་བྱུས་ལ་རང་རང་གི་སྐྱོན་བརྗོད་རྣམས་གསལ་སྟོན་བྱས་ཡོད།” ཅེས་བརྗོད་འདུག

བོད་ནང་དུ་དྲ་རྒྱར་འཇུག་ལམ་སྔར་བས་རྒྱ་ཆེར་འགྲོ་བཞིན་པ་དང་སྦྲགས་མངའ་ཁུལ་དེའི་སྐད་ཡིག་གི་ནང་དུ་དྲ་གནས་དང་། དྲ་ཟིན། སྤྱི་ཚོགས་བརྒྱུད་ལམ་བཅས་ཀྱི་ཁ་གྲངས་ཀྱང་རིམ་པས་འཕེལ་བཞིན་ཡོད་སྟབས། རྒྱ་ནག་གི་དབང་འཛིན་པ་ཚོས་དེ་དག་ནང་སྤེལ་བའི་ནང་དོན་རྣམས་ལ་དོ་སྣང་ཞིབ་ཚགས་བྱེད་ཤུགས་ཆེ་རུ་བཏང་ཡོད།

དྲ་གནས་གང་རུང་ཞིག་གིས་པེ་ཅིན་མི་དགའ་བའི་ནང་དོན་ཞིག་སྤེལ་ཚེ་དྲ་གནས་དེ་སྒོ་རྒྱག་པ་དང་། དེ་རིགས་སྤེལ་མཁན་དང་འབྲེལ་ཡོད་ཚང་མར་ཉེས་ཆད་དམ་ཡང་ན། བཙོན་འཇུག་བྱེད་པའི་ཉེན་ཁར་སྐྱེལ་ངེས་ཡིན་པ་སྨོས་མ་དགོས་པ་ཞིག་རེད།

རྒྱ་ནག་གིས་སྔོན་ཚུད་ནས་རྒྱུན་དུ་ ‘མེ་འགོག་གྱང་ཆེན་’(Great Firewall)ཞེས་སུ་འབོད་པ་དེ་བཀོལ་སྤྱོད་བྱེད་བཞིན་ཡོད་སྟབས། དེས་རྒྱ་ནག་གི་ཆབ་འབངས་རྣམས་པེ་ཅིན་གྱིས་མ་དགའ་བར་ངོས་འཛིན་པའམ། ཡང་ན་ཆབ་སྲིད་དང་དཔལ་འབྱོར་གྱི་དམིགས་ཡུལ་ལ་དོ་ཕོགས་གཏོང་གཞིར་ངོས་འཛིན་པའི་དྲ་གནས་རྣམས་ལ་འཇུག་རྒྱུར་འགོག་གི་ཡོད་པ་རེད།

སྒྲོམ་གཞི་དེ་འདྲ་ཞིག་གི་འོག་སྐྱེ་བོ་མང་དག་ཅིག་གིས་ཡོངས་འཛིན་ནི་རྒྱ་ནག་གི་ཆབ་འབངས་རྣམས་ཀྱིས་དྲ་རྒྱའི་སྟེང་ཅི་ཞིག་བྱེད་བཞིན་པར་ཤུགས་རྐྱེན་དང་བཀག་སྡོམ་བྱེད་ཐབས་འཕར་མ་ཞིག་གི་ཚུལ་དུ་ལྟ་བར་ཡ་མཚན་རྒྱུ་གང་ཡང་མེད་དོ།།

འབྲེལ་ཡོད་གསར་འགྱུར།

རྭ་རྒྱ་དགོན་པའི་མཁན་ཟུར་བསྟན་པ་རྒྱ་མཚོ།
Mobile App

མདོ་སྨད་རྭ་རྒྱ་དགོན་པའི་མཁན་ཟུར་བསྟན་པ་རྒྱ་མཚོ་འཛིན་བཟུང་གིས་ལོ་ལྔའི་ཁྲིམས་ཆད་བཅད་འདུག

ཆུ་ཚོད་ ༢ སྔོན་ལ།
Changpa nomads walk on a rugged path in Ladakh's Chushul valley [Tarushi Aswani/Al Jazeera]
Mobile App

རྒྱ་ནག་དཀར་གྱི་ས་མིང་བརྗེ་བསྒྱུར་རྩོད་རྙོག

ཆུ་ཚོད་ ༢༠ སྔོན་ལ།
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

ལྷོ་ཨ་ཧྥེ་རི་ཁའི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་ལ་རྡོ་སྣུམ་འབར་རྫས་འཕངས་ནས་གཏོར་སྐྱོན་བྱུང་འདུག

༢༠༢༦/༡༠/༡༥
Mobile App

རྒྱ་ནག་གི་རྒྱལ་སྲུང་ལས་དོན་སྒྲུབ་མཁན་གྱི་ཚོགས་སྡེ་ ༡༥༦ ལྷག་ནག་ཁུངས་ནང་འཇུག་དགོས།

༢༠༢༦/༡༠/༡༥
བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གཞུང་འབྲེལ་ཕྱོགས་ཕེབས་གནང་བཞིན་འདུག

༢༠༢༦/༡༠/༡༥
པར་རྩོམ་པ་པོས་མཁོ་སྤྲོད་བྱས།
Mobile App

བོད་ཀྱི་བདུན་ཕྲག་སྲུང་བརྩི་དང་དཔེ་སྟོན་སློབ་གྲྭ་དབུ་བརྙེས་པའི་དུས་དྲན་ལས་འཕྲོས་པའི་གཏམ་ཐོར་བུ།

༢༠༢༦/༡༠/༡༥

མཆན། 1

  1. བཙན་པོའི་ཨབ་ཕྲུག says:
    ལོ་ 10 སྔོན།

    ཁྱོད་ཅག་བཙན་བྱོལ་སྒྲིག་འཛུགས་ཀྱིས་ད་བར་བོད་ཡིག་ལ་བྱས་རྗེས་སྣ་གཅིག་སྟོན་རྒྱུ་མེད་པར། མི་དགོས་པའི་སྐྱོན་བརྗོད་ཁོ་ན་བྱེད། དོན་དམ་བོད་སྐད་ཡིག་གི་དགྲ་ངོ་མ་དེ་རྒྱ་མིན་པར་བཙན་བྱོལ་ནང་གི་བོད་པ་ཚོ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese